ཆང་ས་
DESCRIPTION
news paperTRANSCRIPT
གསར་འགྱུར་སྙིང་བསྡུས།
ཆང་ས་དྲ་བ་ཤར་གཏོང་།
ཕྱི་ཟླ་ ༩ ཚེས་ ༡ ཉིན་ངྷ་ས་མེག་གྷན་དུ་བོད་
སྐད་ཡིག་སྟེང་གི་ཆང་ས་དྲ་བ་དབུ་འབྱེད་བྱས།
ཉིན་དེའི་སྐུ་མགྲོན་གཙོ་བོར་སྙན་ངག་པ་བཅུད་
པར་གཡང་མཁོ་རྒྱལ་དང་ཤེས་རིག་ལས་ཁུངས་
ཀྱི་ཡིག་སྒྱུར་བ་བུད་ངྷ་སྐྱབས། སྙན་ངག་པ་
བསང་ཆུ་འབྲུག་བྷེ། གསར་འགོད་པ་ཆོས་ཉིད་
འོད་ཟེར་དང་མགུར་འབུམ་རྒྱལ་སོགས་གལ་
ཆེའི་མི་སྣ་ཁག་ཅིག་ཕེབས་པ་དང་། བཅུད་པར་
གཡང་མཁོ་རྒྱལ་ལགས་ཀྱིས་དངོས་སུ་ཆང་ས་
དྲ་བ་སྒོ་འབྱེད་གནང་ཡོད།
བཟའ་འཁོན་གྱི་ལས་རིམ།
ད་ལོའ་ིཟླ་ ༩ ཚེས་ ༢༣ ཉིན་ངེད་ཆང་ས་དྲ་བ་
དང་ངྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་རྩོད་རྙོག་
འདུམ་སྒྲིག་ཁང་གཉིས་ཀྱིས་ཡུན་རིང་ཞིབ་གྲོས་
བྱས་པ་བརྒྱུད། ད་ལྟ་དངོས་སུ་ཆང་ས་དྲ་བ་
བརྒྱུད་ནས་བཟའ་ཟླ་ནང་ཁུལ་དུ་རྒྱུན་པར་བཟའ་
འཁོན་ཙག་ཙིག་བྱུང་བའི་ཕོ་མོ་སུ་འདྲ་ཞིག་
ཡིན་རུང་བློ་འདྲི་བྱེད་ཡུལ་གྱི་ལས་རིམ་ཐོག་མ་
འགོ་བཙུགས། ད་ནས་བཟུང་བཟའ་ཟླའི་བཟའ་
འཁོན་སྐོར་ནས་ཆང་ས་དྲ་བར་ཡིག་ཐོག་ནས་
དྲི་གཏུག་བྱེད་མཁན་བྱུང་ན། ཆང་ས་དྲ་བས་
ཐོག་མར་རྩོམ་སྒྲིག་ཁང་རང་ངོས་ནས་ལན་རྒྱག་
ཐུབ་མིན་ཚོད་ལྟ་བྱ་རྒྱུ་དང་། ཆང་ས་རྩོམ་སྒྲིག་
ཁང་གིས་ལན་རྒྱག་ཁག་པའི་རིགས་ཐད་ཀར་
བོད་ཀྱི་རྩོད་རྙོག་འདུམ་འགྲིག་ཁང་ལ་བཏང་སྟེ།
འདུམ་འགྲིག་ཁང་དེ་ནས་ཡིག་ཐོག་ནས་ལམ་
སྟོན་གནང་རྒྱུའི་གྲོས་ཐག་བཅད།
འབྲུག་རྒྱལ་བོའ་ིགཉེན་སྒྲིག
ད་ལོའ་ིཟླ་ ༡༠ ཚེས་ ༡༣ ཉིན་འཛམ་གླིང་གི་
ཆེས་ལོ་ན་གཞོན་ཞིང་དགུང་ལོ་ ༣༡ ཡིན་
པའི་འབྲུག་གི་རྒྱལ་བོ་འཇིགས་མེད་གེ་སར་
རྣམ་རྒྱལ་དབང་ཕྱུག་ལགས་ཀྱིས་ཡུལ་དེའི་
ལོ་ན་ཉེར་གཅིག་ཡིན་པའི་བུ་མོ་རྗེ་བཙུན་པདྨ་
མཆོག་དང་སྲོལ་རྒྱུན་ཆོས་ལུགས་ཀྱི་ལམ་ནས་
གཉེན་སྒྲིག་གི་དགའ་སྟོན་རྟེན་འབྲེལ་བྱས། ཉིན་
དེར་རྒྱལ་བོ་དང་བཙུན་མོས་རང་གི་རྒྱལ་ཁབ་
དང་ཁྱིམ་རྒྱུད་སྲུང་སྐྱོང་མཛད་རྒྱུ་ཡིན་པར་མ་
ཟད་འབྲུག་གི་ཡུལ་མི་རྣམས་རང་གི་ཕ་མ་སྤུན་
མཆེད་དང་བུ་ཕྲུག་ལྟར་གཟིགས་སྐྱོང་མཛད་རྒྱུ་
ཡིན་པའི་ཁས་ལེན་དང་དམ་བཅའ་ཕུལ་ཡོད།
དབྱིན་ཇིའི་རྒྱལ་སྲས་ཀྱི་གཉེན་སྒྲིག
ད་ལོའ་ིཟླ་ ༤ ཚེས་ ༣༠ ཉིན་དབྱིན་ཇིའི་རྒྱལ་
སྲས་ཝེལ་ལེམ་དང་། ལྕམ་སྐུ་ཀ་ཊེ་མིས་ཌལ་
ཊོན་གཉིས་ཀྱིས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་
ཝེ་སི་ཝེ་མིན་སིཏར་ཞེས་པའི་ཡེ་ཤ ་ལྷ་ཁང་ཞིག་
དུ་གཉེན་སྒྲིག་བྱས། གཉེན་སྟོན་མཛད་སྒོ་དེའི་
སྟེང་འཛམ་གླིང་ཡུལ་གྲུ་གང་ས་ནས་གནད་ཡོད་
སྐུ་མགྲོན་ ༡༩༠༠ ལྷག་ཕེབས་ཡོད་པའི་ཁྲོད།
ཨོ་སི་ཊི་ལི་ཡའི་སྲིད་བློན་དང་དབྱིན་ཇིའི་སྲིད་
བློན་སོགས་གཙོས་རྒྱལ་ཁབ་འདྲ་མིན་གྱི་མཐོ་
རིམ་དཔོན་རིགས་ ༥༠ ཙམ་ཕེབས་ཡོད་པར་
མ་ཟད། འཛམ་གླིང་གི་རྒྱལ་བོའ་ིརིགས་རྒྱུད་
ཀྱི་མི་སྣ་མང་པོ་ཞིག་ཀྱང་ཆེད་དུ་མགྲོན་འབོད་
བྱས་ཡོད་འདུག གཉེན་སྟོན་གྱི་ཉིན་དེར་དབྱིན་
ཇིའི་རྒྱལ་ས་ལོན་ཌོན་གྲོང་ཁྱེར་ནང་རྒྱལ་ཁབ་
ཕྱི་ནང་གི་ལྟ་སྐོར་བ་དྲུག་འབུམ་ ༦༠༠༠༠༠ ལྷག་
འདུ་འཛོམས་བྱུང་ཡོད་འདུག
གསར་རིན་ཧིན་སྒོར།བོད་ཀྱི་སྐད་ཡིག་ཐོག་གི་ <<ཆང་ས་>> དྲ་ཤོག་ཐོག་མ། ཕྱི་ལོ་ ༢༠༡༢ ལོའ་ིཟླ་ ༡ ཚེས་ ༡ ། འདོན་ཐེངས་དང་པོ། ༥ཤེས་རབ་དར་རྒྱས་དང་འབུམ་མཚོ་རྣམ་གཉིས་ལ་བཅར་འདྲི་བྱས་པ། ཤོག་ངོས་ ༣ དང་ ༦ གཟིགས།
www.changsa.net
ཚགས་པར་མདུན་ངོས་ཀྱི་འདྲ་པར་སྟེང་
གི་བུ་མོ་འདི་ནི་ངྷ་སར་གནས་སྡོད་བྱེད་
ཀྱིན་པའི་བུ་མོ་གཡང་མོ་མཚོ་ཡིན།
ཤོག་ངོས་གཉིས་པ།
ནམ་རྒྱུན་བོད་ཀྱི་སྙུག་ཐོགས་པ་ཚོས་སྐད་ཆ་བཤད་དུས་རྒྱ་ཆེ་ས་ཆེ་ས་ཞིག་ནས་
མར་མར་བཤད་ཀི་རེད་དེ། ང་ནི་དེ་ལ་མ་གོམས་པ་ཞིག་འདུག ངས་ནི་རྒྱ་ཆུང་ས་
ཆུང་ས་དང་ཁ་ཐོག་མིག་ཐོག ཡང་ན་ལག་ལེན་དུ་བསྟར་ཐུབ་ས་དག་ནས་ཡར་ཡར་
བཤད་ན་བཟང་གི་འདོད། དེར་བརྟེན་དོན་དག་ཆུང་ཙག་འགའ་བཤད།
<<ཆང་ས་>> དྲ་ཤོག་གང་ཡིན་རུང་ལམ་ལ་བུད་མ་ཐག་ཡིན་ལ་ད་དུང་མནར་
ཡང་སོན་མེད་པས་བསྒྲུབས་ཟིན་པའི་ལས་དོན་ལས་ཀྱང་བསྒྲུབ་རྒྱུར་ལྷག་པའི་བྱ་བ་
མང་བོ་གཞུག་ན་ཡོད། འདི་མནར་མ་སོན་པའི་བྱིས་པ་ཞིག་ལ་དཔེ་བླངས་ཏེ་བཤད་
ན་ད་དུང་ཀྱག་ཀྱོག་དང་དཀའ་ཚེགས་ཆེ་བའི་བགྲོད་ལམ་མང་བོ་བརྒྱུད་དགོས། དེར་
བརྟེན། <<ཆང་ས་>> དྲ་ཤོག་གིས་ལམ་སང་གྲུབ་འབྲས་ཆེན་པོ་ཆེན་པོ་ཞིག་ལ་རེ་
བཞིན་མེད་པར། གཞི་རྐང་བརྟན་པོ་ཞིག་དང་གོམ་ཁ་དད་མོ་ཞིག་སྤོ་འདོད་ཡོད་ཟེར་
ན་ཆོག
<<ཆང་ས་>> དྲ་ཤོག་གི་དམིགས་འདུན་ཆེ་ཤོས་ནི་བོད་ཀྱི་སྐད་ཡིག་འདི་བཞིན་
མར་མང་ཚོགས་དཀྱུས་མའི་སེམས་ངོར་བབ་སྟེ། བོད་ཀྱི་མི་སྡེའི་སྤྱི་ཚོགས་ལ་ཚུར་
ཞབས་ཕྱི་བསྒྲུབ་པ་དང་། བོད་ཀྱི་མི་སྡེའི་སྤྱི་ཚོགས་ཀྱིས་རྒན་མགོ་དཀར་ནས་གཞོན་
སོ་དཀར་ཚུན་ཆད་ཀྱིས་བོད་ཀྱི་སྐད་ཡིག་ཕར་བཀོལ་སྤྱོད་བྱེད་ཐུབ་པའི་ཉིན་མོ་ཞིག་
ཡོང་རྒྱུ་དེ་རེད། མི་སྡེའི་སྤྱི་ཚོགས་གང་འདྲ་ཞིག་ཡིན་རུང་མི་སྡེའི་སྤྱི་ཚོགས་ལ་ཚང་
དགོས་པའི་གྲུབ་ཆ་མང་བོ་ཞིག་ཚང་དགོས་ལ། ང་ཚོའི་བོད་ཀྱི་སྤྱི་ཚོགས་ཀྱང་དེ་ལྟར་
ཡིན་པས་ན། <<ཆང་ས་>> ནི་བོད་ཀྱི་མི་སྡེའི་སྤྱི་ཚོགས་སུ་ད་བར་ལྷག་ལུས་སུ་སོང་
བའི་གྲུབ་ཆ་གཅིག་ཡིན་པར་འདོད།
ལྷག་པར་དུ་ <<ཆང་ས་>> དྲ་ཤོག་གིས་བོད་ཀྱི་སྙུག་ཐོགས་པར་འདི་ལྟར་ཞུ་
འདོད་དེ། མི་རིགས་གཞན་དང་གཞན་སའི་གོ་ལའི་སྟེང་ནས་ཡར་འཕུར་མར་འབབ་
སྔ་མོ་ནས་བྱས་ཟིན་པའི་མི་ཚད། ད་ནི་རྒྱུ་སྐར་གཞན་དང་གཞན་གྱི་སྟེང་དུའང་འཕུར་
དང་འཕུར་བཞིན་པ་ཡིན་མོད། ང་ཚོས་དེ་དག་གི་རྗེས་མི་ཆོད་ན་འགྲིག་གི མི་རིགས་
གཞན་དང་གཞན་གྱིས་དུས་རབས་འདི་བརྡ་འཕྲིན་དུས་རབས་ལ་བསྒྱུར་ནས་མིའི་ཀླད་
ཁམས་མ་ལག་ཚང་བའི་ལྟད་མོ་ངོ་མཚར་བ་མང་བོ་འདོད་པའི་ལོངས་སྤྱོད་དུ་བསྟར་
དང་བསྟར་བཞིན་པ་འདི་རེད་མོད། ང་ཚོས་དེ་དག་གི་རྗེས་ཀྱང་མ་ཟིན་ན་འགྲིག་གི
འོན་ཀྱང་། ང་ཚོས་གཞན་གྱི་གཞུག་མི་ཆོད་ཀྱང་གཞན་དང་མཉམ་དུ་འགྲོ་མི་
ཐུབ་པ་འདི་ཅི་ཡིས་ཕོངས་ཨང་། ང་ཚོས་ཆེན་པོ་ཆེན་པོ་མི་བཤད། ཆུང་ཆུང་ཆུང་
ཆུང་བཤད། དཔེར་ན། བོད་ཀྱི་མི་སྡེའི་སྤྱི་ཚོགས་ཀྱི་བུད་མེད་ཚང་མ་མཛེས་མ་དང་
སྙིང་དུ་སྡུག་པ་མིན་རུང་། མིའི་སེམས་གཤིས་ཀྱི་དབང་གིས་བོད་ཀྱི་བུད་མེད་ཚོས་
ཀྱང་གཞན་གྱི་བུད་མེད་ལྟར་མཛེས་སྤྲས་བྱེད་དགོས་ལ། གདོང་ལ་བྱུགས་རྒྱུའི་སྐག་
ཚོས་སྣ་ཚོགས་དགོས་མོད། ང་ཚོས་བོད་ཀྱི་སྐད་ཡིག་གི་སྟེང་ནས་བུད་མེད་ཚོར་
སྐག་འཚོས་ཅི་ཞིག་བྱུག་ན་བཟང་བ་དང་། ཅི་ཞིག་བྱུག་ན་མི་བཟང་བ། གདོང་ལ་ཉི་
འོད་ཕོག་དུས་ཅི་ཞིག་ལ་འཛེམ་དགོས་པ་དང་མཚན་མོར་སྐག་ཚོས་ཅི་ཞིག་བྱུག་ན་
བཞིན་མདངས་མི་བརླགས་པ་ལྟ་བུའི་ཤེས་བྱ་ཞིག་ཀྱང་སྤྲོད་ཐུབ་ཀྱི་མི་འདུག དེ་ཡང་
བོད་ཀྱི་མི་སྡེའི་སྤྱི་ཚོགས་ཀྱི་སྟོང་ཆ་དང་བོད་ཀྱི་སྐད་ཡིག་སྟེང་གི་འཐུས་སྒོ་མ་ཚང་
བའི་ཕྱོགས་རེད། དཔེ་མཚོན་འདི་ལྟ་བུ་གང་མང་མང་ཡིན་པ་ཤེས་གསལ་རེད།
ལོ་འདི་ཚོར་བོད་གཞིས་སུ་འཛམ་གླིང་གི་བྱིས་སྒྲུང་གྲགས་ཅན་ནས་ནུབ་ཕྱོགས་
ཀྱི་བརྩམས་ཆོས་སྣ་ཚོགས། མི་སྣ་གྲགས་ཅན་དང་ལོ་རྒྱུས་སྣ་ཚོགས་ཚུར་བོད་བསྒྱུར་
བྱས་དང་བྱེད་ཀྱིན་པ་རེད་ལ། དེ་ནི་ཚུར་ལེན་རིགས་ཤིག་ཡིན་པས་དགའ་བ་ལ་ཚད་
ཅིག་མི་འདུག་མོད། དུས་སྐབས་འདི་ལྟ་བུ་ཞིག་ཏུ་བོད་བྱེས་སུ་བོད་ཀྱི་རིག་གནས་
ཐམས་ཅད་ཀྱི་ཉིང་བཅུད་ཡང་བཅུད་དེ། སངས་རྒྱས་ཀྱི་བཀའ་དང་བསྟན་འགྱུར་ཡང་
ཕར་ཕྱི་སྐད་དུ་བསྒྱུར་རྒྱུར་མགོ་བརྩམས་ཟིན་པ་འདི་རེད། ཡིན་ནའང་། དེའི་ཆེད་དུ་
སྡུག་སྐད་ཤོར་བའི་སྙུག་ཐོགས་པ་ཉུང་ཉུང་ཡིན་ཚོད་རེད་ལ། ད་དུང་བྱེས་ཀྱི་བོད་ཡིག་
གི་དྲ་རྒྱ་ཁག་ན་མདུང་ཁ་ནང་བསྐོར་གྱི་རྩོམ་ཡིག་དང་ཀློག་མཆན་ཆར་བ་འབབ་འབབ་
བྱེད་ཀྱིན་འདུག་པས་སྐྱོ་བ་ལའང་ཚད་ཅིག་མི་འདུག
དེར་བརྟེན། ང་ཚོ་ཆེན་པོ་ཆེན་པོ་མི་བཤད། ཆུང་ཆུང་ཆུང་ཆུང་བཤད། ལྷག་པར་
དུ་བོད་ཀྱི་སྐད་ཡིག་གི་སྟོང་ཆའི་སྐོར་ནས་བཤད་དུས་བོད་ཀྱི་སྐད་ཡིག་སྟེང་སྐབས་
རེར་མིག་ཆུ་དབང་མེད་དུ་ཤོར་འགྲོ་བ་དང་། ལན་རེར་བགད་ནས་རྒྱུ་མ་ཉོག་འགྲོ་
བ། མཚམས་རེར་ཁྲོ་ནས་སྙིང་ཡང་ཁ་རུ་ལྡིང་ལ་ཁད་བྱེད་པའི་འཁྲབ་གཞུང་གྲགས་
ཅན་ཞིག་ཀྱང་ཡོད་དམ། མ་མཐར་ཡང་ཀློག་མཁན་མཐོ་དམན་མེད་པར་སུས་ཀློག་
ཀྱང་ཚིག་སྙན་པ་དང་ཡིད་སེམས་འཕྲོག་པ། ཚིག་གི་བརྗོད་པ་བདེ་ཞིང་དངོས་ཡོད་
སྤྱི་ཚོགས་འཚོ་བའི་ནང་སྙིང་མཚོན་པའི་བརྩམས་ཆོས་ཤིག་ཀྱང་མེད་པས་ན། འདི་
དང་འདི་ལྟ་བུའི་ཕྱོགས་ལ་འབད་རྒྱུ་ནི་སྙུག་ཐོགས་པ་རེ་རེ་བཞིན་གྱིས་འགན་ཡིན་
པར་བདག་འདོད་དོ། །
འདི་ལྟར་ཕྱོགས་སྣ་སྒོར་མོ་ནས་བོད་ཀྱི་སྐད་ཡིག་འདི་བཞིན་འཐུས་སྒོ་ཇེ་ཚང་
དང་སྤུས་ཇེ་དག་ཏུ་བཏང་སྟེ། བོད་ཀྱི་མི་སྡེའི་སྤྱི་ཚོགས་ཀྱི་སྣ་མང་རིག་གནས་ཀྱི་
རྨང་ཐག་ལ་འཇུ་ཐུབ་སོང་ན། དུས་དེ་ནི་བོད་ཀྱི་སྐད་ཡིག་གི་བསྟན་པ་དར་སོང་
བས་སོ། །དུས་དེ་ནི་བོད་ཀྱི་སྐད་ཡིག་གི་རླུང་རྟ་རྒྱས་སོང་བས་སོ། །
རྩོམ་སྒྲིག་པའི་གཏམ།
བོད་ཀྱི་སྙུག་ཐོགས་པ་ཚོས་ཉོན་ཨ། ༄༅། །མཁྱེན་དཔྱོད་ཡངས་པའི་ཆང་ས་
དྲ་བའི་འགན་འཛིན་མཆོག་དང་ལས་རོགས་
ཡོངས་ཀྱི་སྙན་ལམ་དུ།
ཆེད་གསོལ།
ད་སྔ་བོད་མི་སུ་གང་གི་སེམས་
ཁོང་དུ་མེད་པའི་དྲ་ཚིགས་ཤིག་བཟོ་བསྐྲུན་
གནང་ནས་རང་མི་རིགས་ལ་ཞབས་འདེགས་
དང་། རང་རིགས་སྤྱི་ཚོགས་ལ་ཞབས་ཕྱི་
བསྒྲུབ་པའི་རྣམ་གྲངས་གསར་བ་ཞིག་གི་
འགོ་བརྩམས་པར་སྙིང་ནས་བཀའ་དྲིན་ཆེ་ཞུ་
བ་དང་། འདི་ཁྱེད་རྩོམ་སྒྲིག་པས་གསུངས་པ་
ཇི་ལྟར་ལྷག་ལུས་སུ་སོང་བའི་སྟོང་ཆ་ཆེན་པོ་
ཞིག་བསྐངས་འདུག་པས་འཚམས་འདྲི་གྲངས་
ལས་འདས་པ་ཡོད།
དཀོན་མཆོག་བོད་རང་བཙན་ནས།
ཕྱི་ལོ་ ༢༠༡༡ ལོའ་ིཟླ་ ༩ ཚེས་ ༡༧ ཉིན།
ང་ནམ་རྒྱུན་ངོ་བསྟོད་བྱེད་རྒྱུར་གཏན་ནས་
མི་དགའ་མོད། ཆང་ས་དྲ་བའི་དམིགས་འདུན་
དང་ཇུས་འགོད་དག་མཐོང་དུས་སྐད་ཆ་འགའ་
ཤོར་སོང་བ་ཁྱེད་དྲ་བའི་འཐེན་ཤ གས་ཡིན་པ་
ལས། གང་ལའང་ཡ་ལེགས་སོ། །ཡིན་ལེགས་
སོ་ཟེར་བའི་གཤིས་བཟང་ཞིག་ང་ལ་ཡོད་པ་
གང་ནས་ཡིན་ཏེ་མིན།
ཁྱེད་ཅག་གི་དམིགས་འདུན་མོད་པོ་དང་
རེ་བ་གསོན་པོ་དག་གིས། བོད་སྐད་ཡིག་འཆི་
གསོན་གྱི་སྲོག་དབུགས་བསྲིང་ཐབས་སོགས་
ལ་ཁ་གཏད་ནས་ལངས་ཕྱོགས་གསར་བ་ཞིག་
དང་བྱེད་ཐབས་སྣ་མང་ཅན་དུ་བསྒྱུར་བ་ནི་དོན་
དངོས་དང་མཐུན་པ་ཞིག་ཡིན་པས་སེམས་
གཏིང་ནས་དགའ་ནི་ཡིན།
ཚེ་དབང་རིག་འཛིན།
སྐྱིད་པའི་ཕ་ས་ཕ་ཡུལ་དང་། དགའ་བའི་
ཕ་མ་སྤུན་མཆེད། མཛའ་བའི་རིགས་མཐུན་
ན་མཉམ་བཅས་དང་ཁ་བྲལ་ཏེ། ས་སྒང་རིལ་
མོ་འདིའི་ཕྱོགས་ངོས་གང་སར་རྒྱུན་ཐག་ཆད་
པའི་ཕྲེང་རྡོག་ལྟར་འཐོར་བའི་ད་ལྟའི་བོད་པ་
ཚང་གི་ཁ་སྟབས་སྐྱོ་བོ་འདིའི་གནས་སྟངས་
འོག ཁྲ་ཆུང་མིག་གི་ལྟ་དང་ཡ་ཆུང་སེམས་
ཀྱི་གླན་ས་ཡིན་པའི་འུ་ཅག་བོད་པ་ཚང་གི་
གཅེས་ལོ་དམར་ལོ་ཚོའི་ཕ་སྐད་ཀྱི་མགྲིན་
ངག་འགག་པར་མ་ཟད། ཤ་ཁྲག་རུས་པའི་
གདུང་རྒྱུད་འཐོར་བཞིན་པའི་རྒུད་པའི་གོམས་
སྟབས་འདི་ཇེ་དལ་དུ་གཏོང་ཐབས་ལ་རེ་བའི་
དམིགས་ཏེ། འཛམ་གླིང་ཡུལ་གྲུ་གང་སར་
ཁ་འཐོར་དགུ་འཐོར་དུ་སྡོད་པའི་བོད་རིགས་
གཞོན་སྐྱེས་རྣམས་ལ། དུས་རབས་གསར་
བའི་བརྡ་འཕྲིན་འཇིག་རྟེན་གྱི་གོམས་འགྲོས་
འདི་སྤྱད་ནས་བོད་རང་གི་རྩམ་དྲི་དང་མར་
དྲི་ཐུལ་བའི་ཁྱིམ་གཞིས་སྣུམ་པོ་ཞིག་འཚོལ་
བར། མ་སྐུལ་ངལ་བ་དང་ལེན་གྱི་སྒོ་ནས་
༼ཆང་ས་དྲ་བ ༽འདི་གསར་དུ་སྒོ་འབྱེད་བྱས་
པར་རྟེན་འབྲེལ་ཞུ།
ཚེ་རིང་རྒྱལ་ནས།
ཨ་རིག་འགྱུར་མེད་ལགས། ཁྱེད་ཀྱི་ཆང་
སའི་དྲ་རྒྱ་ལ་རྟེན་འབྲེལ་ཞུ། ཁྱེད་ཚོའི་དྲ་རྒྱ་
དེའི་ནང་ལ་རྩེད་རིགས་ཀྱི་ཕྱོགས་ཤིག་བཞག་
ཡོད་པ་དེ་ཧ་ཅང་དགའ་སོང་།
ཐ་ཧྭར་སྐལ་བཟང་།
ཆང་ས་དྲ་བའི་སྐུ་ཚེ་ཡུན་རིང་བརྟན་ཞིང་
མཛད་འཕྲིན་ཡར་ངོའ་ིཟླ་ལྟར་རྒྱས་པའི་སྨོན་
འདུན་ཞུ།
པདྨ་མཚོ།
ད་ནི་བོད་ཀྱི་སྤྱི་ཚོགས་ཆུང་ཆུང་འདིར་
རིག་རྒྱུ་གོ་རྒྱུ་ཇེ་མང་ནས་ཇེ་མང་རེད། ལྷག་
ཏུ་གནས་ཚུལ་འདི་ལྟ་བུ་ནི་སྔོན་དུ་སྐྱོད་ཀིན་
པའི་ཚུགས་ཀ་ཞིག་རེད་འདོད། དེ་བས་ཀྱང་
དྲ་བའི་རིག་གནས་ཟེར་བ་འདི་བོད་སྐད་ཡིག་
གི་ཁྲོད་དུ་རྒྱུག་ཇེ་ཆེ་ནས་ཇེ་ཆེ་ཡིན་པ་མཐོང་
གི་མི་འདུག་གམ། བོད་ཕྱི་ནང་གཉིས་ཀྱི་ཟིན་
བྲིས་པ་སྐོར་ཞིག་གིས་བོད་ཡིག་གི་དྲ་ཚིགས་
རེ་འགར་འཛུལ་བ་ཙམ་དང་ཟིན་བྲིས་རེ་འགའ་
བྲིས་པ་ཙམ་གྱིས་དྲ་བའི་རིག་གནས་ཟེར་
ནས་ནམ་ལངས་ཉི་ཤར་ལ་ཐ་སྙད་འདི་ཁ་ནས་
འདོར་མི་ཐུབ་པ་ལྟ་བུ་བྱེད་ཀྱིན་འདུག
ཡིན་ཡང་དྲ་ཚིགས་རེ ་འགའ་འཛུལ་
བ་དང་ཟིན་བྲིས་མང་པོ་ཞིག་སྤེལ་བ་ཙམ་
གྱིས་དྲ་བའི་རིག་གནས་ཟེར་བ་མཚོན་ཐུབ་
པ་རེད་དམ། ཡང་ན་ཤེས་སོང་བ་རེད་དམ།
དབྱིན་སྐད་ལ་ཟེར་བ་དེ་ཧ་ཅང་སྣ་མང་ཅན་
གྱི་རིག་གནས་ཤིག་སྟེ་དྲ་བའི་ལམ་ནས་མི་
དང་མའི་བར་དང་སྤྱི་ཚོགས་དང་སྤྱི་ཚོགས་
ཀྱི་བར་དུ་འབུར་དུ་བཏོན་དང་འདོན་བཞིན་
པའི་སྤྱི་ཚོགས་ཞབས་ཞུའི་༼རིག་ཚན༽
ནམ་རིག་གནས་སྣ་མང་ལ་ཞབས་ཞུ་བྱེད་
པའི་སྤྱི་མིང་ཞིག་ཏུ་གྲུབ་ཡོད།
དེར་བརྟེན་ཟིན་བྲིས་རེ་འགའ་བྲིས་ཏེ་དྲ་
བའི་རིག་གནས་རློམ་པ་ལས་དྲ་ཚིགས་འདི་
འདྲ་སྤེལ་ཏེ་བོད་སྐད་ཡིག་གི་གནས་མལ་
ཆེ་རུ་གཏོང་བཞིན་དྲ་བའི་རིག་གནས་ལ་ཁ་
ཕྱོགས་ཀྱིན་ཡོད་ཚུལ་གླེང་ན་བདེན་གཏམ་
དུ་འདོད། དེ་བས་༼ཆང་ས་དྲ་བ༽ལེགས་
འགྲུབ་བྱུང་བར་རྟེན་འབྲེལ་དང་རྩོམ་སྒྲིག་པ་
དག་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཨ་རིག་
འགྱུར་མེད་ལགས་ཀྱིས་དྲ་བ་འདིའི་སྔོན་གི་
༼གཞོན་ནུའི་འགྱུར་ཁུགས༽དང་བསྡུར་ན་དྲ་
བའི་བཟོ་བཀོད་ཀྱི་ཕྱོགས་ནས་ཀྱང་ལེགས་
པོ་འདུག དེ་མིན་ནུབ་ཕྱོགས་ཀྱི་དྲ་ཚིགས་
སུ་བཟའ་ཚང་བཙལ་ས་ཟེར་བ་དང་། བརྩེ་
དུང་བཙལ་ས་ཟེར་བ་སོགས་དང་། དེ་མིན་
བརྙན་འཕྲིན་ལམ་ནས་བཟའ་འདུམ་གནང་
ཐབས་སོགས་ཀྱི་སྐོར་ལ་གཟིགས་གནང་
ན་ཁྱེད་ཅག་ལ་མཁོ་བའི་ཤེས་བྱ་མི་ཉུང་བ་
ཞིག་རེག་པའི་རེ་བ་ཡོད། གཞན་རྩོམ་རིག་
ཟེར་བའི་སྡེ་ཚན་དེའི་ཁྲོད་དུ་དམིགས་བསལ་
ཁྱིམ་ཚང་སྐྱོང་སྟངས་དང་བརྩེ་དུང་གསོ་སྐྱོང་
བྱེད་སྟངས་སྐོར་གྱི་ཆེད་མཁས་པ་སོགས་ཀྱི་
རྩོམ་ཡིག
དཔེར་ན་ << why wen want sex
and women need love>> ཞེས་
པས་མཚོན་གྲགས་ཅན་རྩོམ་མཁན་ཨ་ལན་
དང་བྷར་བྷ་ར་ཁྱོ་ཤ ག་གཉིས་ཀྱི་དཔེ་དེབ་
དག་དང་། གཞན་ཆེད་མཁས་པའི་རྩོམ་མང་
པོ་བྱུང་ན་ཡག་པོ་འདུག་བསམ་བྱུང་། སྤྱིར་
ང་རང་ཉིད་ཀྱིས་ཅི་ཡང་མི་འཇོན་པར་སྐད་ཆ་
ཉ་གེ་ཉོག་གེ་མང་པོ་བཤད་ན་ལན་པོ་རང་མི་
འདུག་ཀྱང་རྒྱབ་སྐྱོར་གྱི་ཚུལ་དུ་ཡིན།
ཤེས་རབ། (Blue Spark)
རྟེན་འབྲེལ་ཞུ། དྲ་བ་འདི་བརྒྱུད་ནས་ཤར་
ནུབ་ཡུལ་གྲུ་ཁག་གི་བོད་མི་ཁ་ཐོར་ཚོས་བོད་
པ་ནང་ཁུལ་དུ་གཉེན་སྒྲིག་མང་ཙམ་ཡོང་བའི་
རེ་བ་དང་ཡིད་ཆེས་ཡོད།
བདེ་འཚོ།
རྟེན་འབྲེལ་ཞུ། ཁྱེད་ཅག་གི་ལས་དོན་
འདིའི་ཐོག་མཐའ་བར་གསུམ་དུ་ལམ་ལྷུང་
ཡོང་བར་ཞུ། བཀའ་དྲིན་ཆེ། ཁྱེད་ཅག་གིས་
འདི་འདྲའི་ལས་དོན་ཞིག་གི་སྒོར་འཇུས་པ་
ནི། ཕྱི་གྱར་བོད་མིའི་སྤྱི་ཚོགས་འཚོ་ས་ཁ་ཁ་
སོ་སོ་ཡིན་རུང་། ནང་གི་བསམ་པ་གཅིག་ཏུ་
བསྒྲིལ་ནུས་པས་སོ།། ད་རུང་། དྲ་བ་འདིའི་
ནུས་པ་ལ་བརྟེན་ནས། བོད་རིགས་ནང་ཁུལ་
ལ་ཆང་ས་རྒྱག་མཁན་ཇེ་མང་དུ་འགྲོ་བར་རེ།
ལྷག་པར་དུ། འཛམ་གླིང་ཤར་ལྷོ་ནུབ་བྱང་གི་
བོད་རིགས་ཁ་འཐོར་རྣམས་ལ་ཞབས་འདེགས་
ཤིག་བསྒྲུབ་ཐུབ་པའི་སྨོན་འདུན་ཞུ།
རྔ་བ་ཚེ་སྐྱིད།
ཡིད་འོང་མཛེས་པའི་དྲ་ཚིགས་འདི། །
