Transcript
Page 1: ལྷག་བསམ། · 2018. 4. 10. · ལྷག་བསམ། འབྲུག་ ལ་གཞུང་གི་ ཞི་བའི་མི་སྡེའི་ལས་ཚོགས་

ལྷག་བསམ།

འབྲུག་ལ་གཞུང་གི་ ཞི་བའི་མི་སྡེའི་ལས་ཚོགས་དབང་འཛིན་ནང་ ཐོ་བཀོད་འབད་ཡོད་མི་ ཁེ་སང་གི་དོན་ལུ་མིན་པའི་ གཞུང་མིན་ལས་ཚོགས།

ཐོ་བཀོད་ཨངཿ སི་ཨེསི་ཨོ་ཨེ/པི་བི་ཨོ་-༡༠།ཁྲལ་ཡང་ཆག་ཨངཿཨི་༣༢།

ཨེཆི་ཨའི་ཝི་/ཨེཌསི་དང་གཅིག་ཁར་སྡོད་མི་ འབྲུག་མི་ཚུའི་འབྲེལ་བ།

འདས་པའི་མཛད་རིམ།

༡༦-༡༨.༠༩.༢༠༠༩ ཊི་ཨོ་ཊི་ གོ་བསྡུར་ཞལ་འཛོམས། གསོ་བའི་ལྷན་ཁག། སྤ་རོ།

༠༨.༡༠.༢༠༠༩ ཐིམ་ཕུ་ ཨེཆི་ཨའི་ཨེསི་སི་ནང་ འབྲེལ་མཐུན་ཞལ་འཛོམས་ཐེངས་དང་པ།

༡༤.༡༠.༢༠༠༩ གྲུབ་ཆེན་ཐང་སྟོང་ལ་པོའི་ཡང་སྲིད་སྐུ་འཕྲེང་༡༤པ་ ལྕགས་ཟམ་སྤྲུལ་སྐུ་རིན་པོ་ཆེ་གིས་ ལས་ཚོགས་ཀྱི་མཚན་གནས་ ལྷག་བསམ་ ཟེར་བཏགས་གནང་བ།

༢༠༡༠སྤྱི་ཟླ་༥པ། ཞི་བའི་མི་སྡེའི་ལས་ཚོགས་ནང་ ཐོ་བཀོད་ཀྱི་ཡིག་ཆ་བཙུགས་ཡོདཔ།

༢༦.༡༡.༢༠༡༠ ལྷག་བསམ་ལས་ཚོགས་འདི་ ཞི་བའི་མི་སྡེའི་ལས་ཚོགས་ཀྱི་གྲངས་སུ་ ཐོ་བཀོད་གྲུབ་པ།

༠༡.༡༢.༢༠༡༠ ལྷག་བསམ་གྱིས་ གཞུང་འབྲེལ་ངོ་སྤྲོད་ འགོ་དང་པ།

༡༩.༠༤.༢༠༡༡ མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་གེ་སར་རྣམ་ལ་དབང་ཕྱུག་མཆོག་དང་ མཇལ་ཕྲད་ཀྱི་སྐལ་བཟང་གནང་ཡོདཔ།

༢༠༡༡སྤྱི་ཟླ་༡༠པ། ལས་ཚོགས་ཀྱི་ཡིག་ཚང་ས་གོ་ངོ་མའི་ནང་ སྤོ་བཤུད་འབད་ཡོདཔ།

༢༠༡༡ཟླ་༡༠པ། མི་དབང་ལ་པོའི་སྲསམོ་ ཨ་ཞེ་སྐལ་བཟང་དབང་མོ་དབང་ཕྱུག་མཆོག་དང་འཇལ་ཕྲད་གནང་ཡོདཔ།

༠༡.༡༢.༢༠༡༡ ལྷག་བསམ་གྱི་འཐུས་མི་༥གིས་ ཨེཆི་ཨའི་ཝི་དང་གཅིག་ཁར་ འཚོ་གནས་ཀྱི་སྐོར་ མི་མང་ལུ་གསལ་སྟོན་འབད་ཡོདཔ།

༠༢.༡༢.༢༠༡༡ མི་དབང་ལ་པོའི་ཡིག་ཚང་ལས་ གྲོས་བསྟུན་གྱི་དོན་ལུ་ མགྲོན་འབོད་གནང་བ།

༡༨-༢༤.༡༢.༢༠༡༡ ནེ་པཱལ་ལུ་ ལྷག་བསམ་གྱི་སློབ་སྦྱོང་བལྟ་སྐོར་འགོ་དང་པ།

བ་སྐྱོར་གྱི་བརྡ་དོན་དང་ གྲོགས་རམ་གྱི་དོན་ལུ་ འབྲེལ་བ་འཐབ་སཿ

ཐིམ་ཕུ་ ཡིག་ཚང་གོང་མཿ

བརྒྱུད་འཕྲིན་ཨངཿ(༠༢)༣༢༢༦༥༩

འགྲུལ་འཕྲིནཿ (༠༢)༡༧༨༥༤༡༩༥

པར་འཕྲིནཿ (༠༢)༣༣༧༦༨༧

འགྲེམ་སྒྲོམ་ཨངཿ ༡༣༥༨ འབྲུག་ ཐིམ་ཕུ།

གློག་འཕྲིན་ཨངཿ[email protected]

ཡོངས་འབྲེལ་ས་ཁོངསཿ http://www.lhaksam.org.bt

གྲོགས་རམ་ཞལ་འདེབས་ཚུ་ ལྷག་བསམ་གྱིས་རྒྱུན་སྐྱོང་འཐབ་ཡོད་མི་ གཤམ་གསལ་རྩིས་འཛིན་ཚུ་ནང་ བཙུགས་གནང་ཐུབ་ཞུ།

འགྲེམ་ཐོག་ལསཿ ༡༣༥༨།

འབྲུག་གི་དངུལ་ཁང་ནང་ དངུལ་འཛིན་(ཅེག་གི་ཐོག):

སི་ཌི་ཨངཿ ༢༠༧༠༠༢༢༠༥༢༤༦༥༠༠༡༩

SUPPORTED BY KUENSEL CORPORATION LIMITED

Page 2: ལྷག་བསམ། · 2018. 4. 10. · ལྷག་བསམ། འབྲུག་ ལ་གཞུང་གི་ ཞི་བའི་མི་སྡེའི་ལས་ཚོགས་

དགོས་པ།

ཨེཆི་ཨའི་ཝི་/ཨེཌསི་དང་ འདི་གི་གནོད་སྐྱོན་གྱི་སྐོར་ གསལ་བཤད་དང་ དོན་སྨིན་ཅན་གྱི་གདོང་ལེན་ལུ་ མཉམ་རུབ་དང་ལེན་གྱི་དོན་ལུ་ གཅིག་སྒྲིལ་དང་ མི་སྡེའི་འབྲེལ་བ་ དེ་ལས་ མིའི་འབྲེལ་གཏོགས་ལུ་ གཙོ་བོར་བཏོན་པའི་ བ་སྐྱོར་གྱི་ལམ་ལུགས་ སྒྲིང་སྒྲི་གཅིག་ བཟོ་ནི་དང་ཡར་སྤེལ་བཏང་ནི།

དམིགས་འཆར།

ལྷག་བསམ་ལས་ཚོགས་ཀྱི་དམིགས་འཆར་ངོ་མ་ཅིག་ འབྲུག་ལ་