འ དྲེ ན ་ པའི ་ ལམ ་ དུ ་ འཕོས ་མ ་ ཐག །
འདོད་པའི་རྩེ་དགས་རབ་བཅིངས་ནས། །
ཆགས་པའི་རླུང་གིས་འདར་བར་གྱུར། །
མཁར་མཚོ་སྐྱིད།
དྲ་གྲོགས་ལགས། ཁྱེད་ཀྱི་ཆང་ས་
དྲ་ཚིགས་ལེགས་འགྲུབ་བྱུང་བ་ལ། ངས་སྙིང་
དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ།
ཀུན་གསལ་ཟླ་བ།
བོད་སྤྱིའི་མི་རིགས་དང་རིག་གཞུང་། དེང་
གི་དུས་རབས་ལ་བསམ་ན་དེ་ལྟ་དགོས་ངེས་
པ་དང་འབྱུང་རུང་བ་ཡིན་པས་ངས་ནི་རྒྱབ་
སྐྱོར་ལས་དགག་པ་བྱེད་ཀྱི་མེད།
སྣ་ཚོགས་རང་གྲོལ།
ཆང་ས་དྲ་བ་འདིས་བོད་མི་རིགས་ནང་
ཕན་ཚུན་གཉེན་འབྲེལ་བྱེད་རྒྱུའི་ཁ་ཕྱོགས་
གཙོ་བོར་བཟུང་ན། ཕན་ཐོགས་ཆེ། གཞན་
དུ་བོད་རིགས་གཞོན་ནུ་ཕོ་མོ་ཚོ་ནུབ་ཕྱོགས་
པ་དང་། རྒྱ་རིགས་ཚོང་པ་ཚོའི་ཚེ་གཡོག་ཏུ་
འགྲོ་དགོས་བྱུང་ན། དྲ་བ་འདིས་ང་ཚོའི་མི་
རིགས་ལ་གནོད་པ་ཆེན་པོ་བཟོ་སྲིད་པས།
དེ་ལུགས་ཀྱི་རང་གི་འགན་འཁྲི་ལག་ལེན་
ཡོང་བའི་གསལ་འདེབས་བྱེད་འདོད་བྱུང་།
མཐའ་དོན་རྩོམ་སྒྲིག་ཚོགས་ཆུང་དེར་ལེགས་
གསོའ་ིའཚམས་འདྲི་བྱེད་འོས་མིན་ཡང་མ་
འངོས་ལས་འཆར་གྱི་ཁ་ཕྱོགས་ལ་དཔྱད་ཞིབ་
ཀྱིས་ལྟ་རྒྱུ་ཡིན་པས་དེ་དོན་ཐུགས་འཇགས་
འཚལ།
ཁང་མུན་གྲོལ།
གཞོན་ནུའི་འགྱུར་ཁུགས་ཆང་ས་དྲ་བའི་
ངོ་བོར་ལེགས་འགྲུབ་བྱུང་བ་ལ། རྟེན་འབྲེལ་
ཞུ། མགྲོན་འབོད་ཅིག་བྱས་ནའང་ངོ་བཅར་མ་
ཐུབ་པ་ལ་དགོངས་གསོལ་ཞུ།
བོན་རྒྱ་བསྟན་འཛིན་རབ་རྒྱས།
ཆང་ས་དྲ་བ་སྔར་ལས་མཛེས་སྡུག་ལྡན་པའི་
སྒོ་ནས་ལམ་ལ་བུད་བྱུང་བར་སེམས་བསམ་
པའི་གཏིང་ནས་དགའ་བསུ་ཞུ་བ་དང་སྦྲགས།
ཁྱེད་རྩོམ་སྒྲིག་པ་རྣམ་པས་ཀྱང་གཞུག་ཕྱོགས་
དཀའ་ངལ་རབ་དང་རིམ་པ་ཞིག་ལ་གདོང་
གཏད་དགོས་པ་གོར་མ་ཆག་མོད། ཞུམ་པ་
མེད་པའི་སྒོ་ནས་མུ་མཐུད་དུ་འབད་བརྩོན་
བྱེད་པར་འཚལ་ཞེས་ཞུ་འདོད་བྱུང་།
མི་རྐྱང་སྨྱོན་པ།
ཆང་ས་དྲ་བ་ལེགས་འགྲུབ་བྱུང་བར་
མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
ལུང་རྟོགས།
ཨ་རིག་འགྱུར་མེད་ལགས་ཀྱིས་དྲ་ཚིགས་
འདི་སླར་ཡང་སྒོ་འབྱེད་ཐུབ་པར་འཚམས་འདྲི་
བཀྲ་ཤིས་བདེ་ལེགས་དང་། མ་འོངས་པར་སྐུ་
ཉིད་ཀྱི་འདོད་དོན་ལྷན་གྱིས་འགྲུབ་པའི་སྨོན་
འདུན་ཡང་ཞུ་གི་ཡོད། ང་ཚོའི་ངོས་ནས་ཀྱང་
དྲ་ཚིགས་འདིར་ཡོང་ནས་རང་ཉིད་ཀྱི་བསམ་
ཚུལ་དང་དཔྱད་གླེང་གང་ཐུབ་ཀྱིས་དྲ་ཚིགས་
འདི་ཡར་རྒྱས་ཡོང་བར་འབད་འབུངས་གང་
ཐུབ་བྱ་རྒྱ་ཡིན།
ཆུ་ཐིགས་སྔོན་མོ།
ཆང་སའི་དྲ་རྒྱ་ལེགས་གྲུབ་བྱུང་བར་བཀྲ་
ཤིས་བདེ་ལེགས་ཞུ། ད་དུང་འདིའི་རྩོམ་སྒྲིག་
པ་ཡོངས་ལ་ངས་བོད་པའི་གཞོན་སྐྱེས་ཚོའི་
ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུ།
བསོད་ནམས་བཟང་པོ།
ཆང་ས་དྲ་བར་འཚམས་འདྲིའི་བཀྲ་ཤིས་བདེ་
ལེགས་གྲངས་མེད་དང་སྦྲགས། གུས་པས་
སྔོན་མ་ནས་ཐེངས་འགའ་ཞུས་མྱོང་ཡོད་པ་
ལྟར། གཞོན་ནུའི་འགྱུར་ཁུགས་ཀྱི་དྲ་བ་དེ་
ངེས་པར་དུ་དེབ་སྐྱེལ་དགོས་པའི་དྲ་བ་ཞིག་
ལ་བསྒྱུར་ཐུབ་རྒྱུ་དང་། བཀོད་ལེགས་ཕུན་
སུམ་ཚོགས་པ་འདི་བཞིན་དགོས་ཀྱི་འདུག་
ཅེས་ཞུས་པ་བཞིན། ད་ལྟ་དངོས་གནས་ནང་
དོན་ཕུན་སུམ་ཚོགས་ལ་མཛེས་ཆ་ཀུན་ནས་
ལེགས་པའི་དྲ་བ་དེའི་མིང་ཡང་འདྲ་ཆགས་
ལ་དོན་འཚུངས་པ་ཞིག་རེད་འདུག་པས་སྙིང་
ནས་ཐུགས་རྗེ་ཆེ་ཞུ།
ལྗང་སྨྱུག་ནས།
དྲ་བ་དངོས་གནས་ཡག་པོ་བཟོས་འདུག ལམ་
འགྲོ་ཡོང་བར་སྨོན།
བསྟན་པའི་དངོས་གྲུབ།
འདི་ན་ཡང་རྒྱབ་སྐྱོར་བྱེད་མཁན་ཞིག་ལྷག་
ཡོད། ཁ་བྱང་ཤིན་ཏུ་ཡག་པོར་མཐོང་སོང་།
ཞོགས་ལྗང་གིས།
ཁོ་བོའ་ིརེ་བ་ལ། ཆང་ས་དྲ་རྒྱ་འདི་བརྒྱུད་
ནས་བོད་མིའི་སྤྱི་ཚོགས་ནང་དུ་འབྲེལ་མཐུད་
འགྱུར་བྱེད་ཅིག་ཏུ་གྱུར་པ་ལས་འགལ་ཟླ་
འགྲོ་གཞི་དང་འབྲེལ་མཐུད་གཅོད་བྱེད་ཅིག་
ཏུ་མི་འགྱུར་བའི་རེ་བ་ཡོད། འདི་ནི་གཙོ་བོ་
རྩོམ་སྒྲིག་པ་རྣམས་ཀྱི་དྲང་པོ་དང་ཕྱོགས་
ལྷུང་མེད་པ། ལྷག་བསམ་རྣམ་དག་གི་ཕྱག་
ལས་ལ་རག་པ་ཡིན། མ་གཏོགས་གཞིས་
ཆགས་ནས་འཚར་ལོངས་བྱུང་བ་རྣམས་ཀྱི་
གྲ་མི་འགྲིག་པའི་གནས་སྟངས་ཤ་སྟག་གིས་
བཀང་བ་ཡིན་ན་ཁ་ཕྱོགས་གང་འདྲ་ཞིག་ཏུ་
འགྱུར་གྱི་ཡོད་མེད་བལྟ་དགོས། དཔེར་ན།
ཨ་རིག་འགྱུར་མེད་ཀྱི་སྔ་ཕྱི་རྩོམ་མང་ཆེ་བ་ནི་
དེ་འདྲའི་རིགས་ཤ་སྟག་འདྲ་ཞིག་མཐོང་གིན་
འདུག འདི་ནི་གཟབ་དགོས་པའི་གནད་དོན་
ཞིག་ཡིན།
བཙན་བྱོལ་བ།
བོད་ཡིག་ལ་དགའ་བའི་གཞོན་སྐྱེས་ཚོ།
བོད་ཡིག་སྤྱི་ཚོགས་ལ་ཐིམ་སུ་འཇུག་འདོད་
པའི་གཞོན་སྐྱེས་ཚོ། བོད་ཡིག་གི་ཁྱབ་ཁོངས་
མཐའ་མེད་དུ་སྤེལ་འདོད་པའི་གཞོན་སྐྱེས་
ཚོ། བོད་ཡིག་གི་བེད་སྤྱོད་གོང་མཐོར་གཏོང་
འདོད་པའི་གཞོན་སྐྱེས་ཚོ། གནའ་དེང་ཟུང་གི་
ཤེས་ཡོན་ལ་འཇུག་པའི་གཞོན་སྐྱེས་ཚོ། ཁྱོད་
ཚོའི་བྱ་བཞག་རྣམ་པར་རྒྱལ་བར་སྨོན། ཁྱེད་
ཚོས་མདུན་ལམ་འདོ་དང་ལྡན་པར་སྨོན། དུས་
དང་རྣམ་པ་ཀུན་ཏུ་འདི་ཕྱོགས་ཀྱི་གཞོན་སྐྱེས་
ཚོའི་ངོས་ནས་རྒྱབ་སྐྱོར་གཙང་མ་ཡོད་དོ།།
སྦྲ་རིགས་ཐོགས་མེད།
རྩོམ་སྒྲིག་པའི་མཆན།
གོང་གི་ཀློག་མཆན་འདི་དག་ངེད་ཆང་
ས་དྲ་བ་དང་བོད་ཀྱི་དུས་བབ། ཁ་བརྡ།
སེང་རྡོར་དྲ་བ། ངོ་དེབ་བཅས་ཀྱི་སྟེང་དུ་
ཡོད་པའི་ཀློག་མཆན་དག་ལས་བཏུས་
པ་ཡིན་ལ། ད་དུང་མང་མང་ཞིག་ལྷག་པ་
དང་ཆད་པ་ཡོད་སྲིད་པས་དགོངས་དག་
ཀྱང་ཞུ་བ་ཡིན།
ཀློག་མཁན་ཁག་ཅིག་གིས་ངེད་དྲ་བར་བསྐུར་བའི་འཕྲིན་དང་ཤིས་ཚིག
ཆང་ས་དྲ་ཤོག་ནི་ངའི་ཡིན་ལ་ཁྱོད་ཀྱིས་ཀྱང་ཡིན་སྟབས། ང་ཚོ་ཐུན་མོང་ལ་དབང་།
དེར་བརྟེན་ཁྱོད་ལ་ཆང་ས་དྲ་ཤོག་ལ་བཤད་འདོད་པའི་སྐད་ཆ་གང་འདྲ་ཞིག་ཡོད་
རུང་ངེད་དྲ་ཤོག་ལ་བསྐུར། ང་ཚོ་ཐུན་མོང་གི་ལོངས་སྤྱོད་འདི་ཕུན་སུམ་ཚོགས་པ་
ཞིག་ཡོང་ཕྱིར་ཁྱེད་ལའང་རང་གི་བསམ་ཚུལ་འདོན་པའི་རང་དབང་དང་འགན་
ཁུར་ཡོད། གློག་འཕྲིན་ཨང་། [email protected] ཡིན་ནོ། །
བཟའ་འཐོར་གྱི་རྒྱུ་རྐྱེན་མང་བོ་ཞིག་དཔལ་འབྱོར་ལ་ཐུག་འདུག
བཙན་བྱོལ་ནང་གི་རྩོམ་པ་པོ་གྲགས་ཅན་ཤེས་
རབ་དར་རྒྱས་ལགས་སུ་ངེད་ཆང་ས་དྲ་བས་
བཅར་འདྲི་ཁག་ཅིག་བྱས་པ་གཤམ་གསལ་
ལྟར་ཡིན།
ཆང་ས། དེང་སྐབས་བོད་ཕྱི་ནང་གཉིས་
སུ་བཟའ་ཚང་ཁ་འཐོར་དུ་འགྲོ་མཁན་ཇེ་མང་
དུ་འགྲོ་གི་འདུག་ལ། ལྷག་པར་དུ་གཞོན་སྐྱེས་
ཚོའི་ཁྲོད་དུ་མང་བ་ཡོང་གི་འདུག འདིའི་རྒྱུ་
རྐྱེན་གང་རེད་འདོད་ཀྱིན་འདུག
ཤེས་དར། དེང་སྐབས་གཞོན་སྐྱེས་བཟའ་
ཚང་མང་བོ་ཞིག་ཁ་འཐོར་དུ་འགྲོ་བཞིན་པའི་
རྒྱུ་རྐྱེན་གཙོ་བོ་ད་ལྟའི་སྤྱི་ཚོགས་ཀྱི་གནས་
སྟངས་དང་དཔལ་འབྱོར་གྱི་འཕེལ་རིམ་འདི་
གཉིས་ཀྱི་བར་དུ། མིའི་རང་གཤིས་སུ་ཡོད་
པའི་འབྲེལ་ལམ་སྐོར་ལ་དོ་སྣང་དེ་ཙམ་བྱེད་
མ་ཐུབ་པར། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་
གནོན་ཤ གས་འགོ་ནས་ཕན་ཚུན་འབྲེལ་འདྲེས་
བྱེད་མ་ཐུབ། ལྷག་པར་དུ་ཕན་ཚུན་ལ་བཟོད་
སྒོམ་བྱེད་མ་ཐུབ་པ། ཡང་ན་ད་ལྟའི་རང་ཉིད་
ཀྱི་འཚོ་གནས་སོགས་ལ་འདོད་པ་མ་ཁེངས་
པར་འཚོ་ལམ་གསར་བ་འཚོལ་བ་སོགས་ཀྱི་
རྐྱེན་ཡིན་རྒྱུ་རེད་སྙམ། འདི་དོན་དག་གཅིག་
གི་སྒང་ནས་བཤད་ཐུབ་རྒྱུ་ཁག་པོ་ཡིན་ནའང་
། དཔལ་འབྱོར་གྱི་འཕེལ་རིམ་དང་སྤྱི་ཚོགས་
ཀྱི་གནས་སྟངས་ལ་བརྟེན་ནས་སེམས་ཁམས་
ལ་ཤ གས་རྐྱེན་མང་བོ་ཐེབས་ཀྱི་ཡོད་པ་བརྒྱ་
ཆ་བརྒྱ་རེད་སྙམ།
ཆང་ས། བོད་ལ་མཚོན་ན་མི་འབོར་མང་
བོ་མ་རེད་ལ། བོད་ནང་ལྟ་བུར་མཚོན་ན་དེང་
སྐབས་འཆར་ལྡན་བུ་སྐྱེས་སྲིད་ཇུས་འོག་བུ་
ཕྲུག་མང་བོ་སྐྱེ་སྤེལ་བྱེད་ཆོག་གི་མེད། བཙན་
བྱོལ་དུ་རང་དབང་ཡིན་ནའང་། བྱིས་པ་མང་བོ་
སྐྱེ་སྤེལ་མི་བྱེད་པར་གཅིག་གིས་འགྲིག་ཡོད་
པའི་བསམ་ཚུལ་འཛིན་མཁན་གང་འཚམ་ཡོང་
གི་འདུག དེས་ན་འདི་ལྟར་མི་རབས་གཅིག་
གཉིས་ཤིག་ལ་མུ་མཐུད་ནས་ཕྱིན་ན་བོད་ཀྱི་
མི་འབོར་ལ་དཀའ་ངལ་ཞིག་འཕྲད་སྲིད་དམ།
ཤེས་དར། དེ་བརྒྱ་ཆ་བརྒྱ་རེད། མི་འབོར་
གྱི་འཕེལ་ཁ་ཇེ་དོད་དུ་འགྲོ་རྒྱུ་ཡིན་པ་བརྒྱ་
ཆ་བརྒྱ་གཏན་འཁེལ་བ་འདྲ་བོ་རེད། བཟའ་
ཚང་མང་བོ་ཞིག་གིས་ཕྲུ་གུ་མི་སྐྱེ་བའི་རྐྱེན་
རྩ་གཙོ་བོ་གྲོང་ཁྱེར་ནང་དུ་ཡོང་གིན་འདུག
གྲོང་གསེབ་ཁག་ཏུ་ཅུང་ཙམ་ཉུང་བ་འདུག ཕྲུ་
གུ་ཡིན་ནའང་མང་བ་སྐྱེ་གི་རེད།
དེ་ཡང་གཙོ་བོ་དཔལ་འབྱོར་ལ་ཐུག་འདུག
ཕྲུ་གུར་བདག་པོ་རྒྱག་རྒྱུར་དུས་ཚོད་མདེ་པ་དང་
ཕྲུ་གུ་བདག་པོ་རྒྱག་རྒྱུར་འགྲོ་གྲོན་ཆེན་པོ་ཡོད་
པ་སོགས་རྒྱུ་རྐྱེན་སྣ་ཚོགས་ཤིག་ཡོང་གི་ཡོད།
དེ་གཙོ་ཆེ་བ་གྲོང་ཁྱེར་ཁག་ཏུ་ཡོང་གི་ཡོད།
ང་ཚོའི་བོད་ལ་བསམ་བློ་བཏང་ན་དེང་
སྐབས་གྲོང་གསེབ་དང་སྔ་མོའ་ིའཚོ་བའི་ལམ་
ལུགས་དེ་མར་གྲོང་བརྡལ་དང་གྲོང་ཁྱེར་ཅན་
དུ་བསྒྱུར་ཡོང་གི་འདུག དེར་བརྟེན་དཔལ་
འབྱོར་གྱི་གནོན་ཤ གས་ཧ་ཅང་གི་ཆེན་པོ་ཡོང་
གི་ཡོད་ལ། དེའི་སྟེང་དུ་ཕྲུ་གུ་སློབ་གྲྭར་གཏོང་
དགོས་པ་སོགས་གང་ཅིའི་ཐད་ནས་འགྲོ་གྲོན་
ཆེ་རུ་འགྲོ་གི་ཡོད། དེ་ལྟར་དཀའ་ངལ་རབ་
དང་རིམ་པར་འཕྲད་ཡོང་དུས། ཕ་མར་ཕྲུ་གུ་
བདག་པོ་རྒྱག་རྒྱུའི་དུས་ཚོད་མེད་པ་སོགས་
གྲོང་གསེབ་གྲོང་བརྡལ་ཅན་དུ་བསྒྱུར་ཚར་
རྗེས་མི་འབོར་འཕེལ་འགྱུར་གྱི་ཐད་ལ་བརྒྱ་ཆ་
བརྒྱ་ཐམ་པ་གནོད་ཤ གས་འཕྲད་ཀི་རེད།
ཆང་ས། ང་ཚོའི་བོད་ལ་མཚོན་ན་བཟའ་
ཟླའི་རྒྱུན་ཤེས་སྐོར་གྱི་ཚགས་དེབ་མི་འདུག
དེའི་སྐོར་ནས་བློ་ཞིག་འདྲི་དགོས་པ་བྱུང་ཚེ་
བློ་འདྲི་ཡུལ་གྱི་སློབ་སྟོན་པ་ཡང་མི་འདུག
དངོས་ཡོད་སྤྱི་ཚོགས་འཚོ་བའི་ངོས་ཐད་ནས་
བལྟས་ཡོང་ན། འདི་ངེས་པར་དུ་དགོས་པ་
ཞིག་ཏུ་མཐོང་གི་འདུག་གམ།
ཤེས་དར། བཟའ་ཚང་གི་སྐོར་གྱི་རྒྱུན་
ཤེས་གཅིག་པུ་མ་རེད། སྤྱིར་བཏང་དེ་ཤེས་
ཡོན་རིགས་ཤིག་རེད། ཤེས་ཡོན་གྱི་རིགས་
འདི་ཕར་དེད་དེ་འགྲོ་དུས་ཉེ་བའི་ཆར་ཅུང་
ཙམ་འགྱུར་བ་འགྲོ་བཞིན་པ་མ་གཏོགས། ད་
ལྟའི་བར་དུ་འདི་ལྟར་ཡོང་བ་རེད། བོད་ཀྱི་
ཤེས་ཡོན་གྱི་ངོ་བོ་དེ་གནའ་སྔ་མོ་ནས་ཆོས་
ལུགས་ཀྱི་ངོ་བོར་གནས་བསྡད་པ་མ་གཏོགས་
སྤྱི་ཚོགས་རང་བཞིན་ཅན་དང་སྤྱི་ཚོགས་ཀྱི་
དགོས་མཁོ་སྐོང་ཐུབ་པའི་ཤེས་ཡོན་གྱི་རྣམ་
གྲངས་ཏེ། ང་ཚོའི་བོད་པར་ཧ་ལམ་ཡོད་པ་
མ་རེད། དེ་མེད་སྟབས་ཁ་སང་དེ་རིང་ང་ཚོའི་
མིའི་རྗེས་མ་ཆོད་པའང་དེ་རེད། གསར་བ་
ཞིག་བཟོ་དགོས་དུས་རྣམ་དཔྱོད་ཅན་དེ་འདྲ་
ཡང་ཡར་བསླེབ་ཐུབ་ཀྱི་མེད་ལ། གཞུང་དང་
སྒྲིག་འཛུགས་ཤིག་གི་ངོས་ནས་སྐྱེད་སྲིང་
ཡང་བྱེད་ཀྱི་ཡོད་པ་མ་རེད། དེ་ཚོ་ཧ་ལས་
པའི་གལ་ཆེན་པོ་རེད། མི་སྤྱི་ཚོགས་ནང་དུ་མི་
ཚང་མས་འཚོ་བ་སྐྱེལ་དགོས་ཀྱི་ཡོད། འཚོ་བ་
སྐྱེལ་བའི་བརྒྱུད་རིམ་ནང་དཀའ་ངལ་རབ་དང་
རིམ་པ་མང་བོ་ཞིག་འཕྲད་ཀྱིན་ཡོད་མོད། ང་
ཚོར་དེའི་སྐོར་གྱི་རྒྱུན་ཤེས་ཧ་ལས་པའི་ཉུང་
ཉུང་རེད།
དེང་སྐབས་ཚོགས་སྡེ་ཁག་རེ་ཟུང་གིས་
རྣམ་གྲངས་གསར་བ་རེ་སྒྲུབ་ཀྱིན་ཡོད་ནའང་
། དེ་ཙམ་གྱིས་གོ་རིམ་ལྡན་པ་དང་འཐུས་སྒོ་
ཚང་བ་ཞིག་རྩ་བ་ཉིད་ནས་ཡོང་གི་མེད། དེ་
འདྲ་ཞིག་བསྒྲུབ་རྒྱུར་མི་རེ་ཟུང་གིས་གླགས་
འཁེལ་གི་མ་རེད། གཞུང་ཞིག་གི་ངོས་ནས་
དང་སྒྲིག་འཛུགས་ཀྱི་ངོས་ནས། ཆེད་ལས་
རང་བཞིན་ཅན་གྱི་ངོས་ནས་ཕར་ཤ གས་རྒྱག་
པའམ་། དེའི་རིགས་ལ་དོ་སྣང་ཡོད་མཁན་གྱི་
མི་སྐྱེད་སྲིང་བྱེད་པ་དང་རོགས་འདེགས་བྱས་
པ་ཡིན་ན་རིམ་གྱིས་འཐུས་སྒོ་ཚང་བ་ཞིག་
ཆགས་འགྲོ་གི་རེད།
ཆང་ས། སྒང་ནས་ངེད་གཉིས་ཀྱིས་བཟའ་
ཚང་ཁ་འཐོར་དུ་འགྲོ་བཞིན་པའི་སྐོར་ཞིག་
བཏང་ཡོད་རྒྱུ་རེད་ལ། ཕན་ཚུན་ལ་འདོད་ཚུལ་
མ་མཐུན་པ་དང་མ་འཆམ་པའང་ཡོད་རྒྱུ་རེད།
ཡིན་ནའང་། བཟའ་ཚང་ཁ་འཐོར་རང་ལ་བསམ་
བློ་བཏང་ན་དེ་འདྲའི་མང་བོ་ཡོད་ས་མ་རེད་ལ།
དཀའ་ངལ་ཡང་དེ་ཙམ་ཡོད་ས་མ་རེད།
ཡིན་ནའང་། ད་ལྟའི་ཆར་དེ་དཀའ་ངལ་
ཆེ་ཤོས་ཆགས་འདུག མི་ཚང་མར་བསམ་བློ་
རང་དབང་། འགྲོ་འདུག་རང་དབང་སོགས་
རང་དབང་དེའི་སྒང་ལ་ཤ གས་ཆེན་པོར་འགྲོ་
གི་ཡོད་པས། དང་ཐོག་མི་ཞིག་གིས་བཤད།
དེ་ནས་མཉམ་དུ་བསྡད་པ་ཡིན་ནའང་། དེ་
ནས་ཕན་ཚུན་མ་འཆམ་དུས་ཁ་ཁར་འགྲོ་གི་
ཡོད་པ་རེད། གཉེན་སྒྲིག་བྱེད་སྟངས་ཀྱི་ཐད་
དུ་བསམ་བློ་བཏང་ནའང་གནའ་སྔ་མོའ་ིགཉེན་
སྒྲིག་བྱེད་སྟངས་དང་ད་ལྟའི་གཉེན་སྒྲིག་བྱེད་
སྟངས་གཉིས་ལ་ཁྱད་པར་ཆེན་པོ་འདུག
གནའ་སྔ་མོ་ཡིན་ན་མང་ཆེ་བ་ཁྱིམ་ཐབ་
འཛིན་པ་ཙམ་གྱི་བསམ་བློའ་ིརྣམ་པ་དེའི་སྒང་
ནས་ཤ གས་ཆེན་པོ་འགྲོ་གི་འདུག དེང་སང་
ཡིན་ན་ཕྱི་རྒྱལ་ཁག་ཏུ་ཤ གས་ཆེན་པོ་རེད།
རྒྱ་གར་ལྟ་བུར་མཚོན་ནའང་དང་ཐོག་ཕན་ཚུན་
ལ་འབྲེལ་འདྲེས་བྱས། དེའི་རྣམ་པ་སྒེར་བདག་
ཅན་དེ་སོ་སོའ་ིབརྩེ་བ་ཡིན་ནའང་། འདོད་པ་
ཡིན་ནའང་། དེ་ལ་བདག་པོ་འཚོལ་བའི་རྣམ་
པའི་ཐོག་ནས་ཆང་ས་རྒྱག་གི་འདུག དེ་གཉེན་
སྒྲིག་གི་རྣམ་པ་གཅིག་རེད།
དེང་སང་གཉེན་སྒྲིག་གི་རྣམ་པ་གཅིག་ནི་
ཁྲིམས་ལུགས་དང་མཐུན་པ་ཡོང་རྒྱུ་དེ་རེད།
ཁྲིམས་ཐོག་ནས་ཆང་ས་བརྒྱབ་སྟེ་ཁྲིམས་
བྱས་ཏེ་ཆང་ས་བརྒྱབས་ན་ཕན་ཐོགས་ཀྱང་
མང་བ་ཡོད་རྒྱུ་རེད་སྙམ་གྱིན་ཡོད།
ཆང་ས། དེང་སྐབས་ནུབ་ཕྱོགས་དང་རྒྱ་
ནག རྒྱ་གར་སོགས་ལ་མཚོན་ན་དྲ་རྒྱ་བརྒྱུད་
དེ་ཆང་ས་རྒྱག་པའི་ལམ་ལུགས་ཆེན་པོ་འདུག
བོད་ལ་དེ་ལྟ་བུ་མི་འདུག བཙན་བྱོལ་ལ་ཆ་
མཚོན་ན་མི་གྲངས་ཧ་ཅང་གི་ཉུང་ཉུང་ཡིན་
ནའང་། འཛམ་གླིང་གི་ཤར་ལྷོ་ནུབ་བྱང་གང་
སར་ཁ་འཐོར་ནས་བསྡད་ཡོད་དུས། ངེད་ཆང་
ས་དྲ་ཤོག་འདི་ཉིད་མ་འངོས་པར་བོད་མི་ཚོས་
ཕན་ཚུན་ལ་རྒྱུས་ལོན་བྱེད་ས་དང་བོད་མི་ནང་
ཁུལ་དུ་འབྲེལ་འདྲེས་བྱེད་སའི་བརྒྱུད་ལམ་
ཞིག་ཆགས་ཀྱི་རེད་སྙམ་གྱི་འདུག་གམ།
ཤེས་དར། དེ་དུས་ཚོད་ཀྱི་ཆ་ནས་བཤད་
ན་ཁག་པོ་རེད། ཡིན་ནའང་། གནས་སྟངས་ཀྱི་
ཐད་ནས་བཤད་ན་བརྒྱ་ཆ་བརྒྱ་རེད། འདི་ཡོང་
དགོས་པའང་སྤྱི་ཚོགས་ཀྱི་འགྱུར་བ་ཧ་ཅང་
གི་མགྱོགས་པོ་ཆགས། དེའི་ཐོག་དེང་སྐབས་
མི་མང་བོར་དུས་ཚོད་ཀྱིས་མ་འདང་བས་
དཀའ་ངལ་ཡོད། དེ་ཡང་མི་དང་འབྲེལ་འདྲེས་
བྱེད་པའི་དུས་ཚོད་མང་བོ་མེད། དེ་བཞིན་
སྤྱི་ཚོགས་ཀྱི་གནད་དོན་ལ་འགྱུར་བ་མང་བོ་
ཕྱིན། དཔལ་འབྱོར་གྱི་གནད་དོན་ལ་སྔངས་
སྐྲག་བྱུང་བ་བཅས་ལ་བརྟེན། སྔོན་མ་ལྟར་མི་
ཕན་ཚུན་ལ་ཁ་ཐུག་ཁ་ཐུག་ཏུ་འབྲེལ་འདྲེས་
བྱེད་མ་ཐུབ་པ་ཆགས་ཡོང་དུས། བརྒྱུད་ལམ་
གཞན་ཞིག་དགོས་ཀྱི་ཡོད། དེ་ནུབ་ཕྱོགས་
པར་མཚོན་ནའང་དང་པོ་ནས་ལམ་ལུགས་
དེ་ཡག་པོ་འདུག་ཅེས་བསྒྱུར་བ་བཏང་བཞག་
པ་དེ་འདྲ་མ་རེད། འགྱུར་བའི་དབང་གིས་
རང་བཞིན་གྱིས་བསླེབས་སོང་བ་ཞིག་རེད།
དེར་བརྟེན་དེའི་ཤ གས་རྐྱེན་དེ་འཛམ་བུ་གླིང་
གང་སར་ཁྱབ་འགྲོ་གི་ཡོད་པས། ང་ཚོའི་སྤྱི་
ཚོགས་ནང་དུའང་འགྱུར་བ་དེ་ཡོང་རྒྱུ་ཡིན་
པ་གཏན་ཁེལ་ཚར་བ་རེད་ལ། དེ་ཡང་ད་ལྟའི་
ཆར་བསླེབས་ཚར་བ་འདྲ་བོ་ཡང་རེད།
དེར་བརྟེན། ངས་བསམ་ན་ཆང་ས་དྲ་ཤོག་
འདི་གཉེན་སྒྲིག་གི་སྒང་ནས་སྐད་ཆ་བཤད་
ན་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་འདུག་
བསམ། འདིའི་རིགས་འདི་ང་ཚོར་ད་ལྟའི་
བར་དུ་དེ་ཙམ་ཡོད་པ་མ་རེད། ནུབ་ཕྱོགས་
པར་མཚོན་ན་འདིའི་རིགས་ལ་འཛེམ་དགོས་
པ་ཞིག་དང་ཀློག་དུས་ཁ་ཐུག་ཏུ་མ་བདེ་བ་
ཡོང་བ་སོགས་ཡོང་གི་མེད། ཁོ་སྤྱིར་བཏང་
གི་གནས་ཚུལ་ཞིག་ཀློག་པའི་ཚོར་སྣང་དེ་མ་
གཏོགས་མེད།
ང་ཚོའི་སྤྱི་ཚོགས་ནང་དུ་འདིའི་རིགས་
ད་ལྟའི་ཆར་བཀག་རྒྱའི་ངང་གནས་ཡོད་
ལ། གཙོ་བོའ་ིགཙོ་བོ་བསམ་བློའ་ིབཀག་རྒྱ་
རེད། ཆབ་སྲིད་དང་ཆོས་ལུགས་ཀྱི་བཀག་རྒྱ་
ཤགས་ཆེན་པོ་མེད་ནའང་། མི་སྒེར་སོ་སོའ་ི
བསམ་བློའ་ིབཀག་རྒྱ་དེ་ཤ གས་ཆེན་པོ་རེད།
བསམ་བློའ་ིབཀག་རྒྱ་དེ་རིམ་གྱིས་མེད་པར་
བཟོས་པ་ཡིན་ན་མི་ཚང་མར་སྟབས་བདེ་
ཆགས་པ་རེད།
ནེའུ་ཡོག་ལྟ་བུར་མཚོན་ན་ “གྲོང་གསེབ་
” ཟེར་བའི་ཚགས་ཤོག་ཅིག་ཡོད། ཚགས་
ཤོག་དེ་བདུན་ཕྲག་གཅིག་གི་ནང་དུ་འདོན་
སྤེལ་བྱེད་ཀྱིན་ཡོད་པ་དང་། སྐབས་རེར་ཤོག་
གྲངས་བརྒྱ་ཐམ་པའི་སྒང་ལ་བསླེབས་ཀྱིན་
ཡོད། དེར་མཚོན་ན་མཇུག་ཤོག་དྲུག་བདུན་
རེ་མང་ཆེ་བ་ཕོ་མོའ་ིམཛའ་བརྩེ་མཚོན་པ་དང་
ཕོ་མོའ་ིསེམས་ཁམས་མཚོན་པའི་རྩོམ་ཡིག་
རེད། དེ་ལྟ་བུའི་དུས་དེབ་གཅིག་པུ་ཡང་ཁེངས་
བསྡད་ཡོད། དྲ་ཚིགས་ག་ཚོད་དགོས་དགོས་
ཡོད་པ་རེད། ཡིན་ནའང་། ང་ཚོའི་བོད་ཀྱི་སྐད་
ཡིག་སྟེང་དུ་འདིའི་རིགས་ཡོད་པ་མ་རེད། འདི་
དངོས་གནས་བྱས་ན་དགོས་ངེས་ཅན་རེད། མི་
གཞན་པར་དགོས་ན་བོད་པར་དགོས་པ་མ་རེད་
ཟེར་ནས་བཀག་ནའང་འགོག་ཐུབ་ཀྱི་མ་རེད།
དེར་བརྟེན་ཏན་ཏན་གལ་ཆེན་པོ་ཆགས་ཀྱི་རེད་
བསམ་གྱིན་འདུག
ཆང་ས། ངེད་དྲ་བར་མཚོན་ན་བསྒྲུབས་
ཟིན་པ་ལས་ཀྱང་མ་འོངས་པར་བསྒྲུབ་རྒྱུའི་
ལས་དོན་མང་བ་ལྷག་ཡོད་སྟབས། མ་འོངས་
པར་ང་ཚོས་ལས་ཀ་བྱེད་ཕྱོགས་ཀྱི་སྟེང་ནས་
ལམ་སྟོན་ཐུང་ངུ་ཞིག་གནང་རོགས།
ཤེས་དར། (གད་མོ་དགོད་བཞིན། )
ངས་ཆེན་པོ་ཤེས་ཀྱི་མ་རེད། ཡིན་ནའང་།
ངས་བསམ་བློ་གཏོང་སྟངས་ཡིན་ན། ང་ཚོའི་
བོད་ལ་མེད་པ་ཞིག་གསར་དུ་བཟོ་དགོས་ན་
མི་མང་བོས་ལམ་སང་དང་ལེན་བྱེད་མ་ཐུབ་
པའི་དཀའ་ངལ་ཞིག་ཡོད། མི་མང་བོའ་ིབསམ་
བློའ་ིཆ་ནས་ཧ་ཅང་གི་ཞན་པོ་རེད། ང་ཚོ་སྤྱིར་
བཏང་གི་མི་ཞིག་གི་ངོས་ནས་ཡིན་ཡིན་པ་
རེད། ༸གོང་ས་མཆོག་གིས་བཀའ་ཞིག་གནང་
བ་ཡིན་ནའང་། དེ་གསར་བ་ཞིག་ཡིན་ན་ལོ་
ལྔ་དྲུག་བདུན་བརྒྱད་དང་། ཡང་ན་བཅུ་ཕྲག་
གཅིག་རེ་འགོར་ན་མ་གཏོགས་དང་ལེན་བྱེད་
མི་ཐུབ་པ་ཡོང་གི་ཡོད། དེ་ང་ཚོར་གྲངས་རྒྱག་
རྒྱུ་ཡོད་པ་དེ་འདྲ་རེད། དེར་བརྟེན་སྤྱིར་བཏང་
གི་མི་ཞིག་གིས་བཤད་པ་ཡིན་ན་བརྒྱ་ཆ་བརྒྱ་
ཐམ་པ་དང་ལེན་བྱ་ཐུབ་ཀྱི་མ་རེད།
དེ་ཁས་ལེན་བྱ་རྒྱུར་ངས་བསམ་ན་ཁ་
ཐུག་ལ་གསལ་བོ་གསལ་རྐྱང་བྱས་ནས་སྐད་
ཆ་བཤད་རྒྱུ་མེད་པར། ཅུང་ཙམ་རྒྱང་བསྐོར་
ནས་འགྲེལ་བཤད་གང་མང་མང་བྱ་དགོས་
ཀྱི་འདུག དེ་ལྟར་འགྲེལ་བཤད་གང་མང་མང་
བརྒྱབ་སྟེ་མི་ཚང་མའི་བསམ་བློ་དེའི་སྟེང་
དུ་བསླེབས་ཚར་བའི་རྗེས་ལ། དེའི་སྟེང་དུ་
བསླེབས་རྒྱུ་ཡིན་པ་གཏན་ཁེལ་བ་རེད། དེར་
བརྟེན་གློ་རྡེག་ཏུ་མི་མང་བོས་ཁས་ལེན་བྱ་གི་
མ་རེད། དེའི་སྟེང་དུ་ད་དུང་འཕྱ་དམོད་བྱ་གི་
རེད། འདིའི་རིགས་ལ་གཟབ་གཟབ་ཀྱང་བྱ་
དགོས་ཀྱི་འདུག་སྙམ།
ཆང་ས། བཅར་འདྲིའི་གོ་སྐབས་གནང་
བར་ཐུགས་རྗེ་ཆེ།
ཤེས་དར། ཐུགས་རྗེ་ཆེ།
སྤྱིར་ན་ང་ཚོ་མི་སུ་ཞིག་ཡིན་ཡང་དུས་རབས་
གཉེར་གཅིག་པ་ནི་ཆ་འཕྲིན་གྱི་དུས་རབས་ཡིན་
པས་དགེ་མཚན་ཆེ་ཚུལ་གྱི་སྐོར་མཁས་བླུན་ཀུན་
ཀྱིས་མང་དུ་གླེང་གིན་འདུག འོན་ཀྱང་བསམ་བློ་
མ་བཏང་བའི་རྐྱེན་གྱིས་ཆ་འཕྲིན་དུས་རབས་ཀྱི་
བཟང་ཆ་ཁོ་ན་ལས་ཞན་ཆ་མཐོང་གིན་མི་འདུག
ཆ་འཕྲིན་གྱི་བཟང་ཆ་ནི་སྟབས་བདེ་ཁོ་ན་ཙམ་ལས་
ད་དུང་མིའི་ལུས་ཕུང་ལ་གནོད་པའི་བརྡ་རྟགས་
འཕྲོ་འོད་དང་། དེར་རྐྱེན་བྱས་པའི་ནད་རིགས་སྣ་
ཚོགས། དཔལ་འབྱོར་གྱི་གྱོང་གུད་སོགས་ཕན་པ་
ལས་ལྷག་པའི་གནོད་པ་གང་ཞིག་རང་ཤ གས་ཀྱིས་
འབྱུང་བཞིན་ཡོད་ལ། ང་ཚོ་རོང་འབྲོག་ས་ཁུལ་ལ་
མཚོན་ན་ཆ་འཕྲིན་གྱི་སྐོར་དུས་རབས་ཉི་ཤ ་བའི་
སྨད་ནས་བཟུང་དུས་རབས་ཉེར་གཅིག་པའི་མགོར་
དར་བ་རེད།
འོན་ཀྱང་དེང་སྐབས་ཆ་འཕྲིན་གང་སར་དར་
བས་འབྲེལ་གཏུགས་གྱི་ཕྱོགས་ལ་ཧ་ཅང་སྟབས་
བདེ་ཆེ་ཡང་དོན་དག་འདྲ་མིན་སྣ་ཚོགས་མང་ཞིག་
བྱུང་དང་འབྱུང་བཞིན་ཡོད་པ་མིག་མཐོང་ལག་ཟིན་
དུ་འདུག དཔེར་ན། རིག་གནས་དང་བསམ་བློའ་ི
ཚད་གཞི་ཧ་ཅང་ཞན་པའི་རོང་འབྲོག་ས་ཁུལ་ལ་
བཟའ་འཐོར་གང་མང་འབྱུང་བཞིན་ཡོད་པའང་ལག་
ཁྱེར་ཁ་པར་གྱིས་རྐྱེན་བྱས་པ་དངོས་གནས་རེད།
རིག་གནས་དང་བསམ་བློའ་ིཚད་གཞི་དམའ་
བའི་ན་གཞོན་ཞིག་གིས་ལག་ཁྱེར་ཁ་པར་འཛིན་པ་
ནི་སྨྱོན་པའི་ལག་ལ་རལ་གྲི་ཐོགས་པ་དང་གཉིས་
སུ་མ་འདས་ལ། ཁོ་ཚོའི་བསམ་བློའ་ིཚད་གཞི་ཧ་
ཅང་དམའ་ཞིང་མི་ཚེའི་དམིགས་འདུན་ཟབ་བརྟན་
དུ་མི་འདུག་པས་སེམས་ལ་འགྱུར་བ་གཏོང་རྒྱུ་སླ་
ཞིང་། འབྲེལ་གཏུག་གི་རླུང་བུ་ཡིས་སེམས་པར་
གཡོ་འགུལ་ཆེན་པོ་ཐེབས་ངེས་རེད།
དེ་བས་ན་ནིང་ད་ལོར་ང་ཚོའི་ས་གནས་ཀྱི་
བཟའ་འཐོར་གྲངས་འབོར་ཇེ་མང་ནས་ཇེ་མང་དུ་
འགྲོ་བཞིན་ཡོད་པ་དང་། བོད་ཡུལ་གྱི་ས་ཁུལ་སོ་
སོ་ཡང་འདི་དང་གཅིག་མཚུགས་སུ་འདུག་པར་
སྙམ། འོན་ཀྱང་ཆ་འཕྲིན་གྱི་དུས་རབས་འདི་ལྟ་བུ་
ཞིག་ལ་མཚོན་ན་ཆ་འཕྲིན་བཀོལ་སྤྱོད་མ་བྱས་ན་
མི་འགྲིག་པ་ནི་དངོས་གནས་ཡིན་མོད། ཆ་འཕྲིན་
གྱི་སྐྱོན་ཆ་བསམ་བློ་བཏང་ནས་སྔོན་འགོག་གི་
ཐབས་ཤེས་འཐེན་རྒྱུ་དང་། ཡང་ན་མི་རང་ཉིད་
ཀྱིས་ཀྱང་དེའི་སྐོར་ལ་དོ་སྣང་བྱེད་རྒྱུ་ནི་ཧ་ཅང་
གལ་ཆེན་རེད།
2011 9 29 ཉིན་བྲིས།
ཡོང་ཁུངས། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས།
ངའི་ཕ་ཡུལ་གྱི་ད་ལྟའི་གནས་བབས་དང་བསྟུན་
ཏེ་བརྗོད་ན། ང་ཚོ་བོད་པ་ཚང་ནི་གནའ་སྔ་མོ་ནས་
ཁྲེལ་ཡོད་པ། ངོ་ཚ་ཡོད་པ། ཕྱ་ིཐག་ཡོད་པ་ཞགི་ཡནི་
ཞེས་རྒན་མགོ་དཀར་ཚོའི་ཁ་ནས་ཆར་ཤ ལ་ནས་ཤ་
མོ་བརྡོལ་བ་བཞནི་རྒྱུན་དུ་ལབ་ཀྱནི་འདུག་མོད། འནོ་
ཀྱང་། དེང་སང་གིས་གནས་བབས་ལ་མིག་ཟུང་སྤྱད་
ནས་བལྟས་ན། ངའི་ཕ་ཡུལ་གྱི་ན་གཞོན་གསར་བུ་
གསར་མོ་སྐོར་ཞིག་གིས་གཉེན་སྒྲིག་གི་ལམ་ཁ་དེ་
ན་ཚོར་བ་རབ་རུབ་དང་སྣང་བ་མག་མོག་གིས་ངང་
ན་རང་ཉིད་ཀྱི་གཉེན་ཉེ་དུ་ཡང་ངོས་ཟིན་གྱི་མི་འདུག
ང་ཚོ་ནི་ཕ་མེས་ཡ་མེས་ནས་བཟུང་རང་གི་ཤ་
ཁྲག་གི་བར་ལ་གཉེན་སྒྲིག་སྲོལ་ཞིག་རྩ་བ་ནས་མི་
སྲིད་མོད། ཡིན་ནའང་དེང་སྐབས་ཀྱི་ན་གཞོན་གདོང་
པགས་འཐུག་པོ་ཅན་དག་ལ། ཁྲེལ་ཟེར་བ་ཞིག་
དང་། ངོ་ཚ་ཟེར་བ་ཞིག་མ་གཞི་ནས་མེད་ཀི། ངའི་
ཕ་ཡུལ་གྱི་གསར་བུ་ NORK ཟེར་བ་ཞིག་དང་།
བུ་མོ་ LEAM ཟེར་བ་གཉིས་ལ་དཔེར་ཞིག་འཇོག
Nork ཀྱི་ཨ་ཕའི་ཨ་མ་དང་། Leam གྱི་ཨ་མའི་
ཨ་མ་གཉིས་ཕ་མ་གཅིག་གིས་བྱང་ཁོག་བརྒྱུད་ནས་
མངི་སྲངི་ཏག་ཏག་ཡནི། ཡནི་ནའང་ན་གཞོན་ཕོ་མོ་ད་ེ
གཉིས་མྱི་རབས་གཉིས་ཟིན་མི་ཟིན་པའི་མཚམས་ན་
འཁྲགི་སྦྱོར་ཚ་ཐག་ན་ཐག་ཆོད་ན་ིརེ་བྱས་ནས་གཉེན་
སྒྲིག་གིས་སྲོལ་ཡག་པོ་བཏོད་ཡོད་ཀི། ན་གཞོན་འདི་
གཉསི་ས་གནས་ག་ག་ེམ་ོཞགི་ག་ིཚབ་མཚོན་གྱསི་དྲ་ི
རྟགས་སུ་བཀོད་པ་ཡནི་མ་གཏོགས། ངའ་ིཕ་ཡུལ་གྱ་ི
གཉེན་སྒྲིག་གིས་ད་ལྟའི་གནས་བབས་ཡོད་ཚད་འདི་
ལྟ་བུ་ལ་འགྱུར་ཟིན་པས་ངོ་མ་མཚར་ནི་ཞིག་རེད།
མྱི་སུ་དང་གང་ཞིག་ཡིན་རུང་རང་ཉིད་ཀྱི་གཉེན་
ཉེ་དུ་དང་ཕུ་ནུ་མིང་སྲིང་ཟེར་བ་ཞིག་ལ་བསམ་བློ་མི་
གཏངོ་ནའང་། ཁྱདོ་ཀྱ་ིརགིས་རྒྱུད་ལ་བསམ་གཞགིས་
ཅུང་རེ་བྱས་ན་འགྲིག་ནི་རེད། བོད་ཀྱི་གསོ་རིག་གི་
དཔེ་དེབ་སོ་སོ་ན་ཡང་། མིང་སྲིང་བར་ལ་གཉེན་
བསྒྲིག་ན། ཕྲུ་གུ་ཁ་མིག་མི་ཚང་བར་སྐྱེ་བ། དབང་
བོ་རྟུལ་བོ་སྐྱེ་བ། ཕྲུ་གུ་རྔ་མ་ཅན་སོགས་སྐྱེ་བ་ཞེས་
གསུངས་བ་ལྟར་དུ། ཁྱེད་ན་གཞོན་རྣམས་ཀྱིས་ཀྱང་
མུན་ནག་ནང་དུ་ལག་བསྲིངས་མི་དགོས་ཁལ་རེད།
མ་མཐའ་ཡང་རང་ཉིད་སྲོག་ཆགས་གཞན་པ་ཞིག་
དང་མི་མཚུངས་བར། དཔྱོད་ཤེས་ཀྱི་བསམ་བློ་དང་།
དོགས་སློང་གསི་བསམ་བློ་མངའ་བའ་ིའགྲོ་བ་མྱ་ིཞགི་
ཡིན་པ་ངོས་ཟིན་ན་འགྲིག་གི་སྙམ།
༢༠༡༡། ༩། ༧། ཉིན་དྲྭ་ཁང་ཞིག་ནས་ཤར་མར་
བྲིས།
ཡོང་ཁུངས། མཚོ་སྔོན་བོད་ཡིག་དྲ་བ།
ངའི་ཕ་ཡུལ་གྱི་ད་ལྟའི་གཉེན་སྒྲིག་སྲོལ། འབྲོག་རྨ་བྱེ།
བཟའ་འཐོར་དང་ལག་ཁྱེར་ཁ་པར་གྱི་སྐོར།མགར་རྩེ་ཨུ་རྒྱན།
ཤོག་ངོས་གསུམ་པ།
བཤད་པ་རེད། ཕྱི་རྒྱལ་ཁག་ན་ཟླ་ངོ་གཅིག་
གཉིས་དང་ལོ་ངོ ་གཅིག་གཉིས་ལ་ཕོ ་མོ ་
གཉིས་མཉམ་དུ་བསྡད་དེ། ཕན་ཚུན་རྒྱུས་ལོན་
བྱས། གཞི་ནས་ཆང་ས་ཟེར་བ་དང་མི་ཚེ་ཟེར་
བའི་སྒང་ལ་སྐད་ཆ་བཤད་པའི་ལུགས་སྲོལ་
དེ་འདྲ་འདུག ང་ཚོའི་བོད་ལ་འདིའི་ལུགས་
སྲོལ་འདི་མེད་ཀི། འདི་ལྟ་བུའི་ལམ་ལུགས་
ཤིག་བོད་ལ་བྱུང་བ་ཡིན་ན་དེས་བཟའ་ཚང་
ཁ་འཐོར་དུ་མི་འགྲོ་བར་ཕན་གྱི་རེད་དམ།
ཤེས་དར། གནའ་སྔ་མོ་ཡིན་ན་དེའི་ཐད་དུ་
དཀའ་ངལ་དེ་ཙམ་ཡོང་གི་ཡོད་ས་མ་རེད། སྤྱིར་
མཐུན་ཆགས་པ་ཡིན་ན་གང་དུ་ཕྱིན་ནའང་
དཀའ་ངལ་ཉུང་བ་ཡོང་གི་ཡོད་ས་རེད། ནུབ་
ཕྱོགས་པར་མཚོན་ན་དེའི་སྟེང་ནས་དཀའ་
ངལ་མང་བོ་འཕྲད་དེ་དེང་སྐབས་དེའི་སྟེང་ལ་
ཧ་ཅང་གི་ཤ གས་ཆེན་པོ་འདུག
དེར་བརྟེན་སྔོན་ལ་འབྲེལ་འདྲེས་བྱས། དེ་
ནས་ཕན་ཚུན་གྱི་བློ་ཁ་དང་བསམ་བློ་མཐུན་
མིན། ཤེས་ཡོན་དང་གཤིས་ཀ་མཐུན་མིན།
དཔལ་འབྱོར་གནས་བབ་སོགས་ལ་རྒྱུས་ལོན་
བྱས་ཚར་བའི་རྗེས་ལ་ཆང་ས་རྒྱག་གི་འདུག
ང་ལྟ་བུར་མཚོན་ན་དེ་ལྟར་རྒྱུས་ལོན་མང་བ་
“བོད་ཀྱི་ཤེས་ཡོན་གྱི་ངོ་བོ་དེ་གནའ་སྔ་མོ་ནས་ཆོས་ལུགས་ཀྱི་ངོ་བོར་
གནས་བསྡད་པ་མ་གཏོགས་སྤྱི་ཚོགས་རང་བཞིན་ཅན་དང་སྤྱི་ཚོགས་ཀྱི་
དགོས་མཁོ་སྐོང་ཐུབ་པའི་ཤེས་ཡོན་གྱི་རྣམ་གྲངས་ཏེ། ང་ཚོའི་བོད་པར་
ཧ་ལམ་ཡོད་པ་མ་རེད། དེ་མེད་སྟབས་ཁ་སང་དེ་རིང་ང་ཚོའི་མིའི་རྗེས་
མ་ཆོད་པའང་དེ་རེད། གསར་བ་ཞིག་བཟོ་དགོས་དུས་རྣམ་དཔྱོད་ཅན་
དེ་འདྲ་ཡང་ཡར་བསླེབ་ཐུབ་ཀྱི་མེད་ལ། གཞུང་དང་སྒྲིག་འཛུགས་ཤིག་
གི་ངོས་ནས་སྐྱེད་སྲིང་ཡང་བྱེད་ཀྱི་ཡོད་པ་མ་རེད། དེ་ཚོ་ཧ་ལས་པའི་
གལ་ཆེན་པོ་རེད།”
ཤེས་རབ་དར་རྒྱས།
གཟའ་སྤེན་པ།, 24 /09/ 2011 10:47
ངེད་རྩོམ་སྒྲིག་པར་ད་ལྟ་མུ་ན་ལིར་བཞུགས་པའི་བོད་རིགས་བུ་མོ་ xxx ལགས་
ཀྱིས་ཁ་པར་བསླེབས་ཏེ་གསུངས་དོན། ང་རང་ད་ལྟ་རང་ལོ་ཉེར་བརྒྱད་ཡིན་ལ་ཕ་ཡུལ་
ཨ་མདོ་ནས་ཡིན། མུ་ན་ལིར་གནས་སྡོད་བྱེད་ཀྱིན་ཡོད། སྐྱེ་ས་ཤིས་ལོང་དང་ཆུང་དུས་
འཛིན་རིམ་བརྒྱད་པ་བར་སློབ་གྲྭར་འགྲིམས་མྱོང་། ཆང་ས་ཐེངས་གཅིག་བརྒྱབས་མྱོང་
བ་དང་རང་ལོ་བཅུ་གཅིག་ལ་བུད་པའི་བུ་ཞིག་ཡོད། ཡིན་ནའང་། དེང་སྐབས་བཟའ་
འཐོར་བྱས་ཏེ་ཁེར་རྐྱང་དུ་བསྡད་ནས་ཡུན་རིང་སོང་ལ་སྙིང་ནས་བརྩེ་བའི་བུ་ཆུང་ཡང་
དགོན་པ་ག་གེ་མོ་ཞིག་ཏུ་གྲྭ་པ་བྱས་ནས་བསྡད་ཡོད།
ད་ལྟ་ངས་ཡང་བསྐྱར་རང་ཉིད་ལ་འཚམ་པའི་ཁྱོ་ག་བཟང་བོ་ཞིག་བཙལ་ཏེ་འཇིག་
རྟེན་གྱི་བཟའ་ཟླ་ཕོ་མོ་སྤྱི་མཚུངས་ལྟར། ཁྱོ་གའི་བྱམས་སྐྱོང་འོག་ཕོ་མོ་གཉིས་འཛོམས་
ཀྱི་ཁྱིམ་ཚང་ཅན་ཞིག་ནས་འཚོ་བ་རོལ་ན་འདོད་ལ། རྒྱ་བལ་འབྲུག་གསུམ་གཙོས་ཕྱི་
རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་རིགས་སྐྱེས་པ་རང་ལོ་ ༣༠ ནས་ ༣༥ ཡས་མས་
ཀྱི་ཁྱོ་ག་ཞིག་བྱུང་ན་བསམ་གྱིན་འདུག
ང་རང་ནམ་རྒྱུན་ཁ་བསང་པོ་དང་མི་ལ་གཤིབ་བདེ་བོ། འདྲིས་ཆོག་ཆོག་དེ་འདྲ་
ཡིན། གཟུགས་པོའ་ིརིང་ཐུང་དང་རྣམ་པ་སོགས་འབྲིང་ཙམ་ཡིན། ང་ལ་ཁྱོ་ག་རང་ཉིད་
ལ་འཆམ་པོ་བྱེད་མཁན་དང་མི་ཚེ་ལ་འགན་འཁུར་ཐུབ་མཁན། ཡང་ན་ཁྱོ་ག་རང་ཉིད་
ལ་གདེང་ཚོད་ཡོད་མཁན། ང་དང་མཉམ་དུ་སྐྱིད་སྡུག་གང་འདྲ་ཞིག་བྱུང་ཡང་མཉམ་
འགྲོགས་མཉམ་འདུག་བྱེད་མཁན་ཞིག་བྱུང་ན་བསམ་གྱིན་འདུག རྒྱུ་དངོས་དང་རྫིག་
ཉམས་དེ་ཙམ་གལ་ཆེན་པོ་མིན། གཙོ་བོ་མི་ཚེ་མཐའ་འཁྱོལ་བྱ་རྒྱུ་དེ་རེད་ཅེས་ཟེར།
ཁོ་མོ་ནི་ངེད་ཆང་ས་དྲ་བ་སྒོ་འབྱེད་བྱས་པ་ནས་དངོས་སུ་ངེད་རྩོམ་སྒྲིག་པར་གཞུང་
འབྲེལ་ཐོག་འབྲེལ་བ་བྱས་ཏེ་བཟའ་ཟླ་འཚོལ་མཁན་གྱི་བུད་མེད་དང་པོ་རེད་ལ། ངེད་
རྩོམ་སྒྲིག་པས་ཀྱང་ཁོང་གི་རེ་འདུན་བཞིན་མ་འོངས་པའི་ཁྱོ་ག་བཟང་བོ་ཞིག་རེག་
རྒྱུར་སྨོན་ལམ་རྒྱག
ཆང་ས་རྩོམ་སྒྲིག་ཚན་ཆུང་གིས།
རྩོམ་སྒྲིག་པའི་མཆན།
གོང་གསལ་བུ་མོ་འདིར་ཁོ་མོའ་ིའདོད་པ་བཞིན་གྱི་སྐྱེས་པ་ཞིག་རེག་སྟེ། ད་ལྟ་
ཁོང་གཉིས་ཀྱིས་མཛའ་གྲོགས་བསྒྲིགས་ནས་བསྡད་ཡོད་ལ། ཕན་ཚུན་ལ་བརྩེ་དུང་
ཡང་ཟབ་མོ་བསླེབས་ཡོད་འདུག ཁོང་གཉིས་ཀྱིས་ངེད་རྩོམ་སྒྲིག་པར་བརྗོད་དོན་
ལྟར་ན། ད་ལྟ་ད་དུང་ཕན་ཚུན་གྱི་སེམས་དང་བསམ་པའི་ཕྱི་ནང་ཤེས་པའི་དུས་ཡུན་
གང་འཚམ་འཇོག་ཆེད། གནས་སྐབས་རིང་གཉེན་སྒྲིག་བྱ་རྒྱུ་མིན་ཟེར།
གཟའ་ཕུར་བུ།, 22 /09/ 2011 09:53
ཨ་རིར་བཞུགས་པའི་སྐུ་ཞབས་ xxx ལགས་ཀྱིས་ངེད་ཆང་ས་དྲ་བར་གཞུང་
འབྲེལ་ཐོག་འབྲེལ་བ་གནང་སྟེ། ཁོང་ལ་ཨ་རི་རང་དུ་གནས་བཞུགས་བྱེད་མཁན་གྱི་
ཆུང་མ་ཞིག་དགོས་པ་དང་། ཁོང་གིས་འཚོལ་འདོད་པའི་ཆུང་མའི་སྟེང་ནས་གཤམ་གྱི་
ཁྱད་ཆོས་དག་ཚང་ན་ད་གཟོད་ཁོང་གི་ཚེ་གཅིག་གི་ཟླ་བོར་གདམ་སྲིད་པར་གསུང་གི་
འདུག གཤམ་ནི་ཁོང་གིས་དབྱིན་ཡིག་ཏུ་བསྐུར་བ་ཇི་བཞིན་བོད་བསྒྱུར་བྱས་ཏེ་འདིར་
བཀོད་པ་ཡིན། ཨ་རིར་གནས་བཞུགས་བུད་མེད་རྣམས་ཀྱིས་དོ་སྣང་གནང་རོགས།
ངའི་སྐོར། ང་ནི་ཕོ་ལོ་ ༣༤ བུད་པའི་ཨ་མདོ་བ་བཟང་པོ་ཞིག་ཡིན། ངའི་ལྗིད་ཚད་ལ་རྒྱ་མ་
༡༡༨ དང་གཟུགས་ཚད་ལ་རྨི་ ༡།༦༨ ཡོད་ལ། ཤ་མདོག་དཀར་བ་དང་བརྒྱ་ཆའི་
ལྔ་བཅུ་ནུབ་ལུགས་ལ་གོམས་ཡོད། ངའི་ཁ་བསང་པོ་ཡིན་ཞིང་གཟུགས་པོ་ཐང་པོ་
ཡིན། ངས་འཕྲོད་བསྟེན་གྱི་ཚོགས་པ་ཞིག་ན་དུས་ཡུན་ཆ་ཚང་གི་ལས་ཀ་ཞིག་བྱེད་
ཞོར་སློབ་སྦྱོང་བྱེད་བཞིན་ཡོད། ཉེ་བའི་ཆར་ང་ལ་དགའ་རོགས་མེད། ང་ནི་ཨ་རིའི་
མི་སེར་ཡིན་ཞིང་ཨ་རི་ནས་ལོ་ངོ་བཅུ་ལ་བསྡད་པ་ཡིན། ང་རང་དངོས་ནས་ངའི་
ལས་ཀར་དགའ་ཞིང་ལས་ཀ་བྱེད་སར་ཡོང་མཁན་དག་ལ་རོགས་པ་བྱེད་རྒྱུར་དགའ།
ངའི་དམིགས་ཡུལ་ནི་ཁྲིམས་ཐོག་ནས་མི་མང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན། རྒྱུ་མཚན་ནི་
མི་མང་གི་བདེ་འཇགས་ནི་ངའི་དམིགས་ཡུལ་དང་པོ་ཡིན། ངའི་ལྟ་བ་ནི་ཕོ་མོ་འདྲ་
མཉམ་དང་ལས་ཀ་ག་རེ་བྱས་ཀྱང་འདྲ་མཉམ་གྱི་ཐོབ་ཐང་ལོངས་སུ་སྤྱོད་པའི་ཐོག་
ནས་བྱ་བ་བྱ་རྒྱུ་ཡིན།
ངའི་སོས་དལ་གྱི་དུས་སྐབས། ང་རང་གྲོགས་པོ་དང་ལྷན་དུ་སི་ཊ་བྷག་སི་ (STARBUCKS ) འཚིག་ཇ་ཁང་དུ་
འགྲོ་བ་དང། དཔེ་མཛོད་ཁང་དང། སྟེགས་སྒྲོམ་སྤོ་ལོ་རྩེ་ས། གཞས་འཁྲབ་ས། རོགས་
པ་བྱེད་ས་བཅས་སུ་འགྲོ་བ། དགོང་ཟས་དང་སོ་ཞི་ (sushi) ཟ་བར་འགྲོ་བ། གཞས་
ལ་ཉན་རྒྱུ་དང། གློག་བརྙན་ལ་བལྟ་བར་འགྲོ་བ། གནམ་གཤིས་ཡག་པའི་སྐབས་སུ་ས་
ཐག་རིང་བོར་རླངས་འཁོར་བཏང་ནས་འགྲོ་བ། ད་དུང་འཛམ་གླིང་གི་ས་ཆ་གང་སར་
འགྲུལ་བཞུད་བྱེད་པར་དགའ། ང་རང་སོས་དལ་དང་སྐྱིད་པོའ་ིཁྱིམ་ལ་དགའ་ཞིང་གླེང་
མོལ་ལ་དུང། ང་རང་དགའ་བོ་ལ་འཆམ་པོ་བྱེད་རྒྱུར་མཁས་ཤིང་། གུས་ཞབས་ལྡན་
པ་དང་ལྟ་སྐྱོང་བྱེད་མཁན་ཞིག་ཡིན། ངའི་གྲོགས་པོ་ཚོས་དུས་རྒྱུན་ང་རང་རང་ཉིད་
ཀྱི་སྙིང་སྡུག་ལ་ལྟ་སྐྱོང་ཡག་པོ་བྱེད་ཐུབ་མཁན་ཞིག་ཏུ་སེམས་བཞིན་ཡོད།
ངའི་ཟླ་བོའ་ིསྐོར།
ངས་ཁྱིམ ་ལས་བྱེད ་མཁན་དང་ལྟ་བ ་མཁྲེགས་པོ ་ཅན། དཀའ་ངལ་
བཟོ་མཁན། གཏམ་བརྗོད་འཁྲབ་མཁན་ལྟ་བུ། ཡང་ན་ཉལ་ཐ་ནག་པོ་དང་
འབྲེ ལ ་ བ ་ཡོ ད ་ མཁན ། ན ་ཚ ་ཡོ ད ་ མཁན ་ཞི ག ་ འཚོ ལ ་ བཞི ན ་ མེ ད །
ངས་རང་ལོ་ ༣༨ མན་དང་ཨ་རིར་གནས་སྡོད་བྱེད་མཁན། བུད་མེད་རང་ཉིད་ཀྱི་
དམིགས་ཡུལ་འགྲུབ་པར་གདེང་ཚོད་ཡོད་མཁན་ཞིག་འཚོལ་བཞིན་ཡོད། ད་དུང་
། ཁོ་མོ་གྲུང་པོ་དང་དེང་རབས་རིག་གནས་གང་འཚམ་ཡོད་པ། གོ་རྟོགས་ཡོད་ཅིང་
དེང་རབས་ཀྱི་སྲོལ་ལ་དགའ་བ། གུས་ཞབས་ལྡན་ཞིང་རང་ཉིད་ཀྱི་མཛའ་གྲོགས་
དང་མི་ཚེ་ལ་གཅེས་སྤྲས་ཡག་པོ་བྱེད་ཐུབ་པའི་ཁྱད་ཆོས་ཅན་ཞིག་འཚོལ་གྱིན་ཡོད།
ཆོལ་ཁ་དང་སྐྱེས་ཡུལ། ཆོས་ལུགས། རིགས་རུས་སོགས་ནི་གལ་ཆེན་པོ་མིན།
འོན་ཀྱང་། འབྲེལ་བ་དང་མི་ཚེའི་ཆེད་དུ་བུ་མོ་སྤྱང་གྲུང་དང་ལྡན་པ་ཞིག་ལ་དགའ་
བོ་ཡོད། གལ་ཏེ་ཁྱོད་ཀྱིས་ཁྱོད་རང་ངའི་ཟླ་བོར་འོས་པར་བསམ་ན་ཆང་ས་དྲ་
བར་འབྲེལ་བ་བྱེད་རོགས། འདི་ནི་དྲ་བའི་སྒྲིག་ཁྲིམས་ལ་གུས་བརྩི་བྱས་པ་ཡིན།
ཁྱོད་ཀྱིས་དུས་ཚོད་བཏང་བར་ཐུགས་རྗེ་ཆེ།
རྩོམ་སྒྲིག་པའི་མཆན།
གལ་སྲིད་ཨ་རིར་གནས་བཞུགས་ཀྱི་བུད་མེད་སུ་རུང་གིས་ཁོང་གིས་འཚོལ་
འདོད་པའི་བུད་མེད་དེ་རང་ཉིད་རེད་སྙམ་པ་བྱུང་ན། ངེད་དྲ་བའི་གཞུང་འབྲེལ་གློག་
འཕྲིན་ཐོག་འབྲེལ་བ་གནང་ཆོག ད་དུང་ཁྱེད་ཀྱིས་ཁོང་གི་སྐོར་མང་ཙམ་ཤེས་པ་དང་
ཁོང་དང་གླེང་མོལ་བྱེད་ནའང་ཐོག་མར་ངེད་དྲ་བར་འབྲེལ་བ་གནང་དགོས་པར་མ་ཟད།
ངེད་དྲ་བའི་ངོས་ནས་ཁྱེད་རང་ལྷག་བསམ་རྣམ་དག་ཡིན་པར་ཡིད་ཆེས་བརྙེད་པ་བྱ་
དགོས། དེ་ལྟར་བྱུང་རྗེས་ངེད་ཅག་གིས་ཁྱེད་ལ་ཁོང་གི་གློག་འཕྲིན་དང་ཁ་པར་ཨང་
སོགས་སྤྲད་དེ་ཁྱེད་གཉིས་ལ་རང་དབང་སྒོས་གླེང་མོལ་བྱེད་པའི་གོ་སྐབས་བསྐྲུན་པ་
ཡིན་མོད། ཐུགས་ལ་ངེས་དགོས་པ་ཞིག་ནི་གཉེན་སྒྲིག་ཁང་ཞེས་པར་ཡོད་པའི་རྩོམ་
སྒྲིག་པའི་གསལ་བཤད་ཅེས་པ་སྔོན་ལ་ངེས་པར་དུ་ཀློགས།དེ་ནས་ལྷོད་ལྷོད་བྱོས།
འདང་རྒྱོབས། མཇུག་མཐར་ཐག་ཆོད་སོང་ན་ངེད་དྲ་བར་འབྲེལ་བ་བྱོས།
ཆང་ས་དྲ་བ་རྩོམ་སྒྲིག་ཁང་གིས།
གཟའ་ཉི་མ།, 04 /12/ 2011 14:57
དོ་བདག་གི་གསལ་བཤད།
ཆང་ས་དྲ་བ་འདིའི་གཙོ་སྐྱོང་བ་དང་རྩོམ་སྒྲིག་པ་ལགས། བཟའ་འཚོལ་སྟེགས་བུ་འདི་
གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ། ངས་འདིར་གྲོགས་པོ་ཞིག་བརྒྱུད་ནས་ཁྱེད་ཚོའི་དྲ་བ་
འདི་ངོ་ཤེས་པ་ཡིན། བོད་ཀྱི་སྤྱི་ཚོགས་ནང་དྲ་ཐོག་ཏུ་བཟའ་ཟླ་འཚོལ་ས་ཞིག་ཡོད་པ་དེ་
རིང་བར་ཤེས་མ་སོང་། བདག་གིས་ཀྱང་འདིར་བཟའ་ཟླ་ཞིག་འཚོལ་གྱིན་ཡོད་པས་མོས་
འདུན་ཡོད་མཁན་སུ་ཞིག་ཡིན་རུང་། གཤམ་གྱི་ཁ་བྱང་ཐོག་འབྲེལ་གཏུག་བྱེད་རོགས།
ངའི་མིང་ལ་ཕུན་ཚོགས་རྡོ་རྗེ། སྐྱེས་ཡུལ་རྡ་རམ་ས་ལ། ད་ལྟའི་སྡོད་གནས་ཧྥ་རན་
སིའི་ལྷོ་ཕྱོགས། ད་ལྟ་རང་ལོ་༤༧ ཡིན། སྔོན་ཆད་གཉེན་སྒྲིག་ཐེངས་གཅིག་བྱས་མྱོང་
། རྒྱུ་རྐྱེན་མང་པོ་ཞིག་གིས་སྔོན་མའི་བཟའ་ཟླ་དང་ཁ་བྲལ་བྱེད་དགོས་སོང་། རྒྱ་གར་ན་བུ་
ཆུང་གཉིས་ཡོད། ཁོང་གཉིས་ཀྱི་འཚོ་བའི་རྟེན་གཞི་སོགས་ལ་སེམས་ཁུར་གང་ཡང་མེད།
ངས་འཚོལ་བཞིན་པའི་ཆུང་མ་ནི་ཕྱི་གསལ་ནང་གསལ་དང་ལུས་སེམས་བདེ་ཐང་ཡིན་
དགོས། ཕྱིའི་རྣམ་པ་འགྲིག་ཙམ་ཡོད་ན་འགྲིག ལོ་རང་ལས་རྒན་གཞོན་གང་ཡིན་རུང་འགྲིག
གཞན་ངའི་སྐོར་མིང་ཙམ་ཤེས་འདོད་ན་ཁ་པར་དང་གློག་འཕྲིན་གང་རུང་བརྒྱུད་ནས་འབྲེལ་
བ་བྱེད་ཆོག
ཁ་པར་ཨང་གྲངས། ( *************)
གློག་འཕྲིན་ཨང་། (**************)
གལ་སྲིད་འབྲེལ་བ་གནང་མཁན་ཡོད་ན་ངོ་ཚ་དང་བག་འཁུམ་མ་མཛད་པར་འབྲེལ་བ་གནང་
རོགས། ཐུགས་རྗེ་ཆེ།།
ངེད་དྲ་བའི་གསལ་བཤད།
བཀུར་འོས་པའི་ཀློག་མཁན་རྣམ་པ། གོང་དུ་སྐུ་ཞབས་ཕུན་ཚོགས་རྡོ་རྗེ་ལགས་ཀྱིས་
ཁོང་རང་ཉིད་ཀྱི་སྐོར་དང་། ཁོང་གིས་འཚོལ་གྱིན་པའི་ཆུང་མ་གང་འདྲ་ཞིག་དགོས་
མིན་སོགས་རོབ་ཙམ་གསལ་བཤད་གནང་འདུག་ལ། དེ་དང་མཉམ་དུ་ཁོང་གི་ཁ་པར་
དང་གློག་འཕྲིན་ཨང་གྲངས་ཀྱང་བསྐུར་འདུག་མོད། གལ་སྲིད་དངོས་གནས་ཁོང་དང་
མཉམ་དུ་སྐད་ཆ་བཤད་འདོད་མཁན་དང་ཁོང་དང་མཉམ་དུ་མི་ཚེ་སྐྱེལ་འདོད་མཁན་
སོགས་ཡོད་ན། ངེད་དྲ་བ་བརྒྱུད་ནས་ཁོང་ལ་འབྲེལ་བ་བྱ་དགོས་པ་ངེད་དྲ་བའི་སྒྲིག་
གཞིར་སོང་། ཁོང་གི་ཁ་པར་དང་གློག་འཕྲིན་གྱི་ཨང་གྲངས་གཉིས་འདིར་བཀོད་མེད།
ཁོང་ལ་འབྲེལ་གཏུག་བྱ་འདོད་མཁན་གྱི་བུད་མེད་སུ་ཞིག་ཡིན་རུང་ངེད་དྲ་བར་འབྲེལ་བ་གནང་
དགོས་པ་དང་། ངེད་དྲ་བའི་ <<གཉེན་སྒྲིག་ཁང་། >> ལེ་ཚན་ནང་གི་རྩོམ་སྒྲིག་པའི་གསལ་
བརྡ་ཅེས་པ་ངེས་པར་དུ་བཀླག་དགོས་པ་དགོངས་འཇགས་ཞུ།
ཆང་ས་རྩོམ་སྒྲིག་ཚན་ཆུང་གིས།
༄༅། །བཀུར་འོས་པའི་རྒྱ་ཆེའི་ཀློག་མཁན་རྣམ་པ།
ཁམས་བཟང་། ངེད་ཆང་ས་དྲ་བས་ད་བར་བོད་ཀྱི་སྤྱི་ཚོགས་ཁྲོད་ལྷག་ལུས་སུ་སོང་བའི་
སྟོང་ཆ་མང་བོ་ཞིག་བསྐོང་འདོད་ཡོད་པ་དང་། དེ་དག་ཁྲོད་ཀྱི་ལས་རིམ་གཅིག་ནི་བཟའ་ཟླ་ཕོ་
མོའ་ིནང་ཁུལ་དུ་སྐབས་རེར་གནད་དོན་ཆུང་ཙག་རིགས་ལ་བརྟེན་ནས་ཁ་རྩོད་འཆོར་བ་དང་།
འཁྲུག་འཛིང་བྱེད་པ། རྟག་ཏུ་བཟའ་འཁོན་གྱི་དུས་འདའ་བར་བྱས་ནས་ཁྱིམ་ཚང་མི་བདེ་བ་དང་
མི་ཚེ་མི་སྐྱིད་པ་ཡོང་གི་ཡོད། མི་ཡི་བདེ་སྐྱིད་ནི་མི་ཚེའི་སྙིང་བོ་ཡིན་པར་འདོད་དེ། ངེད་རྩོམ་
སྒྲིག་ཚན་ཆུང་གིས་ལས་རིམ་གསར་བ་འདི་གོ་སྒྲིག་བྱས་ཡོད།
ལས་རིམ་དེའི་ནང་མཉམ་ཞུགས་བྱ་རྒྱུར་ཧ་ཅང་སྟབས་བདེ་ལ་དེ་ནི་རྒྱུན་པར་བཟའ་ འཁོན་
ལས་ཐར་མི་ཐུབ་པའི་བཟའ་ཟླ་རྣམས་ལ་མཚོན་ན་ཧ་ཅང་གལ་ཆེན་ཡང་ཡིན། དཔེར་ན། རྩོད་
གཞི་ཆེན་པོ་མེད་ཀྱང་ལྟ་ཚུལ་མི་མཐུན་པ་དང་དམིགས་ཡུལ་མི་གཅིག་པ། ལས་དོན་མི་གཅིག་
པ་སོགས་ཀྱི་དབང་གིས་བཟའ་ཟླ་རེ་ཟུང་ལ་རྟག་པར་བཟའ་འཁོན་ཡོང་གི་ཡོད་ལ། ཡང་དོན་
དག་དེའི་རིགས་རྩོད་གཞི་ཆེན་པོ་མིན་པར་བཟའ་ཟླ་ཟུང་གིས་ཕན་ཚུན་ལ་བསམ་ཤེས་ཅུང་
ཙམ་རེ་དང་། ཡང་ན་གཅིག་ཤོས་ཀྱི་བསམ་བློ་གུ་དོག་རུང་གཅིག་ཤོས་ཀྱིས་ཅུང་གུ་ཡངས་
དང་བཟོད་སྒོམ་བྱས་པས་དཀའ་ཁག་དེ་ལས་ཡོངས་སུ་གྲོལ་ཐུབ་པ་འབྱུང་སྲིད།
དེས་ན་བཟའ་ཟླ་ཕོ་མོ་སུ་ཞིག་ཡིན་རུང་རང་གི་བཟའ་ཟླ་དང་མཉམ་དུ་སྐབས་རེར་རྩོད་
གཞི་མེད་ཀྱང་། བཟའ་འཁོན་རྒྱུན་ཆད་མེད་པར་ཡོང་བའི་རིགས་ཀྱིས་ངེད་དྲ་བར་ཡིག་ཐོག་
ནས་དྲི་བ་དྲིས་ཏེ། རང་གི་དཀའ་ངལ་དེ་སེལ་ཐབས་བྱས་ཆོག་ལ། ངེད་དྲ་བས་ཁྱེད་ཀྱི་དྲི་
བར་ལེགས་པར་ཉན་རྗེས་ཁྱེད་ཀྱི་དཀའ་ངལ་དེ་ཇི་ལྟར་བྱས་ན་སེལ་ཐུབ་མིན་གྱི་ལམ་སྟོན་
གང་ལེགས་བྱ་ཆོག
ངེད་དྲ་བས་ཀྱང་ལན་འདེབས་མི་ཐུབ་པའི་རིགས་ཡིན་ཚེ། ངེད་དྲ་བས་བོད་ཀྱི་རྩོད་རྙོག་
འདུམ་འགྲིག་ཁང་དང་སྤྱི་ཚོགས་ཁྲོད་ཀྱི་ཉམས་མྱོང་མཁས་ཅན་དག་ལ་བཅར་འདྲིའི་ལམ་
ནས་དྲི་བ་གཏོང་མཁན་ལ་ལན་བཙལ་ཆོག དེ་ལྟར་ལགས་པས། ཁྱོད་ལ་བཟའ་ཚང་ཐད་ནས་
དཀའ་ངལ་འདྲ་ཡོད་དམ། ངེད་དྲ་བར་དྲིས་ན་འདོད་པའི་དྲི་བ་འདྲ་ཡོད་དམ། ཡོད་ན་འདྲི་རྐྱང་
གནོངས་དང་ངེད་དྲ་བས་ལན་འདེབས་བྱེད་ཆོག
ངེད་དྲ་བར་དྲི་གཏུགས་བྱེད་སྐབས་རང་ཉིད་ཀྱི་དངོས་མིང་དང་གློག་འཕྲིན་ཨང་། ཁ་པར་
ཨང་། སྡོད་གནས་སོགས་གསལ་བོར་དགོས་ཀྱང་ངེད་དྲ་བས་དེ་དག་དྲ་སྟེང་དུ་མི་བཀོད་པར་
མ་ཟད། ད་དུང་ཁྱེད་ཀྱི་དངོས་མིང་མིན་པའི་སྙུག་མིང་དང་སྦས་མིང་སོགས་བེད་སྤྱོད་འདོད་
ཡོད་ན་དེ་ལྟར་གནང་ཆོག
ངེད་རྩོམ་སྒྲིག་ཚན་ཆུང་གིས།
ཁྱོ་ག་འཚོལ་མཁན་གྱི་བུ་མོ། ཆུང་མ་འཚོལ་བ།
བཟའ་འཁོན་སྐོར་གྱི་ལས་རིམ།
ད་ལྟ་ཨ་རིར་གནས་སྡོད་བྱེད་ཀྱིན་
པའི་ཆུང་མ་ཞིག་དགོས།
གསལ་བརྡ།
ངེད་ཆང་ས་དྲ་བ་བརྒྱུད་དེ་མི་ཚེ་གཅིག་གི་བཟའ་ཟླ་འཚོལ་མཁན་སུ་འདྲ་ཞིག་ཡིན་
རུང་། ངེད་དྲ་བས་ངོས་ནས་རིགས་རུས་དང་ཕོ་མོ་རྒན་གཞོན། དབུལ་ཕྱུག ལས་
གནས་མཐོ་དམའ་སོགས་ཀྱི་དབྱེ་བ་མེད་པར་དགའ་བསུ་ཞུ་རྒྱུ་ཡིན་མོད། གལ་སྲིད་
ངེད་དྲ་བ་བརྒྱུད་དེ་རང་གི་ཚེ་གྲོགས་འཚོལ་འདོད་མཁན་ཞིག་ཡིན་ན་ཐོག་མར་ངེད་
དྲ་བའི་རྩོམ་སྒྲིག་པའི་གསལ་བཤད་ཅེས་པ་ངེས་པར་དུ་ཀློག་རོགས།
ཆང་ས་རྩོམ་སྒྲིག་པས།
བཀུར་འོས་པའི་ཀློག་མཁན་རྣམ་པ། ངེད་ཆང་ས་དྲ་བ་ནི་བོད་མི་རིགས་ཀྱི་སྐད་ཡིག་ལ་
དུང་ཞེན་ཟབ་ཅིང་། བོད་སྐད་ཡིག་འདི་བཞིན་དུས་རབས་འདིའི་ན་གཞོན་རྣམས་ཀྱི་སེམས་
ཀྱི་ཟབ་ས་དང་སྙིང་གི་དཀྱིལ་སྙིང་དུ་བཞག་སྟེ། བོད་སྐད་ཡིག་འདི་བཞིན་སྔར་བས་ཀྱང་ཡར་
རྒྱས་གོང་འཕེལ་དུ་འགྲོ་རྒྱུར་དམིགས་ཏེ། ཁེ་མེད་དང་བླངས་པ་ཁག་ཅིག་གིས་ལས་ཞོར་དང་
སློབ་ཞོར་དུ་གཉེར་གྱིན་པའི་དྲ་ཚིགས་ཤིག་ཡིན་ལ། ང་ཚོས་དྲ་ཚིགས་འདི་གཉེར་བའི་ཞོར་དུ་
ཚགས་དེབ་ཅིག་ཀྱང་སྐབས་སྟུབས་ཀྱིས་འདོན་རྒྱུར་དམིགས་ཀྱིན་ཡོད་སྟབས། ངེད་དྲ་བར་
རྒྱབ་སྐྱོར་བྱེད་སྟངས་འགའ་ཡོད་པ་གཤམ་གསལ་ལྟར་ཡིན།
གཅིག ངེད་དྲ་བའི་ལངས་ཕྱོགས་དང་འཚམ་ཞིང་རྩོམ་ལུས་སྣ་ཚོགས་སྒོས་རྩོམ་ཡིག་
བསྐུར་བ།
གཉིས། དུས་རབས་འདིའི་ནང་གསར་དུ་འཚར་ལོངས་བྱུང་དང་འབྱུང་བཞིན་པའི་བོད་
རིགས་གཞོན་སྐྱེས་མང་དག་ཅིག ལག་རྩེད་སྤོ་ལོ་དང་རྐང་རྩེད་སྤོ་ལོ། དབྱུག་རྩེད་སྤོ་ལོ་སོགས་
རྩེད་རིགས་སྣ་ཚོགས་ལ་དོ་སྣང་ཆེན་པོ་ཡོད་སྟབས། ང་ཚོས་དམིགས་བསལ་རྩེད་རིགས་
ལེ་ཚན་ཞིག་ཆེད་བསྒྲིག་བྱ་རྒྱུ་ཡིན་པས། རྣམ་པ་ཚོས་རྩེད་མོ་བ་གྲགས་ཅན་གྱི་ལོ་རྒྱུས་བོད་
བསྒྱུར་དང་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཁག་ཏུ་རྩེ་བཞིན་པའི་རྩེད་རིགས་སྣ་ཚོགས་སྐོར་ནས་
གསར་འགྱུར་གཏོང་བ།
གསུམ། ན་གཞོན་ཕོ་མོ་དག་གི་བརྩེ་དུང་དང་འཚོ་བ་དངོས་ཀྱི་སྣང་བརྙན་མཚོན་པའི་མཉམ་
པར་དང་། སྟག་ཤ་རའི་རྫིག་ཉམས་དང་སྨན་བུ་མོའ་ིདང་མཛེས་སྡུག་ངོམ་པའི་པར་རིས་སོགས་
བསྐུར་བ།
བཞི། ངེད་དྲ་བས་ཚེ་གྲོགས་འཚོལ་བུའི་སྟེགས་བུའམ་གཉེན་སྒྲིག་ཁང་ཞེས་པ་ཞིག་བསྐྲུན་
ཏེ། འཛམ་གླིང་གི་ས་ཕྱོགས་གང་སར་ཁ་འཐོར་དུ་སོང་བའི་བོད་རིགས་གཞོན་སྐྱེས་རྣམས་ལ་
རང་གི་མི་ཚེའི་དམིགས་འདུན་དང་འཚམ་པའི་ཚེ་གྲོགས་རེ་འཚོལ་བར་ཐབས་ཤེས་བྱེད་ཀྱིན་
པ་ལྟར། ཁྱེད་ཅག་གི་ཉེ་འཁོར་ན་དེ་ལྟ་བུའི་ངེད་དྲ་བ་བརྒྱུད་དེ་བཟའ་ཟླ་འཚོལ་མཁན་ཡོད་ཚེ།
ངེད་དྲ་བར་ངོ་སྤྲོད་དང་ངེད་དྲ་བའི་ལངས་ཕྱོགས་ལྟར། ཁོང་རང་ཉིད་ཀྱིས་འཚོལ་བཞིན་པའི་ཚེ་
གཅིག་གི་སྐྱ་ཡ་གང་འདྲ་ཞིག་ཡིན་པ་བཅས་ཡིག་ངག་གཉིས་ཐོག་ནས་གཏོང་རོགས།
ལྔ། གོང་ཞུས་ལྟར་ངེད་དྲ་བ་ནི་བོད་སྐད་ཡིག་ལ་དུང་ཞེན་ཟབ་པའི་བོད་རིགས་ཁག་ཅིག་
གིས་ཁེ་མེད་དང་བླངས་ཀྱིས་སྒྲུབ་བཞིན་པའི་ལས་རིགས་ཤིག་ཡིན་ཐོག སྐབས་དང་དུས་ལ་
བསྟུན་ཏེ་ལས་འགུལ་སྣ་ཚོགས་ཤིག་གོ་སྒྲིག་བྱ་འཆར་ཡོད་པར་མ་ཟད། མ་འོངས་པར་མུ་
མཐུད་དེ་རྒྱ་བསྐྱེད་བྱེད་འཆར་སོགས་འཆར་གཞི་མང་བོ་ཞིག་བསྒྲིགས་ཡོད་ཀྱང་། དངུལ་གྱི་
དཀའ་ངལ་ཤ གས་ཆེར་འཕྲད་ཀྱིན་ཡོད་སྟབས། ངེད་དྲ་བར་དངུལ་དངོས་ཀྱི་སྟེང་ནས་རོགས་
རམ་དང་རྒྱབ་སྐྱོར་གནང་བར་སྙིང་ནས་དགའ་བསུ་ཞུ།
ཆང་ས་དྲ་བའི་རྩོམ་སྒྲིག་ཚན་ཆུང་གིས།
ངེད་དྲ་བར་རྒྱབ་སྐྱོར་བྱེད་སྟངས།
ཤོག་ངོས་བཞི་བ།
བཟའ་ཚང་ཐད་ཀྱི་སེམས་ཚོར། ཁོྱ་མང་ཤ ག་གཅིག་དང་ཤ ག་མང་ཁོྱ་གཅིག་གི་སོྐར།
བདེ་སྐྱིད་དང་ལྡན་པའི་བཟའ་ཚང་ལ་མཁོ་བའི་གདམ་ངག་བཅུ།
བརྩེ་དུང་གཉེན་སྒྲིག་གི་བདེ་སྐྱིད་ལ་
བསྒྱུར་བ་ནི་ཁྱེད་ཀྱིས་འབོད་པའི་མི་ཚེའི་
ལམ་ཁ་ཡག་ཤོས་དེ་ཡིན། རང་ཉིད་དགའ་
སའི་མི་ལ་ཆང་ས་བརྒྱབས་ཏེ་བཟའ་ཚང་དེ་
བདེ་སྐྱིད་དང་ལྡན་པ་ཞིག་བཟོ་བར་དཀའ་
ལས་དཔག་མེད་ཅིག་རྒྱག་དགོས་པ་རེད།
བདེ་སྐྱིད་དང་ལྡན་པའི་བཟའ་ཚང་གི་ལྟ་ཚུལ་
ག་ལེར་ཡལ་བ་དེས་བཟའ་ཚང་ལ་ཉེན་ཁའི་
འགོག་རྐྱེན་སྣོན་ངེས། གཉེན་སྒྲིག་ནི་ལྷ་
ཡུལ་ནས་བཟོས་པར་བཤད་ཀྱང། ལྷ་ཡུལ་
དང་འདྲ་བའི་རེག་པ་དེས་དུས་རྒྱུན་དུ་གྲུབ་
འབྲས་ཐོན་པར་ཕན་ཐོགས་མི་ཐུབ། བཟའ་
ཚང་དོན་ལྡན་ཞིག་ཡོང་བར་ཁྱེད་ཀྱིས་འབད་
བརྩོན་ལྷག་མ་ཞིག་བྱེད་དགོས། ཁྱེད་གཉིས་
ཕལ་ཆེར་ལས་ཀྱིས་བཀོད་ཡོད་སྲིད། འོན་
ཀྱང་ལས་དོན་ཆུང་ཙག་ལ་བརྟེན་ནས་ཁོང་
ཁྲོ་ལངས་པ་ཡིན་ན་དཀའ་ངལ་ཐག་གཅོད་
མི་ཐུབ་པར་དཀའ་ངལ་མང་དུ་གཏོང་ངེས།
བཟའ་ཚང་དོན་ལྡན་ཞིག་ཡོང་བར་བྱེད་རྒྱུ་ནི་
བུད་མེད་གཅིག་པུའི་འགན་འཁུར་རེད་དམ།
མ་རེད། དེ་ནི་ཕྱོགས་གཉིས་ཀའི་འབད་པར་
བརྟེན་ནས་འགྲུབ་དགོས་པ་རེད། འགྲིག་ཅིང་
བདེ་སྐྱིད་ལྡན་པའི་གཉེན་སྒྲིག་ནི་འབྲེལ་ལམ་
ཐམས་ཅད་ཀྱི་མཆོག་དེ་ཡིན། གཉེན་སྒྲིག་
ལམ་ལྷོང་ཡོང་བར་ཐབས་ལམ་སྣ་ཚོགས་
ཤིག་ཡོད་པ་རེད། འདིར་ང་ཚོས་བདེ་སྐྱིད་
དང་ལྡན་པའི་བཟའ་ཚང་ལ་མཁོ་བའི་ཁྱད་
འཕགས་ཀྱི་གདམ་ངག་བཅུ་འགོད་རྒྱུ་ཡིན།
༡ དུས་རྒྱུན་དུ་བརྩེ་དུང་གི་མེ་སྟག་གསོན་
པོར་གནས་ཐུབ་པ་བྱ་དགོས།
མེ་སྟག་དེ་ནམ་ཡང་ཤི་རུ་འཇུག་མི་རུང།
དམིགས་བསལ་གྱི་དུས་ཆེན་འདྲ་མིན་རུང་ཟླ་
གྲོགས་ལ་རང་ཉིད་ཀྱི་ཚོར་སྣང་བཤད་པ་དང་
། ཐབས་ཤེས་སྣ་ཚོགས་སྤྱད་དེ་ཟླ་གྲོགས་ལ་
དམིགས་བསལ་གྱི་ཚོར་སྣང་སླེབས་པར་བྱ་
དགོས། བརྩེ་དུང་གིས་འབྲེལ་བ་དེ་བཅུད་ལྡན་
དང་གསོན་ཉམས་ལྡན་པ་བཟོ་ཐུབ། དཀའ་ངལ་
ཧ་ཅང་ཆེ་བའི་དུས་སུ་ཡིན་རུང། ཁྱོད་ཀྱིས་
དོན་དག་ཅིག་བཙལ་ཏེ་རང་ཉིད་ཀྱི་དགའ་བོ་ལ་
ཅི་ཙམ་དགའ་བ་དེ་བཤད་དགོས། ༼ང་ཁྱོད་ལ་
དགའ།༽ཞེས་པ་འདི་ནི་སྒྱུ་འཕྲུལ་གྱི་ཚིག་ཚོམ་
ཞིག་སྟེ་འདིས་སུ་ཡིན་རུང་གདོང་ལ་འཛུམ་
མདངས་སྣོན་ཐུབ་ལ་ཕོ་མོའ་ིདབར་གྱི་འབྲེལ་བ་
ཇེ་ཟབ་དང་ཇེ་བརྟན་དུ་གཏོང་ཐུབ།
༢ སུན་གཙེར་བཟོ་མི་རུང།
ཟླ་གྲོགས་ཀྱི་མདུན་ནས་སུན་གཙེར་བཟོ་
མཁན་ཞིག་ནམ་ཡང་བྱེད་མི་རུང། བྱེད་སྟངས་
འདིས་བཟའ་ཚང་གི་བདེ་སྐྱིད་འཕྲོ་བརླག་ཏུ་
གཏོང་སྲིད། འབྲེལ་བ་བཟང་པོ་ཞིག་ཉེར་རྒྱུ་ནི་
ཤིན་ཏུ་གལ་ཆེ་བས། ཟླ་གྲོགས་ཀྱི་དགའ་ས་
དང་མི་དགའ་ས་ཤེས་ཚེ་ཁྱེད་ཀྱིས་འབྲེལ་བ་
བཟང་པོ་ཞིག་ཉེར་ཐུབ། སུན་གཙེར་བཟོ་བ་
འདིས་གཉེན་སྒྲིག་བྱས་ཚར་བའི་མི་ཚེའི་བདེ་
སྐྱིད་ལ་གནོད་སྐྱེལ་ངེས།
༣ ཕན་ཚུན་ལ་བརྩི་བཀུར་བྱེད་དགོས།
བཟའ་ཚང་གི་མི་ཚེ་བདེ་པོ་དང་སྐྱིད་པོ་
ཞིག་ཡོང་བར། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་
བརྩི་བཀུར་བྱེད་དགོས་ལ། ཕན་ཚུན་གྱི་ཚོར་བ་
དང་འདུ་ཤེས་ལ་རིན་ཐང་སྤྲོད་དགོས། ཕྱོགས་
གཉིས་ཀྱི་མི་ཚེ་ལ་ལྟ་ཕྱོགས་མི་འདྲ་བ་ཡིན་
སྲིད། འོན་ཀྱང་འདི་ནི་ཕན་ཚུན་ལ་བཅངས་བའི་
བརྩེ་བ་དང་ངང་རྒྱུད་བརྟན་པོ་ཡིས་བཟའ་ཚང་
འདི་བདེ་སྐྱིད་དང་ལྡན་པ་ཞིག་བཟོ་བའི་གནས་
ཡིན།
༤ བདེན་པར་སྨྲ་བའི་རྟུལ་ཞུགས་
འཛིན་དགོས།
བཟའ་ཚང་སྐྱིད་པོ ་ཞིག་ཡོང་བར་ཁྱོད་
གཉིས་ཀྱི་དབར་དུ་གོ་ལོག་མི་འབྱུང་བའི་
ཆེད་དུ་གཏམ་གླེང་གི་འབྲེལ་ལམ་ངེས་ཅན་
ཞིག་ཡོད་དགོས། གཏམ་དཔེར་༼འདི་ནི་
ཁྱེད་ཀྱི་ཡིད་དབང་འཕྲོག་ཐུབ་པའི་ངའི་
གཏམ་གྱི་ཡོད་ཚད་ཡིན།༽ཞེས་པ་ལྟར།
རང་སེམས་ལ་ཐེ་ཚོམ་མི་བྱེད་པར་རང་
ཉིད་ཀྱི་སྙིང་གཏམ་བཤད་དགོས། ཁྱེད་
ཀྱིས་དུས་རྟག་ཏུ་མཛའ་འབྲེལ་གྱི་སྒྱུ་འཕྲུལ་
དེ་ཡང་བསྐྱར་རྙེད་ངེས།
༥ བློ་གཏད་བཅོལ་ཆོག་པ་བྱེད་
དགོས།
བཟའ་ཚང་གི་རྨང་གཞི་སྟེ་ཡིད་ཆེས་དང་
བློ་འགེལ། བློ་ཉེ་བོ་བཅས་ཀྱིས་བཟའ་ཚང་
སྐྱིད་པོ་ཞིག་ཡོང་བར་བྱེད་ལས་གལ་ཆེན་
ཞིག་འདོན་གྱིན་ཡོད། ཟླ་གྲོགས་ལ་རྫུན་
ནམ་ཡང་བཤད་མི་རུང་བ་དང། བདེན་
པ་ཡང་རང་སེམས་ལ་ཉར་ནས་འདུག་མི་ཉན།
འདིས་རྗེས་ཕྱོགས་རྙོག་དྲ་བཟོ་བ་དང་བསམ་པ་
གོ་ལོག་ཇེ་ཆེར་གཏོང་སྲིད།
༦ གསར་གཏོད་ལ་མཁས་དགོས།
བརྩེ་དུང་གསོན་པོར་གནས་ཆེད། དུས་དང་བསྟུན་
ནས་གསར་གཏོད་ལ་མཁས་དགོས། འཆར་ཅན་
གྱ་ིམ་ིཚེའ་ིའགྲ་ོལུགས་ཀྱསི་བཀྲགས་མདངས་དང་
འོད་མདངས་ཐམས་ཅད་མེད་པར་བཟོ་སྲིད། མི་
སྟག་དེ་ཕྱིར་འདྲེན་པར་ཟླ་གྲོགས་ཕན་ཚུན་དབར་
སྐྱིད་པོ་བཟོ་ཐུབ་པའི་ལས་ཀ་གསར་པ་ཧང་སང་
དགོས་པ་ཞིག་ཧང་སང་བའི་སྒོ་ནས་རྩོམ་དགོས།
འདིས་ཏན་ཏན་ཁྱེད་གཉིས་ཀྱི་མཛའ་འབྲེལ་གྱི་སྒྱུ་
འཕྲུལ་ད་ེསླར་གས་ོཐུབ་ངསེ། དུས་དང་བསྟུན་ནས་
བརྩེ་བ་དང་དུངས་པ་བྱམས་སྐྱོང་བཅས་གནང་
དགོས། འདི་ནི་དགོས་ངེས་ཞིག་ཡིན།
༧ དོན་ཕན་ཅན་གྱི་སྐྱོན་བརྗོད་ལ་ཡིད་
ཆེད་བྱ་དགོས།
མི་ཚང་མས་རང་ཉིད་ཀིྱ་རང་གཤིས་བཟང་ངན་
གཉིས་ལ་བརེྟན་ནས་འཛམ་གིླང་འདི་མཛེས་སྡུག་
གི་སོྡད་གནས་སུ་བསྐྲུན་པ་རེད། རང་ཉིད་ཀིྱས་ཟླ་
གོྲགས་ཀིྱ་རང་གཤིས་བཟང་པོ་ངོ་ཤསེ་པ་དང་ཟླ་བོར་
ཕོག་ཐུག་མི་འགོྲ་བའི་ཐབས་ལམ་ཞིག་སྤྱད་ནས་རང་
གཤིས་ངན་པ་དེར་སོྐྱན་བརོྗད་བེྱད་དགོས།
༨ ནང་འགྲིག
བཟའ་ཚང་གི་ཚིག་མཛོད་དུ་ཡོད་པའི་མིང་ཚིག་
འཕགས་ཤོས་དེ་ནི་ནང་འགྲིགས་རེད། ཕོ་མོའ་ི
དབར་ཕན་ཚུན་ཡིད་འཕྲོག་པར་བྱེད་ཀྱང།
རང་ཉིད་དང་རྦད་དེ་མི་འདྲ་བའི་མི་ཞིག་དང་
ལྷན་དུ་མི་ཚེ་སྐྱེལ་བར་ཨུ་ཚུགས་ཚད་མེད་
ཅིག་མཁོ་བ་ཡིན། བཟའ་ཚང་སྐྱིད་པོ་ཞིག་
ཡོང་བར་ཁྱེད་ཀྱིས་དུས་ཚོད་མང་པོ་ཞིག་
ནང་འགྲིག་བྱེད་དགོས། ཕན་ཚུན་ལ་བསྟུན་
ཤེས་བྱེད་པ་འདིས་འབྲེལ་ལམ་བཟང་དུ་
གཏོང་ཐུབ། འདི་ནི་ཕྱོགས་གཉིས་ཀ་ནས་
ཡོང་དགོས་པ་ཞིག་ཡིན།
༩ གལ་ཆེ་བའི་ཉིན་མོ་དག་
བརྗེད་མི་ཉན།
བཟའ་ཚང་སྐྱིད་པོ་ཞིག་ཡོང་བར་ཁྱེད་ཀྱིས་
འབྲེལ་ལམ་གྱི་གལ་ཆུང་བའི་གནད་དག་
ཀྱང་བརྗེད་མི་རུང། ཟླ་གྲོགས་ཧང་སང་བར་
འཇུག་ཐུབ་པའི་གལ་ཆེན་གྱི་ཟླ་ཚེས་རྣམས་
བརྗེད་མི་རུང། ཟླ་གྲོགས་ལ་ཁྱད་པར་དེ་ཚོར་
དུ་འཇུག་རྒྱུ་ནི་ངེས་པར་མཁོ་བ་ཞིག་ཡིན།
༡༠ ལས་འགན་བགོ་བཤའ་རྒྱག་པ།
བཟའ་ཚང་སྐྱིད་པོ་ཞིག་དང། འགྲིག་པོ་
ཞིག སྤྲོ་སེམས་ཀྱིས་ཁེངས་པ་ཞིག་ཡོང་
ཕྱིར། ལས་འགན་དག་བགོ་བཤའ་བརྒྱབས་
ཏེ་ལས་ཀ་བྱེད་ས་དང་ཁྱིམ་དུ་ཆ་སྙོམས་པོ་
ཡོད་པ་བཟོ་དགོས། མཉམ་ལས་ཀྱི་གྲུབ་
འབྲས་ལེགས་པོ་ཞིག་སྤྲོད་པ་ཡིན།
གོང་གི་འདི་ནི་༼ངའི་དགའ་བོའ་ིཉིན་མོ།༽
ཞེས་པའི་དྲ་ཐོག་ནས་བསྒྱུར་བ་ཡིན།
(འདྲ་པར་ཡོང་ཁུངས། google དྲ་བ།)
ངས་འདིར་བཟའ་ཚང་ཐད་ཀྱི་མཐོང་
ཐོས་མྱོང་གསུམ་ལས་བྱུང་བའི་སེམས་
ཚོར་ཁ་ཤས་བརྗོད་འདོད་བྱུང་། དེ ་ལ་
ནང་གསེས་གཉིས་སུ་གྲུབ་ཡོད་ལ། དང་
པོ་བཟའ་ཚང་ལ་ཚང་དགོས་པའི་ཆ་རྐྱེན།
གཉིས་པ་བཟའ་ཚང་ཁ་བྲལ་དང་འཁྲུག་
འཛིང་གི་རྒྱུ་རྐྱེན་ནོ། །
འཇིག་རྟེན་འདིར་རང་ཉིད་གཉོར་སྐྱོང་
བྱེད་པའི་ཕ་མ་ལས་རྩ་ཆེར་འཛིན་པའི་བཟའ་
ཚང་ཞེས་ཕན་ཚུན་འབྲེལ་བ་གང་ཡང་མེད་
པའི་ཕོ་མོ་གཉིས་མཉམ་དུ་བསྡད་དེ་ཕ་མ་
ཆགས་པ་དེ་རེད།
དང་པོ། དེ་གཉིས་མཉམ་དུ་མ་བསྡད་
སྔོན་ལ་ཕན་ཚུན་འདེམས་སྟངས་མི་འདྲ་བ་
ཡོད་ཀྱང་། འབྲེལ་མཐུད་ཀྱི་རྒྱུ་ཆ་གཙོ་བོ་
ཕོ་མོའ་ིལུས་འབྲེལ་རེད། ཡིན་ནའང་། འདི་
དང་ལྷན་དུ་ཕན་ཚུན་གཉིས་ལ་ཚང་དགོས་
པའི་རྒྱུ་ཆ་མང་པོ་ཡོད་པ་རེད། དེའི་ནང་གི་
གཙོ་བོ་བཟའ་ཚང་གཉིས་ཀྱིས་ཕན་ཚུན་ཡིད་
ཆེས་དང་བློ་སེམས་རྩེ་གཅིག འདས་པའི་
དགེ་སྐྱོན་དྲང་པོར་བཤད་པ། ད་ལྟའི་ལུས་
སེམས་ཀྱི་ཀུན་སྤྱོད་བརྟན་པ། མ་འོངས་
པའི་ཕུགས་འདུན་ལ་སྦ་གསང་མེད་པར་ཕྱི་
གསལ་ནང་གསལ་བྱེད་པ། སྐྱིད་ན་མཉམ་
སྐྱིད་དང་། སྡུག་ན་མཉམ་སྡུག་བྱེད་པའི་བློ་
ཐག་ཆོད་པ་ཞིག་ཡོད་ན། ཕལ་ཆེར་མི་ཚེ་
མཉམ་སྐྱེལ་བྱེད་ཐུབ་པ་རེད།
གཉིས་པ། བཟའ་ཚང་གཉིས་ཀྱིས་ཕན་
ཚུན་ལ་འདས་པའི་སྐྱོན་གསང་བ་དང་། ད་
ལྟའི་ལུས་སེམས་ཀྱི་ཀུན་སྤྱོད་ལྐོག་ལྐོག་
སིབ་སིབ་བྱེད་པ། མ་འོངས་པའི་ཕུགས་
འདུན་ལྐོག་གྱུར་སོགས་བྱས་ན། བཟའ་
འཁོན་དང་འཁྲུག་འཛིང་། མཐའ་འབྲས་ཁ་
བྲལ་བ་སོགས་ལས་མེད། བཟའ་ཚང་གཉིས་
ཀྱིས་འདས་པའི་དགེ་སྐྱོན་ཐོག་མ་ཉིད་ནས་
ཕན་ཚུན་ལ་འགྲེལ་བཤད་རྒྱག་རྒྱུ་གནད་
འགག་ཡིན་ལ། སྐྱོན་དེ་ལོ་གཅིག་གཉིས་
ལ་གསང་ཐུབ་ཀྱང་མི་ཚེ་ལ་རྩ་བ་ཉིད་ནས་
མི་གསང་ཐུབ།
གལ་སྲིད་འདས་སྐྱོན་དེ་ཤེས་ཡོང་དུས་ཕལ་ཆེ་
བར་འཁྲུག་འཛིང་ཡོང་བ་གཏན་ཁེལ་ཐུབ་ལ།
སྐབས་དེར་ཕྲུ་གུ་གཉིས་གསུམ་ཡོད་ཀྱང་ཁ་བྲལ་
དགོས་པ་དང་། ཡང་ན་མི་ཚེར་ཕན་ཚུན་ལ་མ་
དགའ་བའི་རྣམ་འགྱུར་དང་། མཚང་འདྲུ་འཁྲུག་
རྩོད་ཀྱི་དུས་ཚོད་ཆགས་པ་རེད། ལྷག་པར་དུ་
བཟའ་ཚང་ཕན་ཚུན་སྐྱག་རྫུན་བཤད་ཅིང་དཀོན་
མཆོག་དཔངས་ལ་བཙུགས་ཏེ་མནའ་བསྐྱལ།
མཐར་རྫུན་རྐུབ་བརྡོལ་བ་སོགས་བྱུང་ན་དེ་ལས་
ཀྱང་ཐབས་སྐྱོ་བ་ཆགས་པ་རེད།
ཞར་བྱུང་། འདས་པའི་ལས་འབྲེལ་བྱུང་བའི་
རིགས་སྦ་གསང་མེད་པར་བཟའ་ཚང་ཕན་ཚུན་
དྲང་བོར་བཤད་རྒྱུ་གལ་ཆེན་ཡིན། རྗེས་སུ་ཚིག་
རླུང་གིས་ཁུར་ཏེ་རྣ་ལམ་དུ་ཐོན་དུས་དྲང་བོར་
བཤད་ཀྱང་རིན་ཐང་མེད། དོག་གཞི་དང་ཐེ་ཚོམ་
གྱི་ཡུལ་དུ་འགྱུར། ལུས་སེམས་ལྐོག་ལྐོག་སིབ་
སིབ་བྱེད་པ་འདི་ནི་རང་ཉིད་ལ་བཟའ་ཚང་དང་ཕྲུ་
གུ་ཡོད་བཞིན་དུ་གཞན་ལ་ལྐོག་ལྐོག་སིབ་སིབ་
ཀྱིས་ལུས་སེམས་ཀྱི་ཀུན་སྤྱོད་འདྲ་མིན་བྱས་ན།
དེས་ཕན་ཚུན་གཉིས་ཀྱི་སེམས་ལ་མ་སྐྱིད་པ་དང་
། ཁོང་ཁྲོ་སོགས་སློང་བར་བྱེད། འདིའི་རིགས་
ཀྱིས་བཟའ་ཚང་གི་མཐུན་ལམ་གཟེངས་ཐོག་ཏུ་
བསྡད་པ་ལྟ་བུར་གཏོང་། བྱ་སྤྱོད་འདིས་ཁ་བྲལ་
མཁན་མང་ལ་ཁོང་ཁྲོ་ཟ་བཞིན་ལྷག་པའང་མང་།
མ་འོངས་ཕུགས་འདུན་ལྐོག་གྱུར།
བཟའ་ཚང་གཉིས་ཀྱི་སུ་ཡིན་ཡང་། གནས་
སྐབས་བཟའ་ཚང་གི་རྣམ་པར་སྐྱིད་མདོག་གིས་
བསྡད་ཀྱང་གོ་སྐབས་ཡག་པོ་ཞིག་བྱུང་ན། རང་
གི་བཟའ་ཚང་དང་ཕྲུ་གུ་གཡུག་ནས་འགྲོ་བའི་
དམིགས་ཡུལ་ཡོད་མཁན་གྱི་རིགས་ཡིན་ལ།
འདིའི་རིགས་ཤེས་ན་བཟའ་ཚང་ཁ་བྲལ་དང་
ཕྲུ་གུ་གསོན་པོར་དྭ་ཕྲུག་བཟོ་རྒྱུ་དེ་རེད། ཡིན་
ནའང་། ཁག་ཅིག་ཁ་བྲལ་མ་ཐུབ་པར་འཁོན་
འཛིང་དང་སེམས་ཚེགས་ཀྱི་ཁྲོད་ནས་ལྷག་ཡོད་
པའང་མཆིས། ནང་གསེས་གཉིས་པའི་སྐྱག་
རྫུན་དང་ལྐོག་ལྐོག་སིབ་སིབ། ཕུགས་འདུན་
ལྐོག་གྱུར་སོགས་ཡིད་སྐྱོ་བློ་ཕམ་གྱི་སྐབས་དེ་
དག་ཏུ་བཟའ་ཚང་ཁ་བྲལ་ན། ཕྲུ་གུ་ལ་བསམ་
བློ་གཏོང་དགོས་པའི་རྒྱུ་མཚན་མང་པོ་འདྲེན་
མཁན་དེ་ཚོ་ལྐུགས་རྟགས་རེད། མི་དྲགས་
ནད་པ་ཤི་ན་བཟང་། མི་འགྲིག་བཟའ་ཚང་འཐོར་
ན་བཟང་། ཞེས་པའི་དཔེ་ལྟར། གཅིག་གིས་
གཅིག་གི་སེམས་ལ་ནག་ཐིག་ཕབ་པའི་ཉིན་དེ་
ནས་མཉམ་དུ་མ་བསྡད་ན་བཟང་། འདིའི་རིགས་
མཉམ་དུ་བསྡད་ཀྱང་ཕན་ཚུན་ལ་བརྩེ་དུང་དང་
ལྷག་བསམ། ཡིད་ཆེས་སོགས་རྣམ་མ་ཞིག་
མེད། ད་དུང་མི་དགའ་བའི་རྣམ་འགྱུར། སྙིང་ལ་
གཟན་པའི་ཚིག མིག་ལ་མི་མཛེས་པའི་སྤྱོད་
ལམ་སོགས་འདྲ་མིན་འབྱུང་བས། དེས་ཕྲུ་གུའི་
སེམས་ལའང་བག་ཆགས་འདྲ་མིན་འཇོག་པ་
དང་། བགྲང་བྱ་ཅི་ཙམ་ལ་མཉམ་དུ་བསྡད་ཀྱང་
དེའི་རིང་ཁྱིམ་གཞི་དྲོད་ཁོལ་ལྡན་པ་ཞིག་འབྱུང་
དཀའ་འོ། །
ངས་འདིར་བཤད་པ་རྣམས་འགྲོ་བ་མིའི་སྤྱི་
ཚོགས་ཁྲོད་ཁྱབ་ཆུང་ནའང་། བཙན་བྱོལ་བོད་
མིའི་སྤྱི་ཚོགས་ཁྲོད་གནས་སྟངས་འདི་ཉུང་ཉུང་
མིན། ངས་རང་ནིད་ཀྱི་སེམས་ཚོར་བཤད་དུས་
གནད་ཐོག་ཏུ་མི་འགྲོ་མཁན་ཡོད་མོད། འནོ་ཀྱང་
། ངས་རང་གི་མཐོང་ཐོས་མྱོང་གསུམ་གྱི་ཐོག་
ནས་བྲིས་པ་ལས་རྣམ་དཔྱོད་ཀྱི་རྩལ་ལས་བཏོན།
དཔྱད་ཞིབ་དཔྱིས་བྱིན་པ་བྱས་ཏེ་བྲིས་པ་ཞིག་
མིན་པ་ཐུགས་ལ་འཛིན་རོགས་གནང་ཞུའོ། །
འབྲོང་བུ་ཟླ་བས་བོད་སྒྱུར་བྱས།
དེ་སྔའི་བོད་ཀྱི་སྤྱི་ཚོགས་ཀྱི་ནང་དུ་ཁྱོ་
མང་ཤ ག་གཅིག་དང་ཤ ག་མང་ཁྱོ་གཅིག་
གཉིས་ཀའི་ལུགས་སྲོལ་མེད་པ་མ་ཡིན་
པས་དེ ་དག་ཇི ་ལྟར་བྱུང་ཚུལ་སོགས་
མདོར་ཙམ་གླེང་བར་བྱ་སྟེ།
དང་པོ། ཁྱོ་གཅིག་ཤུག་མང་།
གནའ་དུས་ཀྱི་རྒྱལ་པོ་ལྟ་བུ་ནི་བཙུན་
མོ་བཞི་ལྔ་ཡོད་པ་ལས་བློན་པོ་དང་མི་སེར་
དཀྱུས་མའི་ཁྲོད་དུ་ཆུང་མ་མང་པོ་ལེན་པའི་
སྲོལ་མེད་པ་མ་ཡིན། འདི་ཧ་ཅང་ཉུང་ཉུང་
ཡིན་ཞེས་པ་ལས་དེ་ལྟར་མེད་པ་མ་ཡིན་
པ་བསྟན་ཡོད་པས་གནས་ཚུལ་ཇི་ ལྟ་བུའི་
འོག་ཆུང་མ་ལེན་གྱི་ཡོད་དམ་སྙམ་ན་རྒྱུ་
མཚན་གཙོ་བོ་ནི་ཁྱིམ་ཚང་ཞིག་གི་ཁྱིམ་
ཐབས་ལ་ཡུན་རིང་ཕྲུ་གུ་མ་སྐྱེད་པ་ཡིན་
ན་ཁྱིམ་གྱི་མི་རྒྱུད་མ་ཆད་པའི་ཆེད་དུ་ཁྱིམ་
ཐབས་དེ་རང་གི་གཅུང་མོ་འམ་དེའི་སྤུན་
མཆེད་ལྟ་བུ་ཞིག་ཆུང་མར་ལེན་གྱི་ཡོད་པ་
རེད། ཁྱོ་གཅིག་ཤ ག་མང་ཡོང་གཞི་གཞན་
ཞིག་ནི་ཁྱིམ་ཚང་འགའ་ཞིག་ལ་བུ་མེད་
པར་བུ་མོ་གསུམ་བཞི་ཙམ་ཡོད་པ་ཡིན་
གཡུ་སྒང་དགེ་འདུན།ན་རྩ་བའི་ཆ་ནས་བུ་མོ་རྒན་པ་ཁྱིམ་འཛིན་དུ་
ཉར་ནས་དེ་ལ་མག་པ་ལེན་པ་དང་བུ་མོ་ཆུང་བ་
རྣམས་མནའ་མར་གཏོང་གི་ཡོད། འོན་ཀྱང་ཁྱིམ་
ཚང་གི་མི་ཆ་ཉུང་བ་སོགས་རྒྱུ་རྐྱེན་སྣ་ཚོགས་
ལ་བརྟེན་ནས་བུ་མོ་གཉིས་ལ་མག་པ་གཅིག་
བླངས་པའང་རེ་ཟུང་ཡོད་པ་རེད།
གཉིས་པ། ཁྱོ་མང་ཤུག་གཅིག
དབུས་གཙང་ཁུལ་གྱི་གྲོང་གསེབ་མང་པོར་
ཁྱིམ་ཚང་གཅིག་ལ་བུ་གཉིས་སམ་གསུམ་ཡོད་
ན་དེ་དག་ལ་མཉམ་དུ་མནའ་མ་གཅིག་ལེན་གྱི་
ཡོད། དེའི་རྒྱུ་མཚན་ནི། བུ་རེར་མནའ་མ་རེ་
བླང་པ་ཡིན་ན་ཁྱིམ་ཚང་གི་ཁང་པ་དང་ས་ཞིང་
བགོ་བཤའ་བྱེད་དགོས་པ་ཡོང་གི་ཡོད་པས་དེ་
ལྟར་བགོ་བཤའ་རྒྱག་དགོས་པ་བྱུང་ན་ཁྱིམ་ཚང་
འཐོར་ཞིག་ཏུ་འགྲོ་ཉེན་ཆེ་བས་ཧ་ཅང་ངན་པར་
བརྩི་བར་མ་ཟད། ལྷག་པར་དུ་ཞིང་གྲོང་ཁག་
ཏུ་མཚོན་ན་བུ་རེར་ས་ཞིང་ལྷེབ་ཙམ་རེ་སྤྲོད་
དགོས་བྱུང་ན་ནང་མ་ཚང་གི་ས་ཞིང་རྒྱ་ཆུང་དུ་
འགྲོ་རྒྱུ་ཡིན་ཅིང་ས་ཞིང་ཇི་ཙམ་རྒྱ་ཆུང་དུ་ སོང་
བ་དེ་ཙམ་གྱི་ཁྱིམ་ཚང་ཨ་མ་དེ་ཉམས་རྒུད་དུ་
སོང་བར་ངོས་འཛིན་བྱེད་པ་སྟེ། ཁྱིམ་ཚང་ཆེ་
ཆུང་ནི་ས་ཞིང་རྒྱ་ཆེ་ཆུང་ལ་རག་ལུས་པའི་ལྟ་
ཚུལ་ཞིག་ཡོད་པས་སོ། དེས་ན་ཁྱིམ་ཚང་འགའ་
ཞིག་གི་བུ་རྒན་གཞོན་སུ་རུང་ཞིག་གིས་ནང་
གི་མནའ་མ་དང་མ་མཐུན་པར་ཕྱི་ནས་བུད་
མེད་གཞན་ཞིག་དང་བཟའ་ཚང་བསྒྲིགས་པ་
ཡིན་ཀྱང་ཁྱིམ་ནས་ལོགས་སུ་མ་བུད་པར་
རང་རང་གི་ཁྱིམ་དུ་བསྡད་ནས་མི་ཚེ་སྐྱེལ་
མཁན་ཡང་ཡོད་པ་རེད།དེའི་རྒྱུ་མཚན་ཡང་
ཁྱིམ་ཚང་བགོ་བཤའ་རྒྱག་མི་དགོས་པའི་
ཆེད་དུ་ཡིན་པ་རེད། གོང་དུ་བཤད་པ་ལྟར་བུ་
གཉིས་གསུམ་ལ་མནའ་མ་གཅིག་ལེན་སྲོལ་
འདི་ནི་གྲོང་གསེབ་ཁག་ཏུ་ཡོད་པ་ལས་གྲོང་
ཁྱེར་ཁག་དང་མཐོ་རིམ་སྤྱི་ཚོགས་ཀྱི་ནང་དུ་
མཐོང་རྒྱུ་དཀོན་པོ་ཡིན།
རྒྱས་བསྡུས་ཙམ་མ་གཏོགས་གྲོང་ཁྱེར་
དང་ཞིང་ཁུལ་དབར་གཉེན་སྒྲིག་བྱེད་ཚུལ་
ལ་ཁྱད་པར་ཆེན་པོ་མེད་པར་བརྟེན། གཙང་
ཁུལ་གྱི་གཉེན་སྒྲིག་དང་དབུས་ཁུལ་གྱི་གཉེན་
སྒྲིག་ཅེས་སོ་སོར་ལོགས་སུ་མ་བཀོད་ཅིང་
འབྲོག་ཁུལ་གྱི་གཉེན་སྟོན་བྱེད་ཚུལ་ནི་གྲོང་
ཁྱེར་ཁུལ་སོགས་དང་མི་འདྲ་བའི་ཁྱད་པར་
འགའ་ཞིག་ཡོད་པས་དེའི་སྐོར་གཤམ་དུ་བོད་
ཀྱི་འབྲོག་པའི་ཡུལ་སྲོལ་བཤད་ཤའི་སྐབས་
སུ་གསལ་བས་དེར་གཟིགས་པར་འཚལ།
ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་དྲ་བ།
རྩོམ་པ་པོ། མི་གསལ།
ཤོག་ངོས་ལྔ་བ།
A) བརྩེ་དུང་དང་འཕྲད་པ།
ཐོག་མར་ངའི་བརྩེ་དུང་གི་འགོ་གང་འདྲ་ཞིག་
ནས་བཟུང་བ་གསལ་པོ་ཕྱིར་དྲན་མི་ཐུབ་པ་
ཞིག་རེད། ཕལ་ཆེར་ང་དང་སྟེས་དབང་གིས་
འཕྲད་ཡོད་པ་འདྲ། གང་ལྟར་ངའི་དྲན་ཡུལ་དུ་
ཡོད་པ་ནི་ངའི་བརྩེ་དུང་དྲག་ཏུ་འབར་བཞིན་
པའི་སྣང་ཚུལ་ཁོ་ན་དང་། བརྩེ་དུང་གི་ཆེད་དུ་
ང་སྨྱོན་པར་ཆགས་བཞིན་པའམ། བརྩེ་དུང་
ལས་ངས་གང་ཡང་མི་མཐོང་བའི་སྐབས་ཤིག་
རེད། ཁོར་ཡུག་དེ་ལྟ་བུ་ཞིག་གི་ནང་ངས་གང་
མཐོང་བ་ནི་མཛེས་སྡུག་གི་ཡང་རྩེ་དང་། ངས་
གང་ཐོས་པ་ནི་སྙན་འཇེབས་ཀྱི་དབྱངས་
རྟ་ཡིན་པར་མ་ཟད། ངས་གང་མྱོང་བ་ནི་
སྒྱུ་རྩལ་གྱི་བདེ་སྐྱིད་ཁོ་ནར་ངེས། སྐབས་
དེར་ངའི་སེམས་ངོགས་སུ། སྔར་རྒྱལ་སྲས་
གོ་ཏ་མས་མཛེས་མ་དང་བརྩེ་དུང་གི་ཆེད་
དུ་དྲག་པོའ་ིརལ་གྲི་དང་མདའ་རྩལ་འགྲན་
ཚོགས་སུ་ཞུགས་པའི་ཆོད་སེམས་དང་བློ་
སྤོབས་ལ་གུས་བཀུར་ཞུས་མྱོང་།
B) བརྩེ་དུང་དང་འགྲོགས་པ།
ང་མཛེས་མའི་བརྩེ་དུང་དང་འཕྲད་པ་ནས་
ངའི་འཚོ་བར་དམིགས་ཡུལ་དང་སྙིང་
སྟོབས་ཀྱིས་ཁེངས་པ་དང་། འཛུམ་མདངས་
དང་ཟུར་མིག་གི་ཁོར་ཡུག་ལས་ང་དུས་ཚོད་ཀྱི་
སྐར་ཆ་གཅིག་ལའང་ཁ་བྲལ་མི་ཐུབ་པར་གྱུར།
སྐབས་དེར་ང་དང་མཛེས་མར་ཡོད་པ་ནི་ཆེས་
དྭངས་གཙང་གི་སེམས་པ་དང་མ་འོངས་པའི་
མཛེས་སྡུག་གི་རྨི་ལམ་རིང་པོ་ཞིག་རེད། སྐབས་
དེར་ཕྲན་གྱིས། སྔར་རྒྱལ་སྲས་གོ་ཏ་མས་མཛེས་
མ་གྲགས་འཛིན་མ་ཁབ་ཏུ་གསོལ་བ་དང་རིགས་
ཀྱི་མྱུ་གུ་ཞིག་གི་ས་བོན་བཏབ་པའི་གཏམ་རྒྱུད་
དེ། སྤྲོ་སྣང་དང་གཟི་བརྗིད་ལྡན་པའི་མི་ཚེ་ཞིག་
འགོ་འཛུགས་གྲུབ་པར་ངེས་རྙེད་བྱུང་།
C) བརྩེ་དུང་དང་བྲལ་བ།
ས་ཆེན་གྱི་གཡོ་འགུལ་ཆེན་པོ་ཇི་བཞིན་མཛེས་
མའི་འགྱུར་ལྡོག་གི་གར་སྟབས་གཅིག་དང་
མཉམ་དུ། ངའི་བརྩེ་དུང་གི་མཛེས་སྡུག་ལ་
གཞི་རྟེན་མེད་པར་གྱུར་པ་དང་། ང་ཐོབ་ཤོར་
གྱི་འགྱོད་གདུང་དང་མིག་ཆུའི་འོབ་ཏུ་གཡུག་
པ་མ་ཟད། ངའི་དམར་ཆུང་གི་སེམས་པ་
དེའང་སྐྱ་ཐང་ཐང་དུ་ཡུལ་གྱལ་ལ་ཆས་དགོས་
བྱུང་། སྐབས་དེར་ངས་གསར་དུ། སྔར་རྒྱལ་
སྲས་གོ་ཏ་མས་ཕོ་བྲང་དང་བཙུན་མོ་བཞག་
སྟེ་གཙང་འགྲམ་དང་ནགས་ཀླུང་འགྲིམས་
པའི་གཏམ་རྒྱུད་དེས། མི་ཚོའི་ཡིད་དབང་
འཕྲོགས་ཐུབ་པའི་གོ་དོན་དང་བདེན་པ་མཐོང་
རྟོགས་བྱུང་།
ངའི་བརེྩ་དུང་དང་རྒྱལ་སྲས་གོ་ཏ་མའི་མི་ཚེའི་གཏམ་རྒྱུད། རྔ་སྨྱོན་རྒྱལ་པོ།
འདས་པའི་ངའི་བཟའ་ཚང་གི་འཚོ་བ་དེ་ཧ་ལས་པའི་སྐྱིད་པོ་བྱུང་།
ཆང་ས། ཐོག་མར་ཁྱེད་རང་ཉིད་ཀྱི་
སྐོར་ངོ་སྤྲོད་ཐུང་ངུ་ཞིག་གནང་རོགས།
འབུམ་མཚོ། ངའི་མིང་ལ་འབུམ་མཚོ་
ཟེར་སྐྱེས་ཡུལ་ཨ་མདོ་མཚོ་སྔོན་ཞིང་ཧེ་ནས་
ཡིན་ལ་ལོ་ལྔའི་སྟེང་ནས་ཕ་མ་གཉིས་ཀྱིས་
གཅན་ཚར་ཡོད་པའི་སྤུན་མཆེད་དེ་འདྲར་བུ་
སྐལ་དུ་ཕྱིན་པ་རེད། ངའི་ཁྱོ་ག་དང་ཁོང་ཚོ་
ལུང་པ་གཅིག་རེད། ང་ཡང་དེ་ནས་འཚར་
ལོངས་བྱུང་བ་དང་ངའི་ཁྱོ་ག་དང་ངེད་གཉིས་
ཀྱང་དེ་ནས་ངོ་ཤེས་ཤིང་། ཆུང་དུས་མཉམ་དུ་
ལས་ཀ་ལས་པ་དང་རྩེད་མོ་རྩེད་པ་སོགས་བྱུང་
བས། ཐོག་མའི་འབྲེལ་བ་བྱུང་སྟངས་དེ་འདྲ་
རེད། ང་ལོ་ཉི་ཤ ་ལ་སོན་སྐབས་ངའི་ཁྱོ་ག་དང་
ངེད་གཉིས་ཀྱིས་དགའ་བོ་བསྒྲིགས་ཏེ་ཆང་ས་
བརྒྱབས་པ་ཡིན་མོད། ཆང་ས་ཟེར་ནའང་དེང་
སང་ནང་བཞིན་རྟེན་འབྲེལ་སོགས་ཁྲ་ཁྲ་རིག་
རིག་གང་ཡང་བྱས་མེད་པར་སོ་སོ་རང་དབང་
རང་འཐད་ཀྱི་སྟེང་ནས་མཉམ་དུ་བསྡད་པ་ཡིན།
དེང་སྐབས་ང་སུམ་ཅུ་སོ་བདུན་ཡིན་ལ་བཟའ་
ཚང་བསྒྲིགས་ནས་ལོ་བཅུ་བདུན་འགོར་སོང་།
ཆང་ས། ལོ་བཅུ་བདུན་ཟེར་དུས་ཉུང་
ཉུང་མ་རེད། དེང་སྐབས་འདས་མ་ཐག་པའི་ལོ་
བཅུ་བདུན་འདིར་ཕྱིར་འདང་ཞིག་བརྒྱབས་ན་
བཟའ་ཚང་བསྒྲིགས་རྗེས་ཀྱི་འཚོ་བ་དེ་སྐྱིད་པོ་
བྱུང་སོང་བསམ་གི་འདུག ཡང་ན་དེ་ཙམ་བདེ་
སྐྱིད་ལྡན་པ་ཞིག་མ་རེད་སྙམ་གྱིན་ཡོད།
འབུམ་མཚོ། ང་རང་ཉིད་ལ་མཚོན་ན་
འདས་པའི་ལོ་འདི་ཚོ་ཧ་ཅང་གི་སྐྱིད་པོ་རེད་
བསམ་གྱིན་འདུག ང་ལ་རྒྱུ་འབྱོར་བ་དང་ཤེས་
བྱ་ཡོན་ཏན་སོགས་ཧ་ལས་པ་དེ་འདྲ་གང་
ཡང་མེད་ཀྱང་། རང་གི་བཟའ་ཚང་ཕན་ཚུན་
ལ་མཐུན་པོ་དང་འཆམ་པོ་ཡོད། ངའི་བཟའ་ཟླ་
ངེད་གཉིས་ཕན་ཚུན་ལ་ཧ་ཅང་གི་བརྩེ་དུང་ཟབ་
མོ་ཡོད། དེ་བཟའ་ཚང་ཞིག་གི་ངོས་ནས་གལ་
ཆེན་པོ་ཡང་རེད། དེང་སྐབས་ངེད་གཉིས་ལ་
བྱིས་པའང་གཉིས་སྐྱེས་ཡོད། གཅིག་བུ་ཡིན་
ལ་གཅིག་བུ་མོ་ཡིན། བུ་མོ་ལོ་བཅུ་གཅིག་
དང་འཛིན་གྲྭ་ལྔ་བ་ཡིན། བུ་ལོ་བདུན་དང་
འཛིན་གྲྭ་གཉིས་པ་ཡིན།
ཆང་ས། བཟང་ཚང་གང་འདྲ་ཞིག་
ཡིན་རུང་སྐབས་རེར་ཁ་འཛིང་འཁྲུག་འཛིང་
ཅུང་ཙམ་རེ་ཡོང་གི་རེད། ཁྱེད་གཉིས་ཀྱང་དེ་
འདྲ་ཡིན་རྒྱུ་རེད། དེས་ན་ཁྱེད་གཉིས་ཀྱིས་
བར་དུ་བཟའ་འཁོན་བྱུང་སྐབས་ཕྱོགས་གཉིས་
ཀྱིས་ངོས་ནས་དེ་ལས་གཡོལ་ཐབས་སམ།
ཡང་ན་ཐག་གཅོད་ཇི་ལྟར་བྱེད་ཀྱིན་ཡོད།
འབུམ་མཚོ། ངེད་གཉིས་ལ་མཚོན་
ན་བྱིས་པ་མ་སྐྱེས་པའི་སྔོན་དུ་བཟའ་འཁོན་
ཟེར་བ་ཞིག་བྱུང་མ་མྱོང་། ཡིན་ནའང་། བྱིས་
པ་བཙས་རྗེས་བཟའ་འཁོན་ཆ་ངེ་ཆུང་ངེ་རེ་
བྱུང་མྱོང་། གང་ཡིན་ཟེར་ན་ཨ་ཕས་བྱིས་པར་
སྒྲིག་ལམ་བཟོ་སྟངས་དང་། སྐབས་རེར་བྱིས་
པས་ཉོག་དྲ་བཟོ་སྟངས་ཀྱི་ཐད་ནས་བཟའ་
འཁོན་ཆུང་ཙག་རེ་ཡོང་གི་འདུག ཡིན་ནའང་།
དེ་བྱིས་པའི་ཆེད་དུ་ཡིན་པ་ཤེས་ཀྱི་འདུག
ཡང་ངའི་བཟའ་ཟླ་རླུང་ཚ་བོ་མེད་མོད།
ང་རང་ཉིད་ཅུང་ཙམ་རླུང་ཚ་བོ་ཅན་ཞིག་ཡིན།
ངས་ཆུང་དུས་སྡུག་མྱངས་མྱོང་ཡོད་སྟབས་
རླུང་ཚ་བོ་ཅན་ཞིག་ཆགས་ཡོད་ས་རེད། དེར་
བརྟེན་སྐབས་རེར་རླུང་ལངས་ཀི་ཡོད་ཀྱང་།
རང་གིས་བཟའ་ཟླས་རང་ཉིད་ལ་གཅེས་སྐྱོང་
བྱེད་པ་དང་འཆམ་པོ་ཡོད་པ་དྲན་ཏེ་བཟོད་
སྒོམ་བྱས་ན་སྐར་མ་འགའི་རྗེས་ནས་རླུང་ཞི་
འགྲོ་གི་འདུག
ཆང་ས། བཟའ་ཚང་གཉིས་ལ་མཚོན་
ན་ཡིད་ཆེས་བྱ་དགོས་ས་དང་བརྩེ་བ་སྤྲོད་པ།
བཟོད་སྒོམ་བྱ་དགོས་པ་སོགས་མང་བོ་ཡོད།
ཁྱོད་རང་ཉིད་ཀྱིས་གང་ཞིག་གལ་ཆེན་པོ་རེད་
བསམ་གྱིན་འདུག
འབུམ་མཚོ། ངས་གཙོ་བོ་གཅིག་
གཅིག་གི་བརྩེ་བ་དེར་བསམ་བློ་བཏང་སྟེ་
ཕན་ཚུན་ལ་བཟོད་སྒོམ་བྱ་རྒྱུ་གལ་ཆེན་པོ་
རེད་བསམ་གྱིན་འདུག ང་རང་ཉིད་ལ་ཉམས་
མྱོང་ཟེར་ནས་ཆེན་པོ་དེ་འདྲ་མེད་ནའང་། དོན་
དག་ཆུང་ཙག་གི་སྟེང་ནས་ཅུང་ཙམ་བཟོད་
སྒོམ་བྱས་པ་ཡིན་ན་དེ་ནས་མི་འགྲིག་པ་དེ་
འདྲ་ཡོང་གི་མི་འདུག བཟའ་ཚང་རེ་ཟུང་ཕར་
ཕྱོགས་ཚུར་ཕྱོགས་གཉིས་ཀ་ང་རྒྱལ་ཚ་བོ་
ཡིན་ན་འཆམ་གི་མི་འདུག དེ་ལྟར་བྱས་ན་
བཟའ་འཁོན་བྱུང་སྐབས་ཀྱང་གཏིང་ལ་རྒྱག་
རྒྱུ་ལས་མི་འདུག
ང་རླུང་ལངས་སྐབས་ངའི་བཟའ་ཟླ་ཁ་
རོག་གེར་འདུག་གི་རེད། དེར་བརྟེན་ཅུང་ཙམ་
གྱི་རྗེས་ནས་རང་ཉིད་ཀྱི་རླུང་ཡང་ཡལ་འགྲོ་གི་
འདུག་ལ། ཡང་བསྐྱར་བསམ་བློ་གཏོང་དུས་
ཨ་ཁ། རང་ཉིད་ནོར་འདུག་བསམ་སྟེ་ལམ་
སང་དགོངས་དག་ཞུ་བ་སོགས་བྱེད་ཀྱིན་ཡོད།
དེ་ལྟར་བྱས་ན་ཕན་ཚུན་མི་འཆམ་པ་མི་འདུག
ཆང་ས། དེང་སྐབས་བོད་ཕྱི་ནང་
གཉིས་ན་གསར་དུ་གཉེན་སྒྲིག་མ་ཐག་པའི་
གཞོན་སྐྱེས་བཟའ་ཚང་མང་བོ་ཞིག་ཁ་བྲལ་
དུ་འགྲོ་གིན་འདུག ཁྱོད་ཀྱིས་འདིའི་རྒྱུ་རྐྱེན་
ཅི་ཞིག་རེད་སྙམ་གྱི་ཡོད་དམ།
འབུམ་མཚོ། དེའི་ཐད་དུ་ངས་ཆེན་
པོ་ཤེས་ཀྱི་མི་འདུག ཡིན་ནའང་། ངས་བསམ་
ཚུལ་ལྟར་བྱས་ན་རེ་ཟུང་རྒྱུ་དང་འབྱོར་བའི་
སྟེང་ནས་འཆམ་གི་མེད་པ་དང་། ལ་ལ་ཤེས་
ཡོན་གྱི་སྟེང་ནས་འཆམ་གི་མེད་པ། ཡང་ལྟ་
བའི་སྟེང་ནས་འཆམ་གི་མེད་པ་སོགས་ཡོང་
གི་འདུག ཡང་ཆང་ས་དང་པོ་རྒྱག་དུས་ནས་
ཕར་ཕྱོགས་ལ་རྒྱུ་ཆེན་པོ་འདུག་བསམ་སྟེ་
ཆང་ས་རྒྱག་མཁན་འདུག ངས་བསམ་ན་རྒྱུའི་
ངོ་ལ་བལྟས་ཏེ་ཆང་ས་རྒྱག་མཁན་ཞིག་ཡིན་
ན་ཐོག་མ་ནས་དེའི་དམིགས་ཡུལ་ཡག་པོ་
མ་རེད། གཙོ་བོ་གཅིག་གིས་གཅིག་ལ་བརྩེ་
བ་དང་མ་འོངས་པར་མཇུག་སྐྱོང་རྒྱུ་ཞིག་ལ་
བསམ་བློ་བཏང་ན་ཡག་པོ་ཡོང་གི་རེད་སྙམ།
རྒྱུ་དེ་ལ་བསམ་བློ་བཏང་ན་ཕར་ཕྱོགས་དེ་
སྤོབས་པ་ཆེ་ཙམ་དང་རང་ཉིད་གཉམོ་ཆུང་ངང་
སྡོད་དགོས་པ་ཡོང་གི་ཡོད། དེ་ཁག་པོ་རེད།
དེ་མིན་བཟའ་ཚང་མང་བོ་ཞིག་འཐོར་
དགོས་པའི་རྒྱུ་རྐྱེན་གཙོ་བོ ་གཅིག་གིས་
གཅིག་ལ་ཡིད་འཇོག་མ་བྱས་པ་དེ་རེད།
དཔེར་ན། བཟའ་འཁོན་ཆུང་ཙག་ཅིག་བྱུང་
ན་གཅིག་གཅིག་ལ་དགོངས་དག ངས་ནོར་
འདུག་ཅེས་དགོངས་དག་ཞུ་བ་ལྟ་བུ། ཡང་
སློབ་སྦྱོང་ཡོད་མཁན་ཞིག་ཡིན་ན་ང་ལ་སློབ་
སྦྱོང་ཡོད་བསམ་སྟེ་ང་རྒྱལ་སྐྱེས་བསྡད་ན།
ཕར་ཕྱོགས་དེ་རང་བཞིན་གྱིས་སློབ་སྦྱོང་
མེད་བསམ་སྟེ་དམན་ས་འཛིན་དགོས་ལ། དེ་
ལྟར་ཁོང་གཉིས་ལ་བར་ཐག་ཅིག་བཀྱེལ་ཡོང་
དུས་དེའི་སྟེང་ནས་ཀྱང་རང་བཞིན་གྱིས་འཐོར་
མཁན་ཡོད་རྒྱུ་རེད།
ཆང་ས། བཙན་བྱོལ་ལ་མཚོན་ན་
བཟའ་ཚང་མང་བོ་ཞིག་གཅིག་ཕྱི་རྒྱལ་ན་ཡོད་
གཉིས་ཀྱིས་གཅིག་གཅིག་ལ་ཡིད་ཆེས་མ་
བྱས་ན་རྒྱང་ཐག་བཀྱེལ་འགྲོ་རྒྱུ་ཡིན་པ་གཏན་
ཁེལ་རེད། མཉམ་དུ་འགྲོ་རྒྱུར་ཆ་རྐྱེན་ཡང་
འདང་གི་མི་འདུག་ལ། བྱིས་པའང་ཡོད་པས་
བྱིས་པར་བལྟས་ཏེ་སྡོད་དགོས་ཀྱི་འདུག
དེ ་མིན་ང་རང་ཉིད་ཀྱི ་ཕ་མ་ཡིན་
ནའང་། ཕྱི་རྒྱལ་ལ་ཁྱོད་རང་ཉིད་འགྲོ་དགོས་
པ་མ་གཏོགས་བཟའ་ཟླ་གཏོང་ཉན་གི་མ་རེད་
ཅེས་བསླབ་བྱ་རྒྱག་གི་འདུག ངས་ཁོང་ཚོར་
ཁྱོད་ཚོས་དེ་ལྟར་མ་གསུངས། ངས་བཟའ་
ཟླ་ང་རང་ཉིད་ལ་གསལ་བ་དང་ང་རང་ཉིད་
ཀྱིས་གཉེན་བསྒྲིགས་པ་རེད། ཁོའ་ིཆུང་དུས་
ཀྱི་ལང་ཚོ་དེ་ངའི་སྟེང་ནས་འཕྲོ་བརླགས་
སུ་བཏང་སྟེ་ད་ལྟ་བྱིས་པའང་གཉིས་ཡོད་པ་
ཆགས་འགྲོ་གི་འདུག
ང་ཚོ ་ཆུང་དུས་སྐབས་ཀྱི ་གཅིག་
གཅིག་ལ་བརྩེ་བ་སྤྲོད་སྟངས་དང་དེང་སྐབས་
ཀྱི་གཞོན་སྐྱེས་རྣམས་ཀྱིས་བརྩེ་བ་སྤྲོད་སྟངས་
འདྲ་གི་མི་འདུག ངས་གཉེན་སྒྲིག་བྱས་ཏེ་ལོ་
འདི་འདྲའི་མང་བོ་ཞིག་འགོར་འདུག་མོད།
ང་ལ་བྱིས་པ་མ་སྐྱེས་བར་དུ་ད་དུང་གཅིག་
གཅིག་ལ་ངོ་ཚ་བ་དང་། ཕྱི་ལོག་ནས་འཆམ་
པོ་བྱས་ནའང་དོགས་མ་བདེ་བ། གཅིག་གཅིག་
ལ་རྔན་པ་ཉོ་རེས་སྤྲོད་རེས། གཅིག་ཕྱི་ལ་སོང་
སྟེ་ཕྱིར་ནང་དུ་མ་ཐོན་ན་བྲེལ་བ་ལངས་ཏེ་སྡོད་
མི་བཟོད་པ་དེ་འདྲ་ཡོང་གི་ཡོད། ཡིན་ནའང་།
དེང་སྐབས་ཀྱི་གཞོན་སྐྱེས་རྣམས་དེ་འདྲ་མ་
རེད་ལ། ཟླ་གཅིག་གཉིས་ཤིག་འགོར་དགོས་
ཀྱི་མི་འདུག ལམ་སང་འཁྲུག་པ་རྒྱག་མགོ་
བརྩམས་ཡོང་གི་འདུག
ཆང་ས། མཇུག་མཐར། ཁྱོད་རང་
ཉིད་བཟའ་ཚང་བསྒྲིགས་ཏེ་ལོ་མང་བོ་འགོར་
བ་དང་། བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་
ཡོད་པ་རྨང་གཞིར་བྱས་ཏེ། གཞོན་སྐྱེས་ཚོར་
གཞུག་ཕྱོགས་རང་གི་བཟའ་ཟླ་དང་མཉམ་དུ་
འཚོ་བ་རོལ་སྐབས་ཇི་ལྟར་བྱས་ནས་འཚོ་
བ་རོལ་དགོས་པའི་སྐོར་ལ་རེ་སྐུལ་འདྲ་ཞུ་
རྒྱུ་ཡོད་དམ།
འབུམ་མཚོ། ངས་རང་གི་སྲིང་ཆུང་
མ་བཟའ་འཐོར་བྱུང་བའི་སྐོར་ལ་བསམ་བློ་
ཞིག་བཏང་ན། བཟའ་ཚང་ཟེར་བ་དེས་ངེས་
པར་དུ་ཕན་ཚུན་ལ་ཡིད་ཆེས་བྱ་དགོས་ཀྱི་
འདུག གྲོགས་པོའ་ིཁ་ལ་ཉན་རུང་གི་མི་འདུག
གྲོགས་པོའ་ིཁ་ལ་ཉན་ན་གྲོགས་པོའ་ིནང་དུ་
བསླབ་བྱ་ཡག་པོ་གཏོང་མཁན་དང་སྡུག་པོ་
གཏོང་མཁན་གཉིས་འདུག གལ་སྲིད་སྡུག་པོ་
ཅིག་བྱུང་ན་སྔོན་གྱི་གྲོགས་པོ་དག་ཀྱང་མེད་
པར་ཆགས་འགྲོ་གི་འདུག
དེར་བརྟེན་བརྩེ་དུང་དང་པོ་དང་ཡིད་
ཆེས་གཉིས་པ། གྲོགས་པོའ་ིསྐད་ཆ་གསུམ་
པར་བཞག་ན་བཟའ་ཚང་གི་བར་ལ་དཀྲུག་
གཏམ་ཡོང་གི་མ་རེད་སྙམ། རང་གི་བཟའ་ཟླ་
ལས་ཀྱང་གྲོགས་པོའ་ིཁ་ལ་ཉན་ཏེ་བཟའ་འཐོར་
དུ་ཕྱིན་པའི་དབང་དུ་བཏང་ན། གྱོང་རེག་ས་
བཟའ་ཟླ་དེ་གཉིས་ཡིན་པ་ལས་གྲོགས་པོ་དག་
མ་རེད། དེར་བརྟེན་རང་གི་བཟའ་ཟླར་ཡིད་
ཆེས་དང་མི་གཞན་གྱི་ཁ་ལ་ཉན་མི་ཉན་པ་ནི་
བཟའ་ཟླ་ཞིག་ལ་ཚང་དགོས་པའི་མ་མཐའི་ཆ་
རྐྱེན་ཞིག་རེད།
“བརྩེ་དུང་དང་པོ་དང་ཡིད་ཆེས་གཉིས་པ། གྲོགས་པོའ་ིསྐད་ཆ་
གསུམ་པར་བཞག་ན་བཟའ་ཚང་གི་བར་ལ་དཀྲུག་གཏམ་ཡོང་གི་མ་
རེད་སྙམ། རང་གི་བཟའ་ཟླ་ལས་ཀྱང་གྲོགས་པོའ་ིཁ་ལ་ཉན་ཏེ་བཟའ་
འཐོར་དུ་ཕྱིན་པའི་དབང་དུ་བཏང་ན། གྱོང་རེག་ས་བཟའ་ཟླ་དེ་གཉིས་
ཡིན་པ་ལས་གྲོགས་པོ་དག་མ་རེད། “
འབུམ་མཚོ།
ན། གཅིག་རྒྱལ་བལ་འབྲུག་གསུམ་དུ་ཡོད་
མཁན་གང་མང་མང་རེད། བཟའ་ཟླ་རེ་ཟུང་
ཕན་ཚུན་ལ་ཡིད་ཆེས་བརླགས་པ་དང་སྐབས་
རེར་མི་གཞན་གྱི་ཁར་ཉན་ནས་བཟའ་འཐོར་
འབྱུང་བ་ལྟ་བུ་ཡོང་གི་འདུག འདིའི་ཐད་དུ་ལྟ་
སྟངས་ཅི་ཞིག་ཡོད།
འབུམ་མཚོ། ངས་བསམ་ན་འདིའི་
སྐབས་སུ་ཕན་ཚུན་ལ་ཡིད་ཆེས་བྱ་རྒྱུ་དེ་ཧ་
ཅང་གི་གལ་ཆེན་པོ་རེད། ཡིད་ཆེས་མེད་ན་
བྱ་བ་གང་འདྲ་ཞིག་ཡིན་རུང་བསྒྲུབ་ཐུབ་ཀྱི་
མི་འདུག ང་རང་ཉིད་ལ་མཚོན་ན་ངས་ཆང་
ས་བརྒྱབས་ཏེ་ལོ་བཅུ་བདུན་འགོར་འདུག་ལ།
སྔོན་ཆད་ང་ལའང་ཁྱོད་ལ་ཡོན་ཏན་མི་འདུག
རྒྱུ་མི་འདུག རྣམ་པ་མི་འདུག ཁྱོད་ཀྱིས་བཟའ་
ཟླས་ཁྱོད་རང་གཡུག་གི་རེད་ལབ་མཁན་བྱུང་
མྱོང་། ཡིན་ནའང་། ངས་བསམ་པར་དེ་དག་
ངའི་བཟའ་ཟླས་ང་དང་མཉམ་དུ་ཆང་ས་རྒྱག་
དུས་ནས་ཤེས་རྟོགས་བྱུང་ཡོད་ལ། ཁོའ་ིན་
གཞོན་གྱི་དུས་ཚོད་དེ་ངའི་སྟེང་ནས་འཕྲོ་
བརླགས་སུ་སོང་བ་རེད། ད་ཁོའ་ིབསམ་བློ་
འགྱུར་བ་འགྲོ་གི་མེད་པ་དེར་ངས་ཡིད་ཆེས་
བྱེད་ཀྱིན་ཡོད། གལ་སྲིད་ཉིན་ཞིག་ཁོང་ཕྱི་
རྒྱལ་དུ་ཕྱིན་པ་དང་ང་འདི་རུ་ལྷག་ནའང་། ངེད་
འདི་རེད། ཁོ་རང་ཉིད་ཀྱང་ལོ་བཞི་བཅུའི་ནང་
རེད། ད་དུང་ཕར་སོང་སྟེ་འགྱུར་སོང་ན་དེ་
ལས་དབང་ཞིག་རེད། ཁྱོད་ཚོའི་ངའི་སེམས་
མ་དཀྲུག་ཅེས་བརྗོད་པ་ཡིན།
ངའི་བཟའ་ཟླ་ངེད་གཉིས་སུ་ཡིན་རུང་
སེམས་པ་བརྟན་པོ་ཡོད། མིའི་ཁ་ལ་རྒྱུག་གི་
མེད། སྔོན་མ་འདི་རུ་ཡོད་དུས་མི་མང་བོས་
ཁོའ་ིཁ་བསྐོར་ནའང་ཁ་འཁོར་ཡོད་པ་མ་
རེད། ངས་བསམ་ན་ང་རང་ཉིད་བརྟན་པོ་བྱུང་
སོང་ན། བཟའ་ཟླར་ཡིད་ཆེས་བརྒྱ་ཆ་བརྒྱ་
ཐམ་པ་ཡོད།
ཆང་ས། ཁྱེད་ཀྱིས་གཉེན་བསྒྲིགས་
ཏེ་ལོ་བཅུ་བདུན་ཕྱིན་པ་རེད། མི་ཚེ་ཟེར་བ་
འདི་སྐྱིད་རེས་སྡུག་རེས་རེད། ད་ལྟ་ཕྱིར་འདང་
ཞིག་བརྒྱབས་ན་སེམས་ནས་བརྗེད་དཀའ་བ་
དང་རང་གི་བཟའ་ཟླ་མཉམ་དུ་ཡོད་དུས་ཀྱི་
དུས་ཚོད་འདི་ནི་ཧ་ཅང་གི་བདེ་སྐྱིད་ལྡན་པའི་
དུས་ཡུན་ཡིན་བསམ་བསམ་འདྲ་འདུག་གམ།
འབུམ་མཚོ། དེ་འདྲ་བྱུང་མྱོང་། ཆུང་
ཆུང་ཡིན་དུས་གཅིག་གཅིག་ལ་བརྩེ་བ་སྤྲོད་
སྟངས་དེ་ད་ལྟའང་དྲན་གི་འདུག་ལ། སྐབས་
རེར་ཁ་རྩོད་རིགས་བྱུང་ནའང་ཆུང་དུས་ཀྱིས་
བརྩེ་བ་དེ་དྲན་ན་རང་བཞིན་གྱིས་མེད་པར་
ཤོག་ངོས་དྲུག་པ།
བོ ད ་རིགས ་སུ ་གཏོགས ་པ ་ཀུན ་
གྱིས་མཁྱེན་གསལ་ལྟར། རང་རིགས་
ནི། གཞིས་བྱེས་གཉིས་སུ་གྱེས་ནས་
ལོ་ངོ་ཧྲིལ་བོ་ང་གཉིས་ལྷག་ཅིག་འགོར་
གྱིན་པའི་གནས་ཚུལ་འདི་དང་། ད་རུང་།
འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཆེས་མང་
པོ་ཞིག་གི་ནང་ལ་ཁ་འཐོར་དགུ་འཐོར་
དུ་སོང་ཡོད་པའི་སྐྱབས་བཅོལ་བོད་མི་
རྣམས་འཚོ་གནས་མི་བྱེད་ཐབས་མེད་དུ་
གྱུར་ཡོད་པ་འདི་ལ། བོད་མི་སུ་ཡིན་རུང་
། ག་འདྲ་བྱས་ནས་བསམ་བློ་དང་རིགས་
རུས་གཅིག་གྱུར་ཡོང་ཐབས་ཀྱི་ཕྱོགས་
སུ། བོད་མིའི་སྤྱི་ཚོགས་ཁྲོད་རེ་འདུན་
དང་འཆར་སྣང་མི་མཐུན་པ་སྣ་ཚོགས་
ཤིག་ཡོད་པ་རེད་དེ། དེ་ནི། སྙིང་སྟོབས་
དང་ཐབས་བྱུས་མེད་པའི་དམག་འཐབ་
བྱེད་སྟངས་ཤིག་དང་ཨ་ན་མ་ན་མ་རེད་
དམ། ཡིན་རུང་། དུས་ཀྱི་འགྱུར་ལྡོག་ལ་
བསྟུན་ཤེས་ཤིང་རང་ཉིད་ལ་གདེང་སྤོབས་
ཀྱིས་ཕྱུག་པའི་སྐྱབས་བཅོལ་ནང་གི་ན་
གཞོན་ཁག་ཅིག་གིས། གནད་དོན་འདིའི་
ཕྱོགས་སུ། 《ཆང་ས་དྲ་བ་》 ཞེས་པའི་
མཐུན་རྐྱེན་ཞིག་བསྐྲུན་ཐུབ་པ་འདིས། མ་
འོངས་པའི་སྐྱབས་བཅོལ་བོད་མི་རྣམས་
གང་འདྲ་བྱས་ནས། བསམ་བློ་དང་རིགས་
རུས་གཅིག་གྱུར་དགོས་ཐབས་གླེང་རྒྱུ་མ་
ཟད། ཇི་ལྟར་བྱས་ནས་སྐྱབས་བཅོལ་བོད་
མི་རྣམས་ཀྱི་བསམ་བློ་དང་རིགས་རུས་
གཅིག་གྱུར་བཟོ་མིན་གྱི་ཐད་ལ་ཡང་གོ་
རྟོགས་སྤེལ་རྒྱུ་དང་སྐུལ་འདེད་ཀྱི་ནུས་
པ་ཆེན་པོ་ཞིག་ཐོན་ཐུབ་པའི་རེ་བ་བཟུང་
ཡོད།
དེང་སྐབས། བོད་མིའི ་སྤྱི ་ཚོགས་
ནང་ང་ཚོའི་འགྲོ་ཕྱོགས་དང་ལམ་ལུགས་
ཀྱིས་མཚོན་པའི་ལས་རིགས་སྣ་ཚོགས་
ལ་འགྱུར་བ་ཤ གས་ཆེན་པོ་གཏོང་དགོས་
མིན་གྱི་བསམ་ཚུལ་མི་འདྲ་བ་དུ་མ་ཡིན་
པ་མ་ཟད། འགྱུར་བ་གཏོང་སྟངས་ལ་
ཐབས་ལམ་དང་ལྟ་ཚུལ་སྣ་ཚོགས་ཤིག་
ཀྱང་ཡོད་པ་རེད། དེའི་སྟབས་ཀྱིས། རང་
རང་གི་དགོས་དམིགས་དང་ལས་འཆར་
དེ ་མངོན་འགྱུར་ཡོང་ཐབས་སུ་ཚོགས་
པ་འཛུགས་པ་སོགས་ཀྱིས་མཚོན་པའི་
ལངས་ཕྱོགས་བྱེ ་བྲག་པའི ་ཕྱོགས་སུ་
མ་ལྷུང་བའི་སྟེང་། ཁ་ཐོར་བོད་མིའི་སྤྱི་
ཚོགས་ཁྱོན་ཡོངས་ཀྱི་དགོས་མཁོ་དང་
འཚམ་པའི་འབྲེལ་མཐུད་པའི་བརྒྱུད་ལམ་
གལ་ཆེན་ཞིག་བྱེད་དགོས་པ་མ་ཟད། ད་
པ་ནི། རིགས་མཐུན་མི་རིགས་དེའི་སྐད་
ཡིག་དང་རིག་གནས། བསམ་བློ་དང་ལྟ་
བ་སོགས་ལ་སྟོབས་ཤ གས་དང་གསོན་
ཉམས་ཤིག་རྒྱས་པའི་ཆེད་དུ་ཡིན་ནོ།།
ཨང་། དེ་བས་《ཆང་ས་དྲ་བ་》 འདིས།
གནད་འགག་འདི་དག་གཏིང་ཟབ་པའི་
ངོས་འཛིན་ཡོད་པའི་སྒོ་ནས། ཁ་ཐོར་
དགུ་ཐོར་དུ་གྱུར་བའི་སྐྱབས་བཅོལ་བོད་
མི་མང་ཚོགས་ཀྱི་བསམ་འདུན་ངོ་མ་གང་
ཡིན་འཚོལ་ཞིབ་སྔོག་འདོན་བྱེད་ཞོར་དུ།
ཕན་ཚུན་བར་གྱི་མགྲིན་ཚབ་པ་གལ་ཆེན་
ཞིག་བྱེད་ཐུབ་པའི་རེ་བ་བཟུང་ཡོད།
ཡང་། དེང་སང་གི་དུས་རབས་འདི་ནི།
ཕྱོགས་ཡོངས་ནས་སྟབས་བདེ་ཅན་དུ་གྱུར་
དང་འགྱུར་བཞིན་པ་འདི་རེད། དེའི་ཕྱིར།
བོད་ཀྱི་མི་གསར་བ་རྣམས་ཀྱིས་ཀྱང་དེའི་
འགྲོས་དང་འཚམ་པའི་གྲ་སྒྲིག་ཨང་གསར་
ཞིག་དགོས་པ་ནི། མ་མཐའི་འགན་འཁྲི་
ཞིག་ཡིན་པས་ན། 《ཆང་ས་དྲ་བ་》འདིའི་
རྩོམ་སྒྲིག་པས་མཚོན་པའི་འབྲེལ་ཡོད་རྣམ་
པའི་ངོས་ནས་ཡིན་རུང་། ཁ་ཐོར་དུ་གྱུར་
བའི་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་
ཀྱི་གནས་བབ་ལ་ཕྱོགས་ཡོངས་ནས་ཞིབ་
འཇུག་དང་འབྲེལ་ནས། གནད་དོན་མང་པོ་
ཞིག་ལ་དངོས་ཡོད་དང་མཐུན་པའི་སྒོ་ནས་
མཐུན་རྐྱེན་རེ་བསྐྲུན་དགོས་པ་ནི། དུས་
རབས་གསར་བའི་རྗེས་རབས་པ་རྣམས་
ལ་འགན་འཁྲི་ལྡོག་ཏུ་མེད་པ་ཞིག་བབས་
པ་དེ་རེད་མོད། བོད་ཀྱི་སྤྱི་ཚོགས་ཁྱོན་
ཡོངས་ཀྱི་གོ་རྟོགས་དང་ངོས་འཛིན་དེའང་
གུ་དོག་དང་མཁྲེགས་འཛིན་གྱི་ཕྱོགས་སུ་
ལྷུང་བ་ཤ གས་ཆེ་སྟབས། ལས་རིམ་རྣམ་
གཞག་གསར་བ་ཞིག་གི་སྒོ་མོ་འབྱེད་དུས།
དཀའ་ངལ་མི་ཉུང་བ་འཕྲད་རྒྱུ་རེད་དེ།
དཀའ་ངལ་འདི་སྟོབས་ཤ གས་སུ་བསྒྱུར་
རྒྱུར་རེ་འདུན་ཆེན་པོ་བཅངས་ཡོད། དེའང་
། 《ཆང་ས་དྲ་བ་》 འདི་ལ་རྒྱུན་མཐུད་རང་
བཞིན་གྱི་ཆོད་སེམས་དང་རང་ཚུགས་
བརྟན་པོ་ཡོད་མེད་ལ་ཐུག་ཡོད། གང་ལྟར།
རེ་འདུན་འདི་དག་ལག་ལེན་དུ་འབབ་ཐུབ་
པའི་ཡིད་ཆེས་ཡོད། གནས་ཚུལ་འདི་དག་
གི་ཐོག་ནས་བསམས་ན། 《ཆང་ས་དྲ་བ་》
ཞེས་པའི་དྲ་ཚིགས་འདིས་སྐྱབས་བཅོལ་
བོད་གཞུང་གིས་ཀྱང་བསྒྲུབ་མི་ཐུབ་པའི་
ལས་དོན་དམིགས་བསལ་བ་ཞིག་བསྒྲུབ་
དགོས་པའི་ཤེས་རྟོགས་དང་འགན་འཁྲི་
ཞིག་བཟུང་ནས་ཡོང་ཡོད་པར་འདོད། དེ་
འདྲ་ཡིན་དུས། ཁ་ཐོར་དུ་གྱུར་བའི་སྐྱབས་
བཅོལ་བོད་མི་རྣམས་ཀྱིས་《ཆང་ས་དྲ་བ་
》ཞེས་པའི་བརྒྱུད་ལམ་འདིའི་རྒྱབ་ལྗོངས་
དང་དམིགས་ཡུལ། ལས་འཆར་དང་བྱེད་
ཐབས་ལ་རྒྱབ་སྐྱོར་བྱེད་པའི་རེ་སྐུལ་ནན་
ཏན་གྱིས་ཞུའོ།།
ཆང་ས་དྲ་བའི་འགན་འཁྲི་དང་ངའི་རེ་འབོད།རང་དབང་རྒྱལ།
དུང་། 《ཆང་ས་དྲ་བ་》འདིས། བོད་གཞིས་
བྱེས་གཉིས་དང་། ལྷག་པར་དུ། སྐྱབས་
བཅོལ་བོད་མི་རྣམས་ཀྱི་རིགས་རུས་དང་
འབྲེལ་ལམ་སོགས་ལ་ཕན་ནུས་ངེས་ཅན་
ཐོན་པའི་སྤྱི་སྙོམ་འབྲེལ་ཟམ་ཞིག་བསྐྲུན་
ཐུབ་པའི་རེ་བ་བཟུང་ཡོད།
སྤྱིར་ན། རིགས་མཐུན་ཕན་ཚུན་ལ་
བཟའ་ཚང་བསྒྲིགས་པའམ་ཆང་ས་རྒྱག་
དེས་ན། བོད་མི ་རིགས་ནང་ཁུལ་ལ་
བཟའ་ཚང་བསྒྲིགས་པའམ་ཆང་ས་རྒྱག་
པ་ནི། རང་རེའི ་སྐད་ཡིག་གི་ཚེ ་སྲོག་
བརྟན་པ་དང་དེར་བརྟེན་པའི་རིག་གནས་
ཁག་གི་འཕེལ་རྒྱས་མྱུར་བ། གཞན་ཡང་
། མི་རབས་རྗེས་མ་རྣམས་ཀྱི་འབྲེལ་བ་
ཇེ་ཟབ་དང་སེམས་བསམ་པ་གཅིག་ཏུ་
ཕྱོགས་ཐབས་ལ་ཕན་ནུས་ཐོན་པའི་ཆེས་
ཐབས་བྱུས་དམིགས་བསལ་བ་ཞིག་རེད་
སྦྲུམ་དུས་ཀྱི་སློབ་གསོ་དང་བྱིས་དུས་ཀྱི་
སློབ་གསོའ་ིསློབ་དཔོན་སུས་ཀྱང་འགྲན་ཟླ་
མེད་པ་ནི་སྐྱེས་མ་ཡིན་ལ། འོན་ཀྱང་སྦྲུམ་དུས་
ཀྱི་སློབ་གསོའ་ིཁྱབ་ཁོངས་ནང་ཁྱོ་གའི་བརྩེ་
སེམས་ཀྱི་གཅེས་སྐྱོང་དང་། ནང་མི་ཉེ་འབྲེལ་
གྱི་རྒྱབ་སྐྱོར་འོག སྦྲུམ་མ་རང་གི་ཤ་ཁྲག་དང་
སེམས་རྒྱུད་ལས་གྲུབ་པའི་གཅེས་ཕྲུག་དེ་རང་
གཤིས་བཟང་ཞིང་བློ་རིག་གསལ་བ། དབང་བོ་
དང་ཡན་ལག་ཚང་ཞིང་། བྱད་གཟུགས་ལེགས་
པ་ཞིག་སྐྱེས་དགོས་ན། སྦྲུམ་དུས་ཀྱི་ཉིན་ཉིས་
བརྒྱ་བརྒྱད་ཅུའི་དུས་ཡུན་ནང་འཕྲོད་པ་བསྟེན་
ཤེས་དང་། མི་འཕྲོད་པ་སྤང་དགོས་པའི་སློབ་
གསོའ་ིརིམ་པ་ཁག་ནི་ཤིན་ཏུ་གལ་ཆེ་བ་ཡིན།
དེ་ཡང་བུད་མེད་ཚོས་གཉེན་སྒྲིག་སྔ་བ་
དང་ཕྲུ་གུ་འཁོར་སྔ་བའི་སྐྱོན་ལ་དོ་སྣང་བྱེད་
དགོས་སྟེ། སྐྱེས་པ་དང་བུད་མེད་གང་ཡིན་རུང་
རང་ལོ་ཉི་ཤ ་མ་ལོན་པའི་སྔོན་དུ། དར་ལ་མ་
བབས་པའི་ལུས་ཟུངས་ཀྱི་ཁམས་དཀར་དམར་
གྱི་ཚད་གཞི་དང་གསོག་ཚད་འདང་ཚིམ་པ་
མེད་པས། མངལ་གནས་བྱིས་པའི་འཚར་སྐྱེ་
ལ་གནོད་སྐྱོན་འབྱུང་སྲིད། དེར་བརྟེན་ལོ་བཅུ་
དྲུག་དང་བཅུ་བདུན་བཅོ་བརྒྱད་ཀྱི་བར་བུད་
མེད་ཚོར་མངལ་ཆགས་ན། མ་བུའི་བདེ་ཐང་
ལ་གནོད་སྐྱོན་འབྱུང་སྲིད་ལ། ལོ་ཉི་ཤ ་ལོངས་
རྗེས་གཉེན་སྒྲིག་པ་དང་མངལ་ཆགས་ན་ཧ་ཅང་
འཚམས་པ་ཡིན། མདོར་ན་མངལ་ཆགས་པའི་
དུས་རིམ་ཟླ་དགུ་ཞག་བཅུའི་དུས་ཡུན་གྱི་ནང་
དུ་སྦྲུམ་མས་ཤེས་དགོས་པ་ནི། དབང་བོ་དྲུག་
གི་འཕྲོད་བསྟེན་དང་ཟས་སྤྱོད་སྨན་དཔྱད་བཞི་
ཡི་འཕྲོད་བསྟེན་དེ་ཡིན།
དབང་བོ་དྲུག་གི་འཕྲོད་བསྟེན།
གཅིག མིག་ཤེས་ཀྱིས་ཉམས་སུ་མྱོང་
བྱའི་སྤང་བླང་། སྦྲུམ་མས་གློག་འོད་རབ་ཏུ་
འཚེར་བ་དང་། ལྕགས་སྦྱོར་གློག་ཚའི་འོད།
ཉི་མ་སོགས་ཚད་བརྒལ་གྱི་འོད་རིགས་ལ་
ཡུན་རིང་བོར་ཅེར་ནས་མི་བལྟ་བ། སྦྲུམ་མའི་
མིག་ཤེས་ཀྱིས་སྤྱོད་རུང་བའི་ཡུལ་ནི་མཛེས་
ཤིང་ལྟ་ན་སྡུག་པའི་སྐྱེད་ཚལ་དང་། ཡུལ་
ལྗོངས་རྣམ་པར་བཀྲ་བའི་མེ་ཏོག་དང་མཚེའུ།
མཛེས་རིས་སོགས་སེམས་ལ་སྤྲོ་སྣང་སྟེར་
བའི་གཟུགས་ལ་རྒྱུན་དུ་སྤྱོད་ཤེས་པ་བྱེད་
དགོས། དེ་ལྟར་བྱས་ན་སྦྲུམ་བུའི་གཟུགས་
མཐོང་དབང་རྩའི་གྲུབ་གཤིས་ལ་ཕན་འབྲས་
ཆེན་པོ་འབྱུང་སྲིད།
གཉིས། སྦྲུམ་མའི་རྣ་ཤེས་ཀྱིས་སྤྱོད་རུང་
མིན་གྱི་སྒྲ་རིགས། ཐོག་སྒྲ་དང་འབར་རྫས་
སོགས་ཚད་བརྒལ་གྱི་སྒྲ་སྐད་སྤྱི་དང་། ཁོང་
ཁྲོ་དང་མྱ་ངན། འཇིགས་སྐྲག་སློང་བའི་སྐད་
ངན་དག་ཉན་མི་རུང་། སྦྲུམ་མས་དུས་རྒྱུན་དུ་
སྙན་ཞིང་འཇེབས་པའི་སྒྲ་དབྱངས་དང་། གླུ་
གཞས། དེ་བཞིན་སྙན་ངག་དང་གཏམ་རྒྱུད།
བརྩེ་དུང་མཚོན་པའི་སྐད་ཆ་སོགས་ཡིད་
ལ་སྤྲོ་སྣང་འཕེལ་ཐུབ་པའི་སྒྲ་སྐད་གང་དག་
ལ་ཉན་ན་འོས། དེ་ལྟར་བྱས་ན་སྦྲུམ་བུའི་སྒྲ་
འཐེན་དབང་རྩའི་སྤུས་ཚད་དང་ནུས་སྟོབས་
རྣམས་མཐོར་འདེགས་བྱེད་རྒྱུར་ཕན་པ་ངེས་
ཅན་ལྡན།
གསུམ། སྦྲུམ་མའི་སྣ་ཤེས་ཀྱིས་མནམ་
བྱར་རུང་བའི་དྲི་ལྡན་དངོས་པོའ་ིསྤང་བླང་།
དྲི་ངན་གྱི་རིགས་སྤྱི་དང་། ཁྱད་པར་དུ་བཙོག་
རྡུལ་དང་དུག་རྡུལ། ནད་རྡུལ་སོགས་སྦགས་
པའི་དྲི་མར་མནམ་མི་རུང་ཞིང་། སྦྲུམ་མས་
མནམ་པར་རུང་བའི་དྲི་མ་ནི། མེ་ཏོག་དང་རྩི་
ཤིང་སོགས་ཀྱི་དྲི་ཞིམ་དང་། འཕྲོད་པར་སྦྱོར་
བའི་དྲི་བཟང་གི་དངོས་པོ། དྭངས་གཙང་གི་
མཁའ་རླུང་སོགས་ཡིན། དེ་ལྟར་བྱས་ན་སྦྲུམ་
བུའི་དྲི་འཛིན་དབང་རྩས་གཙོ་བྱས་དབང་རྩའི་
ཕྲ་ཕུང་ཡོངས་ལ་ཕན་འབྲས་ངེས་ཅན་ལྡན་
སྲིད།
བཞི། སྦྲུམ་མའི་ལྕེ་ཤེས་ཀྱིས་མྱོང་བྱར་
སྤྱི་ཚོགས་དང་མི་སྒེར་གྱི་འཚོ་བ་ལ་
འཕེལ་རྒྱས་མི་ཉུང་བ་ཞིག་ཕྱིན་ཡོད་ནའང་
། བོད་པའི་སྤྱི་ཚོགས་ཁྲོད་ཀྱི་བུད་མེད་ཕལ་
མོ་ཆེ་ལ་ད་དུང་ཡང་འཕྲོད་བསྟེན་གྱི་རྒྱུན་
ཤེས་ཧ་ཅང་ཞན། དེ་ལས་བུད་མེད་ཚོའི་
གནད་དོན་ཆེ་ཤོས་ནི་ནམ་རྒྱུན་གྱི་འཚོ་བ་
དང་ལྷག་པར་དུ་ཟླ་མཚན་སྐབས་ཡིན་ལ།
དེ་ལ་འཛེམ་བག་དང་ཕན་ནུས་སྐོར་དོ་སྣང་
བྱེད་དགོས་བའི་དོན་ཚན་ཐུང་ངུ་གསུམ་
ཡོད་སྟེ།
གཅིག ཟླ་མཚན་མ་ཡོང་གོང་གི་ཚོར་
སྣང་སྐོར།
ཟླ་མཚན་མ་ཡོང་གི་ཉིན་གཉིས་གསུམ་
ཀྱི་རིང་སེམས་འཚུབ་པ་དང་ཁོང་ཁྲོ་ཟ་སླ་
བ། བྲང་གི་ནུ་མ་འབྲེང་བ། སྐེད་པ་ན་བ། ལ་
ལར་ད་དུང་ངོ་གདོང་དུ་རྨ་ཐོན་པ་སོགས་ཀྱི་
རྟགས་འདྲ་མིན་འབྱུང་བ་ཡིན།
གཉིས། ཟླ་མཚན་འབབ་བཞིན་པའི་
སྐབས་ཀྱི་འཛེམ་བྱ།
ཟླ་མཚན་འབབ་བཞིན་པའི་དུས་དེར་ཆུ་
གྲང་མོ་འཐུང་མི་ཉན་པ་དང་ཁ་ཚ་བའི་རིགས་
ཟ་མི་ཉན་པ། རྐང་པ་དང་སྐེད་པ་ཡི་དྲོད་གྲང་
ལ་རན་པའི་སྟོད་ཐུང་གོན་པ། འདོམ་གྱི་ཤོག་
བུ་ཡང་ཡང་བརྗེ་བ། འཁྲུག་སྤྱོད་ལ་ཧ་ཅང་
འཛེམ་པ། ཅ་ལག་སོགས་ལྗིད་ཁོག་ཅན་ཡར་
འགྱོག་མི་ཉན་པ། ལག་པ་ཆུ་གྲང་ནང་དུ་རྒྱག་
མི་ཉན་པ། གཟུགས་པོ་འཁྲུ་མི་ཉན་པ་སོགས་
ལ་འཛེམ་དོགས་བྱས་ན་ཟླ་མཚན་འབབ་པར་
དཀའ་ངལ་མེད་ལ་མོ་ནད་མི་འབྱུང་བའི་སྔོན་
འགོག་ཀྱང་བྱེད་ཐུབ། ད་དུང་གྲང་བའི་ན་ཚ་
ཡོད་མཁན་རིགས་ཀྱི་སྐབས་དེར་ཕག་ཤ་དང་
ཞོག་ཁོག ཚོད་མ་མགོ་བཏུམས་ཁ་སྐད་ལ་
(ཚོད་མ་མགོ་ལོག) ཡང་བརྗོད་ལ་དེ་ཚོར་
ངེས་པར་དུ་གཟབ་དགོས་པར་བཤད།
གསུམ། ཟླ་མཚན་འབབ་བཞིན་པའི་
སྐབས་ཀྱི་ཕན་ནུས་སྐོར་ཀྱི་ཤེས་བྱ།
ཟླ་མཚན་འབབ་བཞིན་པའི་སྐབས་དེར་
གཟུགས་པོ་ལ་ཉོབ་སྣང་སླེབས་པ་དང་མགོ་
ཡོམ་འཁོར་བ་སོགས་ནི་རྒྱུན་ལྡན་ཡིན་ལ།
འོན་ཀྱང་ལ་ལར་ཟླ་མཚན་འབབ་རྒྱུ་མང་
དྲགས་ནས་གཟུགས་པོའ་ིནུས་ཤ གས་ཟད་པ་
དང་ཟུངས་ཁྲག་ཉུང་དུ་ཕྱིན་པ་སོགས་ཀྱིས་
མགོ་ཡོམ་འཁོར་བ་སོགས་བྱེད་པས་རྐྱེན་
དེ་འདྲ་བྱུང་ཚེ་ངེས་པར་དུ་སྨན་པར་བསྟེན་
དགོས། དེར་མ་ཟད་ཟླ་མཚན་འབབ་བཞིན་
པའི་སྐབས་དེར་བུད་མེད་ཀྱི་ཟས་བཅུད་ངེས་
པར་དུ་ཡག་ཏུ་གཏོང་དགོས་ལ། བདེ་ཐང་དེ་
ལས་ཟླ་མཚན་དམར་པོ་ཡིན་མིན་དང་ཁྲག་
རྡོག་བུ་ཐོན་གྱི་ཡོད་མེད། བུ་སྣོད་ན་བ་དང་
ཟླ་མཚན་འབབ་ཚད་རྒྱུན་ལྡན་ལས་བརྒལ་
བ་དང་ཉི་མ་མང་བོར་ཡོང་བ་སོགས་བྱས་ཚེ་
ཡང་ངེས་པར་དུ་སྨན་པར་བསྟེན་དགོས།
བུད་མེད་ཞིག་ལ་ཆ་མཚོན་ན་ཟླ་མཚན་
གྱི་སྐོར་ལ་རང་ཉིད་སོ་སོས་མ་གཏོགས་ཁྱོ་
ག་དང་ནང་མི་ཚོས་དོ་སྣང་མི་བྱེད་ལ་བྱེད་
ཀྱང་མི་ཐུབ་རྐྱེན། དེ་དུས་ཀྱི་སེམས་པར་ཁོད་
ཡངས་པོ་བྱེད་རྒྱུ་ཡང་ཧ་ཅང་གི་གནད་འགག་
ཆེན་པོ་ཡིན། གོང་གི་བརྗོད་གཞི་འདི་དག་
ལས་བུད་མེད་ཚོས་ཟླ་མཚན་སྐབས་འདོམ་
གྱི་ཤོག་བུ་དེ་ཡང་ཚད་ལྡན་གྱི་བཟོ་གྲྭའི་མིང་
རྟགས་ཡོད་པ་ཉོས་ཚེ་དེ་ཡིས་ཟླ་མཚན་ནང་
གི་འབུ་ཕྲ་གསོད་པར་ཕན་ནུས་ཡོད་སྐོར་
བརྗོད། ད་དུང་རྐང་ཐུང་ཆུ་ཁོལ་མ་ནང་དུ་འཁྲུ་
དགོས་ལ་ཉི་མར་སྐམ་རྒྱུ་ཡང་གལ་འགངས་
ཤིན་ཏུ་ཆེའོ། །
ཟླ་མཚན་འབབ་བཞིན་པའི་སྐབས་དང་
ཡང་ན་ནམ་རྒྱུན་གྱི་འཚོ་བ་ལས་དགོང་མོ་
རྟག་པར་ཆུ་ཁོལ་དྲོད་འཇམ་ནང་དུ་ཚ་ཉུང་
བུད་མེད་ཀྱི་ཟླ་མཚན་སྐབས་དོ་སྣང་
བྱེད་དགོས་པའི་རྒྱུན་ཤེས་སྐོར། ཙམ་བླུག་ནས་མཚན་མ་འཁྲུས་ན་མོ་ནད་
དམ་གྲང་གཞི་བྱས་པའི་ན་ཚ་སོགས་སྔོན་
འགོག་བྱེད་ཐུབ་ལ་ཟླ་མཚན་དཀར་པོ་མི་
ཐོན་པའི་ཕན་ནུས་ཀྱང་མི་ཉུང་བ་ཞིག་ཡོད་
སྐོར་བརྗོད་འདུག
ང་ཚོས་རྒྱུན་ཤེས་འདི་དག་ལ་དོ་སྣང་དང་
ལྷག་པར་དུ་བུད་མེད་ཚོའི་འཚོ་བའི་དཀའ་
ངལ་མང་པོ་ཞིག་ལ་གཏན་ནས་ཡིད་འཇོག་
བྱེད་ཀྱི་མེད་ལ། ལྷག་པར་དུ་བུད་མེད་ཚོར་
མངལ་ཆགས་པའི་དུས་ཡུན་རིང་གི་གཟུགས་
པོའ་ིབདེ་ཚད་དང་ཉོབ་སྣང་གིས་ཟས་ལ་
བཅུད་མེད་པར་ཁྲག་ཤེད་དང་གཟུགས་པོའ་ི
ནུས་པ་ཇེ་ཞན་དུ་འགྲོ་བ་སོགས་དཀའ་ངལ་
མང་པོ་ཞིག་ལ་སྐྱེས་པ་ཚོའི་དོ་སྣང་གཏན་
ནས་བྱེད་ཀྱི་མེད། དེ་བཞིན་ཁོང་ཚོས་ཟླ་
མཚན་འབབ་པའི་དུས་དེར་ཡང་བུད་མེད་
ཀྱི་འཛེམ་བྱ་དེ་ཚོ་ལ་གཏན་ནས་ཡིད་འཇོག་
བྱེད་ཀྱི་མེད་པ་དངོས་གསལ་རེད།
འདི་ནི་བུད་མེད་ཚོར་མཚོན་ན་ཉམས་
འཇོག་དང་གཟབ་ནན་བྱེད་པ་ལས་གང་འདོད་
ལྟར་བྱས་ན་མོ་ནད་འདྲ་མིན་འབྱུང་བ་དང་བུ་
སྣོད་ལ་ཤ་སྐྲེན་སྐྱེས་པ། ད་དུང་བུ་སྣོད་ལ་
སྐྱོན་ཤོར་ནས་རྐང་པ་རིང་ཐུང་ཤོར་བའི་ན་ཚ་
དང་བུ་སྣོད་ཀྱི་ནད་གཞིའི་རྐྱེན་གཤག་བཅོས་
བྱས་ཏེ་བུ་སྣོད་འགོག་པ། ད་དུང་མངལ་
ཆགས་རྒྱུ་མེད་པ་སོགས་ཀྱི་དཀའ་ངལ་མི་
ཉུང་བ་ཞིག་འབྱུང་བ་དེ་ང་ཚོའི་སྤྱི་ཚོགས་གྱི་
ཉེ་འཁོར་དུའང་མང་པོ་འབྱུང་བཞིན་པ་མངོན་
གསལ་དོད་པོ་ཡིན།
དེ་བས་ངས་འདི་རུ་རང་ཉིད་ཀྱི་མྱོང་
ཚོར་དང་འཚོ་བའི་ལམ་ཡིག་གི་ནང་དུ་སྨན་
པས་བརྗོད་པ་སོགས་བསླབ་བྱ་ལས་མདོར་
བསྡུས་ཤིག་བྲིས་པ་ཡིན་པས་རྒྱ་ཆེའི་བུད་
མེད་ གཟིགས་མོ་བ་རྣམས་ཀྱིས་དོ་སྣང་བྱེད་
པར་སྨོན།
འསོ་བའི་རོ་དྲུག་གི་སྤང་བླང་། རོ་དྲུག་བྲོ་བའི་
ཁོངས་གཏོགས་ཀྱི་ཟས་སྐོམ་རྣམས་ལས། ཡི་
གར་མི་འོང་བའི་འཇུ་དཀའ་བ་དང་། བསིལ་
ཆེ་བའི་ཟས་སྐོམ་དག་ཨུ་ཚུགས་ཀྱིས་སྤྱོད་
པར་བྱ་མི་རུང་། སྦྲུམ་མས་འཚོ་བཅུད་ལྡན་
ཞིང་འཇུ་སླ་བའི་ཟས་སྐོམ་གསར་བ་རྣམས་
གང་འདོད་ལོངས་སུ་སྤྱོད་དགོས། དེ་ལྟར་
བྱས་ན་སྦྲུམ་བུའི་ལུས་པོ་དང་དབང་རྩའི་ཕྲ་
ཕུང་རྣམས་འཚར་སྐྱེ་འབྱུང་བར་ཕན་འབྲས་
ཆེན་པོ་ལྡན།
ལྔ། སྦྲུམ་མའི་ལུས་ཀྱིས་ཉམས་སུ་མྱོང་
རུང་བའི་རེག་བྱའི་སྤང་བླང་། མེ་ཉི་སོགས་
ཚད་བརྒལ་གྱི་ཚ་བས་གདུངས་པ་དང་། གྲང་
འཁྱག་སོགས་ཤིན་ཏུ་གྲང་རེག་གིས་མནར་
བར་བྱ་མི་རུང་། སྲབ་འཇམ་ཡང་བའི་གོས་
དང་། དྲོ་གྲང་སྙོམ་པའི་ཁོར་ཡུག་ཞིག་ངེས་
པར་ལྡན་དགོས། འདི་ལྟར་ཆ་རྐྱེན་ལྡན་ན་
སྦྲུམ་བུའི་རེག་ཚོར་དབང་རྩའི་གྲུབ་གཤིས་
ཀྱི་སྤུས་ཚད་ལ་ཕན་འབྲས་ལྡན་སྲིད།
དྲུག བུད་མེད་སྦྲུམ་མའི་སེམས་ཁམས་
འཕྲདོ་བསྟནེ་གིྱ་སྤང་བླང་། སྦྲུམ་མའི་ལུས་ཟུངས་
འཚོ་བཅུད་ནི་སྦྲུམ་བུའི་གཟུགས་གཞི་སོགས་
ཀླད་ཆེན་དབང་རྩའི་ཡིད་སེམས་འཕེལ་སྐྱེད་
ཀིྱ་འཚར་ལོངས་དང་འབྲེལ་བ་ཡོད་པས། སྦྲུམ་
མའི་སེམས་ཀྱ་ིཁོང་ཁྲོ་དང་འཇིགས་སྣང་། སྡུག་
བསྔལ་སོགས་མི་དགའ་བའི་རྐྱནེ་ངན་མཐའ་དག་
སྤང་དགོས་པར་མ་ཟད། བུད་མེད་ཀྱ་ིསེམས་ལ་
ཕོག་ཐུག་ཆེ་བ་ནི་བརྩེ་དུང་ཡིན་པས། སྦྲུམ་དུས་
སུ་བཟའ་ཟླའི་གཅེས་སྐྱོང་དང་ཐུགས་ཁུར་གྱིས་
སྦྲུམ་མའི་སེམས་ཁམས་སྲུང་སྐྱོབ་བྱེད་རྒྱུ་དེ་ཧ་
ཅང་གལ་ཆེ། དེ་ལྟར་སྦྲུམ་མའི་སེམས་ཁམས་
ལ་སྤྲ་ོསྣང་དང་བརྩ་ེདགའ། ཞི་འཇམ་བག་ཕབེས་
ཀྱ་ིཁོར་ཡུག་ཅགི་བསྐྲུན་ཐུབ་ན། མ་འངོས་པར་
གཅེས་ཕྲུག་དེ་ཡང་རང་གཤིས་བཟང་ཞིང་ཕ་
མར་བརྩ་ེབ། གཞན་ཕན་གིྱ་ལྷག་བསམ་ལྡན་ཞིང་
བློ་རགི་གསལ་བ་ཞིག་ཡོང་ངེས་རེད།
མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།
མཐོ་སྒང་གི་བུད་མེད་ཚོས་སྦྲུམ་དུས་ཀྱི་
སློབ་གསོ་ཁོང་དུ་ཆུད་པར་བྱེད་དགོས།
༡.ནམ་རྒྱུན་སེམས་ཞིབ་མོས་བདེ་སྲུང་བཟང་
པོ་བྱས་ན། འཚོ་བར་བདེ་སྐྱིད་ལྡན་ངེས།
བུད་མེད་ཞིག་ལ་མཚོན་ནས་བཤད་ན་
ནམ་རྒྱུན་སེམས་ཞིབ་མོས་བདེ་སྲུང་བྱེད་
རྒྱུ་དེ་ཧ་ཅང་གལ་ཆེ། བུད་མེད་ཀྱི་བདེ་ཐང་
གི་སྐོར་ནས་གླེང་ན་ཕྱི་ལུས་ཀྱི་བདེ་ཐང་ཁོ་
ན་ཙམ་ཞིག་ལ་ངོས་མི་འཛིན་པར་གཙོ་བོ་
ནང་སེམས་ཀྱི་བདེ་ཐང་ལ་རག་ལས་ཡོད།
ཁ་དཔེར་ཡང་སེམས་མ་བདེ་ན་ལུས་མི་
བདེ་ཟེར་བ་ལྟར་ང་ཚོར་སྤྲོ་སྐྱིད་ཀྱི་སེམས་
ཁམས་ཤིག་དང་བདེ་ཐང་གི་ལུས་ཕུང་ཞིག་
ཡོད་ན། ད་གཟོད་འཚོ་བར་དོན་སྙིང་ལྡན་
པ་དང་མགོ་མཇུག་ཡོད་པ་རེད། ང་ཚོས་
རང་ཉིད་ཀྱི་ལུས་སེམས་གཉིས་ཀར་བདེ་
སྲུང་བྱེད་དགོས་པར་མ་ཟད། ད་དུང་བཟའ་
མི་གང་བོའ་ིབདེ་སྲུང་ལའང་འགན་ལེན་བྱེད་
དགོས་པས། ནམ་རྒྱུན་སེམས་ཞིབ་མོས་
བདེ་སྲུང་བཟང་པོ་བྱས་ན། བདེ་ཞིང་སྐྱིད་
པའི་འཚོ་བར་རོལ་ཐུབ།
༢.ཅིའི་ཕྱིར་དེང་སྐབས་བུད་མེད་ལ་
འབྲས་སྐྲན་ནད་འབྱུང་ཚད་ཇེ་མང་དུ་འགྲོ་
བཞིན་ཡོད་པ་རེད།
དཔལ་འབྱོར་གོང་འཕེལ་དང་འགྲན་རྩོད་ཉིན་
རེ་ལས་ཉིན་རེར་ཛ་དྲག་ཏུ་འགྲོ་བའི་སྐབས་
འདིར། འཚོ་བ་དང་བྱ་བའི་ཁྲོད་ཀྱི་གནོན་
ཤགས་ཆེན་པོས་མི་ལུས་བདེ་ཐང་ལ་ཤ གས་
རྐྱེན་ཐེབས་བཞིན་ཡོད་པ་རེད།
བུད་མེད་ཀྱི་བསམ་སེའུ་དང་བུ་སྣོད་ནི་
གནོན་ཤ གས་ཚོར་དབང་ཡིན། སྤྱིར་བུ་སྣོད་
དེ་ཁུ་ཚུར་གྱི་ཆེ་ཆུང་ཙམ་ཞིག་ལས་མེད་མོད།
བུད་མེད་ལ་མངལ་སྦྲུམ་རྗེས་མངལ་གནས་ཕྲུ་
གུ་རིམ་གྱིས་ལག་ཆགས་པ་དང་བསྟུན་ནས་
བུ་སྣོད་ཀྱང་ལྡབ་འགའི་ཇེ་ཆེར་འགྲོ་བ་རེད།
ང་ཚོའི་སེམས་ཁམས་མ་སྐྱིད་པར་སེམས་
ཁུར་ཆེན་པོ་བྱུང་བ་དང་དེ་དུས་ཐོག་ཏུ་སྙོམས་
སྒྲིག་བྱེད་མ་ཐུབ་ན། ནང་གི་ཟགས་ཐོན་རྙོག་
འཁྲུག་བཏང་ནས་ཟླ་མཚན་རྒྱུན་ལྡན་མིན་པར་
བཟོ་བའམ་བུ་སྣོད་དང་བསམ་སེའི་ལ་ནད་
བསྐྱེད་པ་རེད། དེའི་ཕྱིར་བུ་སྣོད་དང་བསམ་
སེའི་ནད་དང་བུད་མེད་ཀྱི་སེམས་ཁམས་
གཉིས་ལ་འབྲེལ་བ་ཆེན་པོ་ཡོད་པ་རེད།
གནོན་ཤ གས་གྱི་རྒྱུ་རྐྱེན་ལས་གཞན་བུད་
མེད་རྣམས་ལ་རང་ལུས་བདེ་ཐང་ཡོང་བར་
བྱེད་པའི་ཕྱོགས་ལ་ནོར་འཁྲུལ་ལམ་མི་འདང་
ས་འགའ་རེ་གནས་པ་དེའང་བདེ་ཐང་ཕྱོགས་
གྱི་རྩ་བའི་གནད་དོན་རེད། བུད་མེད་ལ་ལ་
ཞིག་ལ་རང་ལུས་བདེ་སྲུང་བྱེད་པའི་འདུ་
ཤེས་ཧ་ཅང་ཞན་པ་རེད། དཔེར་ན། བུད་མེད་
ལ་ལས་དུས་གཏན་འཁེལ་སྒོས་ལུས་ཕུང་
ལ་ཞིབ་བཤེར་བྱེད་པ་སོགས་གཏན་ནས་མི་
བྱེད་པ་དང་། ནད་བྱུང་ནའང་མཐའ་འཇུག་མ་
གཏོགས་སྨན་ཁང་དུ་མི་འགྲོ་བས། དུས་ཐོག་
ཏུ་གསོ་བཅོས་བྱེད་པའི་གོ་སྐབས་བཟང་པོ་
འཆོར་ཏུ་བཅུག་ནས་མཐའ་མ་མི་ཤི་རྒྱུ་སྟོང་
གི་མཇུག་འབྲས་ངན་པ་འབྱུང་བཞིན་ཡོད་པ་
རེད།
༣.ནད་སྟོན་པར་ངོ་ཚ་རུ་བརྩི་བ།
བུད་མེད་ལ་ལས་ལུས་ཀྱི་སྐྱེ་འཕེལ་ཕྱོགས་
ནས་མི་བདེ་བའི་སྐབས་སུ་མི་བཤད་པ་དང་
མཚན་མའི་བདེ་སྲུང་གི་ཕྱོགས་ནས་ལྷག་ཏུ་
ཚིག་གཅིག་ཀྱང་མི་བཤད་པ་རེད། ད་དུང་
བུད་མེད་མང་པོ་ཞིག་གིས་སྒོར་བརྒྱ་ཕྲག་
འགའ་བཀོལ་ནས་ངོ་ཕུར་དང་སྐག་རྫས་སྣ་
ཚོགས་གང་འདོད་དུ་ཉོ་བཞིན་ཡོད་རུང་།
སྒོར་བཅུ་ཕྲག་འགའ་བཀོལ་ནས་ལུས་ཕུང་
ལ་ཞིབ་བཤེར་གཏན་ནས་བྱེད་མི་སྲིད།
ལུས་ཕུང་ལ་ཞིབ་བཤེར་བྱེད་པ་དེ་ཁོ་
མོ་ཚོའི་སེམས་སུ་ཧ་ཅང་ངོ་ཚ་བ་དང་དཀའ་
ཚེགས་ ཞིག་ཏུ་བརྩི་བཞིན་ཡོད་པ་རེད།
ནད་བྱུང་ཡོད་པའི་བུད་མེད་ཧ་ཅང་མང་པོ་ཡོད་
ནའང་སྨན་ཁང་དུ་ནད་སྟོན་པར་ཡོང་མཁན་ ཧ་
ཅང་ཉུང་ཉུང་ཙམ་རེད། བུད་མེད་ལ་ལས་རང་
ཉིད་ཀྱི་བདེ་ཐང་སྣང་མེད་དུ་བཞག་ནས་ཁྱིམ་
མིའི་བདེ་ཐང་གི་གནད་དོན་ལ་གཙིགས་ཆེན་
བྱེད་བཞིན་ཡོད། དེ་ལྟ་བུའི་བུད་མེད་ཚོས་ནམ་
ཡང་རང་ཉིད་བརྗེད་དེ་བཟའ་མིའི་བདེ་སྡུག་ཁོ་
ན་བསམ་བཞིན་ཡོད།
སྨན་ཁང་དུ་ནད་སྟོན་པར་ཡོང་བའི་དབང་
དུ་བཏང་ནའང་སྐབས་འགར་ངོ་ཚ་ནས་རང་
གི་ནད་ཀྱི་གནས་ཚུལ་སྨན་པར་གསལ་བོར་
བཤད་མི་ཐུབ།
དོན་དངོས་སུ། སྐྱེ་འཕེལ་དང་མཚན་མའི་
བདེ་སྲུང་ནི་བུད་མེད་ཀྱི་བདེ་ཐང་གི་གནད་
དོན་གཙོ་བོ་ཞིག་ཡིན་མོད། འནོ་ཀྱང་མི་རྣམས་
ཀྱིས་དེ་ངོ་ཚ་ཞིག་ཏུ་བརྩིས་ནས་སྨན་པར་
བཤད་ཐུབ་ཀྱིན་མེད་པ་རེད། སྤྱིར་བུད་མེད་
རྣམས་ཀྱིས་ངོ་ཚར་མི་འཛེམས་པར་རང་ཉིད་
ཀྱི་གནས་ཚུལ་སྨན་པར་གསལ་བོར་བཤད་
ནས་ནད་བབ་འགོར་འགྱངས་སུ་མི་གཏོང་བ་
དང་རང་གིས་རང་ལ་གཅེས་ཤེས་ན་ད་གཟོད་
དེ་ལས་ལྷག་པར་གཞན་ལ་གཅེས་ཐུབ།
༤.བདེ་སྲུང་ལ་དོ་སྣང་བྱས་ན།
མི་ཚེའི་གནད་འགག་གི་སྐབས་སུའང་བདེ་
བླགས་ངང་བགྲོད་ཐུབ།
མི་ཚེ་ནི་ཧ་ཅང་ཐུང་བ་དང་། ལོ་སོ་ལྔའི་
སྔོན་ནི་ང་ཚོའི་ལུས་ཕུང་ཧ་ཅང་བདེ་ཐང་གི་
སྐབས་ཡིན་པ་དང་། སྐབས་དེར་ལུས་སྟོབས་
དང་ནད་འགོག་ནུས་ཤ གས་ཆེས་བཟང་བས་
ནད་གཞི་ཡང་མོ་འགའ་རེ་རང་བཞིན་གྱིས་
དྲགས་འགྲོ་བ་རེད།
འོན་ཀྱང་ལོ ་སོ ་ལྔ་ནས་ཞེ ་ལྔའི ་བར་
སྐབས་དེར་ནད་རིགས་སྣ་ཚོགས་ཐོག་མར་
ལུས་སྟེང་དུ་འབྱུང་བའི་སྐབས་ཡིན་པས།
སྐབས་དེར་ནད་གཞི་ཕྱིར་མི་མངོན་ནའང་
རང་གི་སྣང་བར་ལུས་པོ་སྔོན་དང་མི་འདྲ་བར་
ལུས་སྟོབས་ཇེ་ཞན་དུ་འགྲོ་བ་དང་། ཐང་ཆད་
སླ་བ། ལྷག་པར་དུ་སེམས་ཁམས་མི་བདེ་བའི་
སྣང་ཚུལ་འབྱུང་སླ།
ལོ་ཞེ་ལྔ་ནས་རེ་ལྔའི་སྐབས་དེ་ནི་ནད་
རིགས་སྣ་ཚོགས་ཕྱིར་མངོན་པའི་དུས་ཡིན་
པས། མི་ཚེའི་གནད་འགག་གི་དུས་སྐབས་
འདིར་ཚང་མས་མཉམ་འཇོག་གང་ལེགས་
བྱས་ནས་བདེ་བླགས་ངང་བགྲོད་ཐུབ་དགོས།
ཡོང་ཁུངས།
ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།
བུད་མེད་ཀྱི་བདེ་སྲུང་སྐོར་གྱི་ཤེས་བྱ།
གཅན་ཡུ་མོ། སྒྲོལ་མ་སྐྱིད།
འབྲུག་མོས་བསྒྱུར།
འབྲོག་ཕྱོགས་སུ་
མང་བའི་མོ་ནད། ཚེ་སྒྲོན།
མཐོ་སྒང་འདིར་འཆར་ལྡན་བུ་སྐྱེས་
ཀྱི་ལམ་ལུགས་ལག་བསྟར་བྱས་པ་ནས་
འབྲོག་མོ་ཚོར་བྱུང་བའི་མོ་ནད་ཀྱི་གྲངས་
ཀ་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་བ་
རེད། དེ་ནི་གྲང་གཞིའི་ནད་ཡིན་ལ་འཆར་
ལྡན་བུ་སྐྱེས་ལག་བསྟར་བྱེད་ཆེད་འབྲོག་
ཕྱོགས་ཀྱི་ བུད་མེད་མང་པོ་ཞིག་ལ་
གཤགས་བཅོས་བྱས་པ་དེས་ཁོ་ཚོའི་
བདེ་ཐང་ལ་གནོད་པ་ཚབས་ཆེན་ཐེབས་
འདུག་ལ་གྲོང་བརྡལ་གྱི་སྨན་ཁང་ཆུང་
ཆུང་དག་ན་ཁོ་ཚོས་རྒྱུན་དུ་སྦྲིད་སྨན་རེ་
བླངས་ནས་བསྡད་ཡོད་པ་རེད།
དེ་ནི་ཁྲིམས་ལུགས་ཀྱིས་མིའི་རིགས་
ལ་བཟོས་པའི་ནག་ཉེས་ཤིག་ཡིན་ཡང་དེ་
ལ་ཞིབ་འཇུག་བྱེད་མཁན་གཅིག་ཀྱང་མ་
བྱུང་བ་ཅི་ཞིག་ལན་སོང་བ་ཡིན། དེ་ནི་
འུ་ཅག་གི་མདུན་དུ་ལྷག་ཡོད་པའི་གནད་
ཀྱི་ནང་གི་གནད་ཅིག་རེད།
མཚོ་སྔོན་པོ་བོད་ཡིག་ཟིན་བྲིས།
ཤོག་ངོས་བདུན་པ།
ཆང་ས།
བློ་འདོན་པ།
ཁ་སྒང་བསམ་གཏན།
དམ་ཆོས་བསམ་འཕེལ།
གཙོ་སྒྲིག་པ།
ཨ་རིག་འགྱུར་མེད།
རྩོམ་སྒྲིག་པ།
ཨ་ཚོགས་ཚེ་ལོ།
རྩོམ་སྒྲིག་ལས་རོགས།
འབྲོང་བུ་ཟླ་བ་ཚེ་རིང་།
འབྲུག་འབུམ་ཚེ་རིང་།
གཅན་དྲུག་དཀར་མཚོ།
གསལ་བརྡ།
ཁྱེད ་ལ་བསམ་ཚུལ་
དང་རྩོམ་ཡིག་ཡོད་ན་ངེད་དྲ་
བར་ཐད་ཀར་བསྐུར་ཆོག ཁྱེད་
ལ་རིན་གོང་ཆུང་ལ་ཁྱབ་ཆེ་བའི་
གསལ་བསྒྲགས་རིགས་ཡོད ་
ནའང་ངེད་དྲ་བར་བསྐུར་ཆོག
ལྷག་པར་དུ་ངེད ་དྲ ་
བར་བཟའ་ཟླ་མཉམ་འདུས་ཀྱི་
པར་དང་བཟའ་ཟླ་ཟུང་གིས་ཕན་
ཚུན་ལ་བརྗོད་འདོད་པའི་སྐད་ཆ།
ཡང་ན་འགྲིག་ཅིང་མཐུན་པའི་
བཟའ་ཟླ་རྣམས་ཀྱིས་རང་ཉིད་ཀྱི་
འཚོ་བ་ངོ་སྤྲོད་བྱ་ཆོག་པ་ཡིན།
གློག་འཕྲིན་ཨང་།
དྲ་བྱང་།
www.changsa.net
ཡིད་ཆེས་ནི་བཟའ་ཚང་གི་བདེ་སྐྱིད་ཡིན།
གཅིག ཆང་ས་ཟེར་དོན་ཅི།
ང་ཚོས་དྲ་ཤོག་ལ་ <<ཆང་ས་>> འདོགས་
དོན་ང་ཚོའི་དམིགས་ཡུལ་ཁ་གསལ་བ་དང་
གོ་བདེ་བ། ཀློག་མཁན་ལ་རྒན་གཞོན་དང་
མཐོ་དམན། ཡིག་རྨོངས་ཡིན་མིན་ལ་ཁྱད་
མེད་པར་ཀུན་གྱི་སེམས་སུ་འཇགས་སླ་བ།
ད་ལྟའི་སྤྱི་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་
སྟོང་ཆ་ཞིག་ཁ་སྐོང་བྱ་རྒྱུ་བཅས་ལ་དམིགས་
པས་ཡིན། དཔེར་ན། དྲ་བ་གསར་བ་འདིའི་
དཀར་ཆག་གཙོ་བོའ་ིནང་དུ་རྩོམ་རིག་དང་
འཁྲིག་གཏམ། གླེང་སྟེགས། ལ་གཞས། སྣ་
ཚོགས། ཚེ་གྲོགས་འཚོལ་བ། ལུས་རྩེད།
ཀློག་འཕྲིན་སོགས་ཆེད་བསྒྲིགས་བྱས་ཏེ། ད་
ལྟའི་བོད་ཕྱི་ནང་གི་དྲ་རྒྱ་ཚང་མས་སྙེག་གིན་
པའི་ལམ་ཁ་ལས་ལོགས་སུ་བུད་པ་དང་། ད་
བར་ལྷག་ལུས་སུ་སོང་བའི་བོད་ཀྱི་སྐད་ཡིག་
སྟེང་དང་སྤྱི་ཚོགས་ཀྱི་དགོས་མཁོ་བཅས་
ཀྱི་སྟོང་ཆ་འགའ་ཁ་གསབ་བྱས་པ་ཡིན།
གཉིས། དམིགས་འདུན་ཆེ་ཁག
༡ ༽ ང་ཚོས་ཁས་ལེན་རུང་ཆོག་གི མི་ལེན་
རུང་ཆོག་གི གང་ལྟར་མིའི་སྤྱི་ཚོགས་ནི་སྣ་
མང་རིག་གནས་ཀྱིས་གྲུབ་པ་ཞིག་ཡིན་དགོས་
ལ། སྣ་མང་རིག་གནས་དང་ལྷན་དུ་གནས་ཐུབ་
པའི་སྐད་ཡིག་ནི་ད་གཟོད་ཚེ་སྲོག་རྒྱུན་རིང་
གནས་ཐུབ་པའི་སྐད་ཡིག་དེ་ཡིན་པས་ན།
འུ་ཅག་བོད་མི་རིགས་ཀྱི་སྐད་ཡིག་ཀྱང་སྣ་
མང་རིག་གནས་ཀྱི་རྨང་ཐག་ལ་འཇུ་ཐུབ་པ་
དང་། སྐད་ཡིག་གིས་སྤྱི་ཚོགས་ལ་ཞབས་
འདེགས་སྒྲུབ་པ་དང་སྤྱི་ཚོགས་ཀྱིས་སྐད་
ཡིག་ བཀོལ་སྤྱོད་བྱེད་པའི་གཅིག་ལ་གཅིག་
བརྟེན་དང་། གཅིག་ཡོད་ན་གཅིག་འཚོ་
ཐུབ་པའི་གནས་ལུགས་དེ་བརྙེད་དགོས།
དེར་བརྟེན་ངེད་ཆང་ས་དྲ་བ་གསར་དུ་བྱུང་
བ་དེས་བོད་ཀྱི་སྐད་ཡིག་སྟེང་གི་ད་བར་
ལྷག་ལུས་སུ་སོང་བའི་སྟོང་ཆ་ཆེན་པོ་ཞིག་
བསྐོངས་པ་དང་མཉམ་དུ། དེང་གི་ན་གཞོན་
རྣམས་བོད་ཡིག་ལ་མི་དགའ་བའི་སྡུག་སྐད་
འདོན་པའི་དུས་རབས་མཇུག་སྒྲིལ་ཐུབ་པ་
དང་། ན་གཞོན་རྣམས་ཀྱིས་ནམ་ནམ་ཞར་
ཞར་ལ་ཆོས་དང་སྲིད། སྙན་ངག་མཁྲེགས་
པོ་དག་ཀློག་སྟེ་བོད་ཡིག་ཟེར་དུས་མགོ་
ན་བའི་སྐལ་བའང་མཇུག་བསྡུ་ཐུབ་པར་
སྙམ་པའི་སྤོབས་སེམས་ཤིག་ཁུར་ཡོད།
༢ ༽ ད་ལྟ་བསྡད་ཀྱིན་བསྡད་ཀྱིན་བོད་མི་
རིགས་ལ་མི་འབོར་གྱི་འཇིག་ཉེན་ཞིག་ཡོང་
གི་ཡོད་ལ། དེ་ནི་རྒྱ་ནག་གི་འཆར་ལྡན་
བུ་སྐྱེས་སྲིད་ཇུས་ལས་ཀྱང་དུས་རབས་
འདིའི་མིའི་བསམ་བློར་འགྱུར་བ་ཐེབས་
ཏེ། བུ་ཕྲུག་མང་ན་དཀའ་ཁག་ཆེ་བ་དང་
བཟའ་ཚང་གཅིག་ལ་ཁེན་ས་རྟེན་སའི་བུ་
ཕྲུག་གཅིག་གི་ཆོག་པའི་བསམ་བློ་དེ་ཡིན་
ཐོག སྐྱབས་བཅོལ་གྱི་འཚོ་བའི་མནར་གཅོད་
འོག་ཏུ་བྱེས་སྡོད་བོད་མི་འབུམ་གཅིག་ཙམ་
པོ་ཡང་། འཛམ་གླིང་གི་ཤར་ལྷོ་ནུབ་བྱང་གང་
སར་འཐོར་ནས་ཡོད་ལ་འཚོ་བ་དང་ཁོར་ཡུག
གནས་བབ། ལས་ཀ་བཅས་ཀྱི་དབང་གིས་ཕན་
ཚུན་ལ་འབྲེལ་འདྲེས་དང་འགྲོགས་འདྲེས་བྱེད་
པའི་གོ་སྐབས་ཕྲ་བས་ན། ང་ཚོས་མི་འབོར་གྱི་
འཇིག་ཉེན་ལ་ཁྲ་ཆུང་མིག་གིས་བལྟས་བལྟས་
སུ་སྡོད་མ་བཟོད་པར། མ་མཐར་ཡང་ལོ་གཅིག་
གི་ནང་དུ་བཟའ་ཚང་གཉིས་གསུམ་རེ་ཕན་ཚུན་
ལ་ངོ་སྤྲོད་བྱེད་ཐུབ་ནའང་། དེ་ནི་རྒྱལ་ཁ་ཞིག་
ཏུ་བརྩི་འདོད་པས་ཚེ་གྲོགས་འཚོལ་བའམ།
གཉེན་སྒྲིག་ཁང་ཞེས་པ་གོ་སྒྲིག་བྱས་པ་ཡིན།
༣ ༽ ཡང་བོད་ཕྱི་ནང་གཉིས་ན་དེང་སྐབས་
བཟའ་འཐོར་དུ་འགྲོ་བའི་ན་གཞོན་ཇེ་མང་དུ་
འགྲོ་བ་ལས་ཇེ་ཉུང་དུ་འགྲོ་གིན་མེད་མོད། དེའི་
སྐོར་ལ་ཞིབ་དཔྱོད་དང་དེའི་མཇུག་འབྲས་ལ་
མནོ་བསམ་གཏོང་མཁན་ནི་བྱུང་མེད་ཚོད་རེད།
ངེད་དྲ་བས་བཟའ་འཁོན་སྐོར་གྱི་ལས་རིམ་
ཞེས་པ་ཞིག་ཆེད་བསྒྲིགས་བྱས་ཏེ། བཟའ་ཟླ་
ཕོ་མོའ་ིནང་ཁུལ་དུ་བཟའ་འཁོན་བྱུང་སྐབས་ངེད་
དྲ་བར་ཡིག་ཐོག་ནས་དྲི་བ་དྲིས་ན་དེ་ལ་ལན་
འདེབས་རྒྱུའི་ལས་རིམ་ཞིག་བསྒྲིགས་པ་ཡིན་
ལ། དེ་ལྟར་བྱས་པས་བཟའ་འཁོན་ཇེ་ཉུང་དང་
བཟའ་འཐོར་ཇེ་ཉུང་དུ་འགྲོ་སྲིད་པའི་སྟོང་བསམ་
ཞིག་ཀྱང་བཅངས་ཡོད། ཡང་གཅིག་བཤད་ན་
འདིའི་རིགས་བོད་ཀྱི་སྐད་ཡིག་སྟེང་དང་བོད་
མིའི་སྤྱི་ཚོགས་ཁྲོད་བྱུང་མེད་པ་ཙམ་ལས་
སྔོན་ཐོན་མི་རིགས་ཚང་མར་འདུག་པས་ང་
ཚོ་ཡང་གོམ་གམ་མདུན་སྤོ་བྱས་ན་འགྲིག
༤ ༽ ང་ཚོས་ལུས་རྩེད་ལེ་ཚན་ཞིག་གོ་སྒྲིག་
བྱས་ཡོད་ཅིང་། ད་ལྟའི་བར་བོད་རིགས་
གཞོན་སྐྱེས་མང་བོ་ཞིག་བོད་ཡིག་ལ་མི་
དགའ་བའི་རྒྱུ་མཚན་ཕུགས་དེད་ན་ཁོང་ཚོ་
ལ་ཁོང་ཚོའི་ཀློག་ན་འདོད་པ་དང་། ཁོང་
ཚོའི་དགའ་ཕྱོགས་ལྟར་གྱི་བོད་ཡིག་གི་དྲ་
དེབ་ཚགས་གསུམ་ཉུང་བས་རེད་འདུག་
ལ། གལ་སྲིད་དེང་སྐབས་ཀྱི་གཞོན་སྐྱེས་
རྣམས་ཀྱིས་ཆེས་དགའ་མོས་བྱེད་པའི་རྐང་
རྩེད་སྤོ་ལོ་རྩེད་མཁན་བྷེ་ཁེམ་དང་རོ་ནུའི།
རོ་ནལ་ཌོ ལྟ་བུ་དག་དང་ལག་རྩེད་སྤོ་ལོ་
རྩེད་མཁན་ཀོ་བྷེ་བྷུ་རན་དང་རྗེམ་སུ། རྗོར་
ཌན། ཨེ་ཝར་སོན་ལྟ་བུ་སོགས་ཀྱི་ལོ་རྒྱུས་
དང་། འཛམ་གླིང་གི་རྩེད་མོ་གྲགས་ཅན་ཨོ་
ལིམ་པིག་དང་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའ་ི
རྩེད་འགྲན། ཨ་རིའི་ཨེམ་བྷེའི་ཨེ། རྒྱ་གར་
གྱི་དབྱུག་རྩེད་སྤོ་ལོ་སོགས་རྒྱལ་སྤྱི་རང་
བཞིན་གྱི་རྩེད་མོ་དག་དང་མཉམ་དུ་བྱེས་
སྡོད་བོད་མིའི་ས་གནས་ཁག་ཏུ་ལོ་ལྟར་རྩེད་
འགྲན་བྱེད་ཀྱིན་པའི་རྐང་རྩེད་སྤོ་ལོ་དང་
། ལག་རྩེད་སྤོ་ལོའ་ིའགྲན་བསྡུར་རིགས་
བོད་ཡིག་ཏུ་བསྡབ་སྟེ་དྲ་དེབ་ཚགས་གསུམ་
གཉེར་ཐུབ་ན་དགེ་མཚན་བླ་ལྷག་ཏུ་མཐོང་
གི་ཡོད་ལ། འདིས་ཀྱང་བོད་ཀྱི་སྐད་ཡིག་
འདི་བཞིན་མར་དམའ་སར་བབས་ཏེ་དུས་
རབས་འདིའི་གཞོན་སྐྱེས་རྣམས་དང་ཁ་ཐག་
ཇེ་ཉེར་བཏང་བ་ཞིག་ཏུ་མི་བརྩི་རང་བརྩི་ཡིན།
༦ ༽ དེ་མིན་རྩོམ་རིག་དང་ལ་གཞས། འཁྲིག་
གཏམ། ཀློག་འཕྲིན་སོགས་ཀྱང་ངེད་དྲ་བས་
ལས་དོན་གལ་ཆེའི་རིགས་ཡིན་ལ། ལེ་ཚན་
འདི་དག་ཐད་ཀར་ཀློག་མཁན་དང་། རྩོམ་པ་
པོ་དག་དང་འབྲེལ་བ་དམ་ཟབ་ཡོད་དེ་ཀློག་
མཁན་དང་རྩོམ་པ་པོ་རྣམས་ཀྱི་རྒྱབ་རོགས་
མེད་ཚེ་ངེད་ཅག་ལ་སེམས་ཤ གས་ཡོད་ཀྱང་
ཟུངས་ཤ གས་མེད་པའི་དཀའ་ངལ་འབྱུང་སྲིད་
ལ། མདུན་ལམ་ཡོད་ཀྱང་རྒྱབ་རོགས་མེད་
པའི་དཀའ་ངལ་འཕྲད་སྲིད་པས་ན། ད་གཟོད་
ང་ཚོའི་ལས་དོན་ཆེ་མ་ཆུང་གསུམ་གང་ཡིན་
རུང་ཀློག་མཁན་དང་རྩོམ་པ་པོ་དག་གལ་ཆེན་
དུ་འཛིན་གི་ཡོད་པར་མ་ཟད། ཁོང་ཚོ་ཡོད་
པས་ན་ང་ཚོ་ཡང་འདི་ལྟར་བགྲོད་ལམ་གསར་
བ་ཞིག་ཏུ་བསྐྱོད་མགོ་བརྩམས་པ་ཡིན།
གསུམ། མཇུག་གི་སྐད་ཆ་ཚིག་འགའ།
ད་ལྟ་སྤྱི་ཚོགས་ནང་ངེད་ཅག་གི་ལས་དོན་
འདིར་ལྡོག་ཕྱོགས་ནས་ལྟ་མཁན་ཡང་མང་
དག་ཅིག་ཡོད་པར་མ་ཟད། འདས་པའི་ཟླ་
ངོ་འདི་ཚོར་ངེད་ཚོར་དངོས་ཤ གས་བརྒྱུད་
གསུམ་ནས་གནོན་ཤ གས་ཀྱང་སྣ་ཚོགས་
བྱས་བྱུང་། ཡིན་ནའང་། ང་ཚོས་གུ་ཡངས་
དང་དཀྱེལ་ཡངས་ཀྱི་སྒོ་ནས་ཁོང་ཚོའི་བསམ་
ཚུལ་ལ་བརྩི་བཀུར་བྱེད་ཀྱིན་ཡོད། གཅིག་
བྱས་ན་ང་ཚོས་མདུན་སྐྱོད་འདི་བོད་སྤྱི་ཚོགས་
ལ་མཚོན་ན་ཧ་ཅང་གི་གློ་བུར་བ་ཞིག་ཡིན་
སྲིད་ལ། མང་མང་ཞིག་ལ་ང་ཚོས་འགུལ་
སྐྱོད་འདིས་ཕོག་ཐུག་ཀྱང་བཟོས་ཡོད་སྲིད་
མོད། ང་ཚོ་དུས་རབས་ཀྱིས་འདེད་ཀྱིན་པ་
དང་ང་ཚོ་ཡང་དུས་རབས་ཀྱི་འགྱུར་འགྲོས་
དང་བསྟུན་ནས་མདུན་སྐྱོད་བྱེད་དགོས་པས་
ན། ལས་དོན་འདིའི་རིགས་ང་ཚོས་འགོ་མ་
བརྩམས་ཀྱང་ནམ་ཞིག་གཞན་ཞིག་གིས་འགོ་
རྩོམ་གི་རེད། གང་ལྟར་ང་ཚོས་སྤྱི་ཚོགས་ཀྱི་
ལབ་གླེང་བཟང་ངན་གཉི་ག་དང་ངེད་ཅག་གི་
ལས་དོན་འདིའི་དགེ་སྐྱོན་གཉི་ག ད་ལྟ་དང་
གཞུག་ཕྱོགས་ཏེ་འཕྲལ་ཕུགས་གཉི་ལ་བསམ་
བློ་ཞིབ་མོར་བཏང་རྗེས། ད་ནས་བཟུང་ངེད་
དྲ་བར་ཞུགས་མཁན་ལ་བེད་སྤྱོད་སྒྲིག་གཞི་
ཚུན་ཆད་བཟོས་ཡོད་ལ། རྒྱལ་སྤྱིའི་ཁྲིམས་
དང་མཐུན་པའི་སྒོ་ནས་དང་མདུན་སྐྱོད་ཀྱི་
གོམ་པ་བརྟན་པོའ་ི ངང་ནས། ཡང་ན་ཐུང་
མོང་གི་འདོད་བློ་ཁེངས་པ་ཞིག་གི་ཕྱོགས་
སུ་འབད་བརྩོན་བྱས་དང་བྱེད་མུས་ཡིན།
ཡིན་ནའང་། འཇིག་རྟེན་གྱི་བྱ་བ་གང་ཞིག་
ཡིན་རུང་ལེགས་ཉེས་གཉིས་ཡོད་པ་ལྟར་སྤྱི་
ཚོགས་ཀྱི་མི་རྣམས་ལའང་བསམ་ཚུལ་བཟང་
ངན་གཉི་ག་ཡོད་ཆོག་པས། ང་ཚོའི་ལས་དོན་
ལ་རྒྱབ་སྐྱོར་བྱེད་མཁན་དང་ལྡོག་ཕྱོགས་
ནས་ལྟ་མཁན་གཉིས་བསྡུར་ན་རྒྱབ་སྐྱོར་བྱེད་
མཁན་མང་བ་མིག་མཐོང་ལག་ཟིན་ཏུ་གྱུར་
ཡོད་པས། ང་ཚོ་མུ་མཐུད་དེ་མདུན་སྐྱོད་བྱ་རྒྱུ་
ལས་ཕྱིར་ནུར་མི་བྱེད་པའི་དམ་བཅའ་བརྟན་
པོ་བཅངས་ཡོད། །
ཆང་ས་རྩོམ་སྒྲིག་ཚན་ཆུང་གིས།
ཕྱི་ལོ་ ༢༠༡༡ ལོའ་ིཟླ་ ༩ ཚེས་ ༡ ཉིན།
ཆང་སའི་དམིགས་འདུན་ཆེ་ཁག་འགའ།
ཤོག་ངོས་མཐའ་མ།
ཆང་ས། ཁམས་བཟང་། ཉིད་ཀྱིས་སྔོན་
ཆད་ཆང་ས་མ་བརྒྱབས་པའི་སྔོན་དང་། ད་
ལྟ་ཆང་ས་བརྒྱབས་ཏེ་ལོ་གསུམ་འགོར་བའི་
རིང་འདིར། སྐུ་ཉིད་ཀྱི་འཚོ་བར་འགྱུར་ལྡོག་
གང་འདྲ་བྱུང་སོང་། དེའི་སྔ་གཞུག་གཉིས་ལ་
ཁྱད་པར་འདྲ་འདུག་གམ།
དོན་གོ སྤྱི ར ་ བ ཏ ང ་
གི ་མི ་ཞིག་ལ་མཚོན་ན་བཟའ་ཚང་
བསྒྲིགས།
བུ་བུ་ མོ་སྐྱེ་སྤེལ་
གསུམ་འགྲོ་གིན་ཡོད་པ་དང་། བྱིས་པའང་
བུ་ཆུང་བསྟན་འཛིན་མཐར་ཕྱིན་སྐྱེས་ཡོད།
གཉེན་བསྒྲིགས་ཏེ་ལོ་གསུམ་འགོར་བའི་རིང་
རང་གི་མི་ཚེའི་ནང་ང་རང་ཉིད་ལ་མཚོན་ན་
ལོ་ཚོད་སོགས་ཕྱོགས་གང་ཐད་ནས་འཕྱི་མེད་
ནའང་སྔ་མེད་པ་ཤེས་ཡོད།
འཚོ་བའི་ཕྱོགས་ནས་ཀྱང་
རང་ཉིད་གཅིག་པུའི་ལས་
གནས་ལ་བརྟེན་ཏེ་འཚོ་བ་
རོལ་གྱིན་ཡོད་
ནའང་།
བྱེད་རྒྱུ་ནི་མི་ཚེའི་འགྲོ་སྟངས་ལྟ་བུ་རེད། དེར་
བརྟེན། ངས་ཀྱང་ཕྱི་ལོ་ ༢༠༠༩ ལོ་ནས་ཆང་
ས་བརྒྱབས་པ་རེད། དེའི་ཡར་སྔོན་རང་ཉིད་
ཁེར་རྐྱང་ཡིན་དུས་ཉིན་གཅིག་གི་ཐུན་གསུམ་
གྱི་ཟས་ཟ་རྒྱུར་ཡང་གོ་རིམ་མེད་པ་དང་།
སྐབས་རེར་གྲོགས་པོ་དང་ལས་གྲོགས་ཚོའི་
ནང་དུ་སོང་སྟེ། སྤྲང་འཁྱམ་ལྟར་ཉིན་རེ་རེ་དང་
ཟླ་ངོ་རེ་རེ། ལོ་རེ་རེ་བཞིན་གྱི་འཚོ་བ་འགྲོ་
ཐབས་འདུག་ཐབས་ལྟ་བུ་བྱས་ཏེ་ཡོང་བ་རེད།
བཟའ་ཚང་བསྒྲིགས་རྗེས་མི་ཚེ་ལ་ཁ་ཕྱོགས་
དང་འཚོ་བ་ལ་འཆར་གཞི་ཡང་དག་ཅིག་མི་
བསྒྲིགས་རང་བསྒྲིགས་རེད།
ད་ལྟའི་ཆར་བཟའ་ཚང་བསྒྲིགས་ནས་ལོ་
སྐྱབས་བཅོལ་བའི་གནས་སྟངས་ཤིག་གི་
འོག་ཏུ་འཚོ་བ་རོལ་གྱིན་ཡོད་དུས། རང་ཉིད་
ཀྱི་འཚོ་བར་འདོད་པ་དང་ཁེངས་ཡོད་ལ་ངེད་
བཟའ་མི་ཚོའི་ཁྱིམ་ལ་དགོད་སྒྲ་དང་བདེ་སྐྱིད་
ཀྱིས་ཁེངས་ཡོད།
མ་འོངས་པར་ཡང་ཧུར་ཐག་གིས་རང་གི་
ཁྱིམ་ཆུང་མ་དང་བུ་ཕྲུག་ལ་བྱམས་སྐྱོང་བྱས་
ཏེ་བདེ་སྐྱིད་ལྡན་པའི་ཁྱིམ་གཞི་ཞིག་མུ་མཐུད་
དེ་སྐྱོང་རྒྱུར་བློ་ཐག་རྦད་གཅོད་ཡིན་པར་མ་
ཟད། ད་ལྟའི་བར་གྱི་འཚོ་བ་སྐྱིད་པོ་བྱུང་ལ།
མ་འོངས་པའི་འཚོ་བར་ཡང་ཡིད་ཆེས་ཀྱིས་
ཁེངས་ཡོད་ཟེར།
དོན་གོས།
ང་བཟའ་ཟླ་དང་མ་ཐུག་པའི་སྔོན་དུ། ཕོ་
རྐྱང་ངམ། ཕོ་ཧྲང་གི་སྐབས་སུ་ངས་ང་རང་
ཁེར་རྐྱང་ཡིན་པའི་ཚོར་བ་ཞིག་དམིགས་
བསལ་སྐྱེས་མྱོང་བ་དྲན་གྱི་མི་འདུག་ལ། ང་
བུ་མོ་མང་པོར་ཐུག་མྱོང་བ་དང་། བུ་མོ་ཚོ་དང་
དགའ་རོགས་བསྒྲིགས་པ་དང་། བག་གཡེང་
དང་རྩེད་མོ་རྩེད་པ། སྤྲོ་འཁྱམས་སོགས་བྱེད་
སྐབས་ཀྱང་། ངས་བཟའ་ཟླ་བཙལ་ནས་ཁྱིམ་
ཚང་ཞིག་བྱེད་རྒྱུ་བྱུང་ན་སྙམ་པའི་ཚོར་བ་ཞིག་
ཀྱང་དམིགས་བསལ་སྐྱེས་མྱོང་བ་དྲན་གྱི་མི་
འདུག འོན་ཀྱང་། ངའི་བཟའ་ཟླ་ཉི་མ་བཟང་མོ་
དང་ངེད་གཉིས་ནི་སྔ་ས་ནས་ཕན་ཚུན་རྒྱུས་
ཡོད་ཡིན་པ་དང་། ཕན་ཚུན་ཀྱི་གཉེན་སྤུན་ཚོ་
དང་ཡང་འབྲེལ་བ་ཡོད་སྟབས། ངེད་གཉིས་
ཀྱིས་ཕན་ཚུན་ལ་བཅངས་པའི་མཛའ་སེམས་
དེ་དང་པོ་ནས་ཡིད་ཆེས་དང་ལྡན་པའི་སྒོ་ནས་
འགོ་ཚུགས་པའི་ཚོར་བ་ཞིག་འདུག
རིམ་བཞིན་ཕན་ཚུན་ལ་བཅང་བའི་བརྩེ་
དུང་གི་འབྲེལ་ལམ་མང་དུ་ཕྱིན་པ་དང་རིམ་
བཞིན་བཟའ་ཚང་ཞིག་བྱེད་རྒྱུའི་བསམ་བློ་
སྐྱེས་བྱུང་། མཐར་ངེད་གཉིས་ལ་བུ་ཕྲུག་
སྐྱེས་པ་རེད། བུ་མོ་དེས་ངེད་གཉིས་ཕ་མ་
ཞིག་ཏུ་བསྒྱུར་བ་རེད། དེ་ནས་བཟུང་འཇིག་
རྟེན་ཀྱི་ཁྱིམ་ཚང་ཟེར་བ་དེ་ག་འདྲ་ཞིག་
ཡིན་མིན་གསལ་པོ་ཤེས་སོང་།
སྐབས་དེར་ཁྱིམ་ཚང་
ངམ་ཁྱོ་ཤ ག་གི་འབྲེལ་
བ་ནི་ཕོ་རྐྱང་སྐབས་ཀྱི་
འཚོ་བ་དང་གཏན་ནས་
མི ་འདྲ་བར་དྲོད་ཁོལ་
ལྡན་པ་ཞིག་ཏུ་མཐོང་
གི་ཡོད་ལ། བདེ་སྐྱིད་
དང་དགའ་སྤྲོ་མང་བའི་
འཚོ ་བ ་ཞིག ་ཏུ ་ཚོར ་
གྱིན་འདུག འོན་ཀྱང་།
རང་ཉིད་ཕོ་རྐྱང་ཡིན་པའི་
སྐབས་དང་། དགའ་རོགས་
ཤིག ་དང ་འགྲོགས ་པའི ་
སྐབས་མི་འདྲ་བར། ཁྱོ་ཤ ག་
ཕན་ཚུན་ལ་འགན་ཁུར་ཆེན་
པོ་བྱེད་དགོས་པ་དང་། བརྩི་
འཇོག་ཆེན་པོ་བྱེད་དགོས་ཀྱི་ཡོད་པའི་གོ་བ་
རྙེད་ཀྱི་འདུག་ལ། ཕན་ཚུན་བསམ་ཤེས་དང་
གུ་ཡངས་ཀྱང་འཛད་མཐའ་མེད་པ་ཞིག་བྱེད་
དགོས་ཀྱི་ཡོད་པའི་ཉམས་མྱོང་སྤྲོད་ཀྱི་འདུག
སྤྱིར་བཤད་ན་མི་ཚང་མས་ཕན་ཚུན་ལ་
འགན་ཁུར་དང་བརྩི་འཇོག བསམ་ཤེས།
གུ་ཡངས་བྱེད་དགོས་པ་ནི་ཡ་རབས་དང་
ཀུན་སྤྱོད་བཟང་པོ་ཞིག་ཡིན་པས་དགོས་
ངེས་ཤིག་ཡིན་ནའང་། ཁྱོ་ཤ ག་གཉིས་ཀྱི་
བར་ལ་ནི་སྤྱིར་བཏང་ལས་ལྷག་ཅིག་ཉམས་
ལེན་བྱེད་དགོས་ཀྱི་ཡོད་པར་བརྟེན། སྐབས་
སྐབས་སུ་རང་ལ་ཕོ་རྐྱང་ཡིན་སྐབས་ལྟར་
ཀྱི་རང་དབང་མེད་པའི་ཚོར་བ་ཞིག་ཀྱང་
སྐྱེས་ཡོང་གི་འདུག
དེ་ཡང་གཙོ་བོ་བཟའ་ཟླས་མིག་སེར་
དང་དོགས་པས་བསླངས་པའི་དཀའ་ངལ་
རེ ད ། འདི་ནི་ཆང་ས་བརྒྱབས་
ཚར་བའི་རྗེས་ཀྱི་
དཀའ་ངལ་ཆེ་
ཤོས་དེར་ཚོར་བྱུང་། དཀའ་ངལ་འདི་འདྲ་འཕྲད་
ཡོང་སྐབས་བཟའ་ཟླས་ང་ལ་ཡིད་ཆས་མི་འདུག
བསམ་ཤེས་མི་འདུག་སྙམ་པ་དང་། དེའི་དབང་
གིས་ཁོང་ཁྲོ་ལངས་པ་དང་བློ་ལ་འགྱུར་བ་ཐེབས་
ཀྱི་འདུག
ཚོར་བ་འདིའི་འོག་ནས་བཟའ་ཚང་མང་པོ་
ཞིག་བཟའ་འཐོར་ཕྱིན་པའི་གནས་ཚུལ་ཡོད་
པའང་གཞི་ནས་མཐོང་ཡོང་གི་འདུག འོན་ཀྱང་།
བུ་ཕྲུག་ཅིག་ཡོད་ཚར་ན་དེ་ནི་རང་དང་བཟའ་ཟླ་
གཉིས་ཀྱི་སྙིང་གི་དུམ་བུ་རེ་བསྲེས་པའི་ནོར་བུ་
ཞིག་པང་དུ་ཡོད་པ་དང་འདྲ་བར་དེ་ལ་ཁྱོ་ཤ ག་
གཉིས་ཀ་ཆགས་ཞེན་དང་འཁྲེང་སེམས། བརྩེ་
སེམས་ཀྱི་དྲ་བའི་ནང་དུ་ཚུད་ནས་འགན་ཁུར་
དང་སེམས་ཁུར་གཞན་ཞིག་གི་ནང་དུ་དྲངས་
འགྲོ་བ་དང་། དེ་ལྟ་བུའི་ཕ་མ་བུ་ཕྲུག་གི་འབྲེལ་
ལམ་འདིས་ཁྱོ་ཤ ག་གཉིས་ཀྱང་གནས་སྟངས་
གང་འདྲ་ཞིག་ལ་ཐུག་ཀྱང་ཁ་བྲལ་ཐབས་མེད་
པར་འགྱུར་གྱིན་འདུག
(ང་དང་ངའི་བཟའ་ཟླ་གཉིས་ནི་མི་ཡུལ་ནས་ཁ་
ཐུག་པ་དང་། ཕན་ཚུན་ལ་ཡིད་ཆེས་དང་བརྩི་
འཇོག་ལྡན་པའི་སྒོ་ནས་རང་མོས་རང་
འདོད་ཀྱིས་གཉེན་བསྒྲིགས་པས། ཕན་
ཚུན་ལ་བརྩེ་སེམས་ཟབ་པའི་བཟའ་
ཚང་ཞིག་ཡིད་བསམ་གྱི་ཡོད།)
གང་ལྟར་ང་ལ་ཕོ་རྐྱང་ཡིན་སྐབས་
ཁྱེར་རྐྱང་ཡིན་པའི་ཚོར་བ་དམིགས་
བསལ་སྐྱེས་མ་མྱོང་ལ། བཟའ་ཚང་ཆགས་
རྗེས་བདེ་སྐྱིད་དང་དགའ་སྤྲོ་ཁོ་ནའི་ངང་འཚོ་
བ་སྐྱེལ་ཀྱི་ཡོད་པའི་ཚོར་བ་ཡང་མ་བྱུང་
། འོན་ཀྱང་། ང་བཟའ་ཟླ་ཅན་གྱི་ཁྱིམ་
ཚང་ཞིག་ཏུ་གྱུར་བ་ནས་ཁྱོ་ཤ ག་གི་
མིག་སེར་དང་དོགས་པ་ནི་བཟའ་ཚང་
འཁྲུག་འཛིང་ཤོར་བ་དང་ཁ་བྲལ་དུ་
གཏོང་བྱེད་ཁོ་ན་ཡིན་པ་དང་། ཡིད་
ཆེས་དང་གུ་ཡངས་ནི་བཟའ་ཚང་
གི་བདེ་སྐྱིད་དང་བརྩེ་དུང་གི་
གཞི་མ་ཡིན་པའི་ཡིད་ཆེས་
རྙེད་བྱུང་།
བཀྲ་ཤིས་བདེ་ལེགས།
བཟའ་ཚང་བསྒྲིགས་རྗེས་ཀྱི་
འཚོ་བར་འགྱུར་ལྡོག་བྱུང་སོང།
གསར་འགོད་པ་བཀྲ་ཤིས་བདེ་
ལེགས་དང་ཁོང་གི་ཆུང་མ་ཉི་མ་
བཟང་མོ་གཉིས་ཀྱི་མཉམ་པར།
གསར་འགོད་པ་དོན་གོ་དང་
ཁོང་གི་ཆུང་མ་རིན་ཆེན་སྒྲོལ་མ།
བུ་ཆུང་བསྟན་འཛིན་མཐར་ཕྱིན་
བཅས་ཀྱི་མཉམ་པར།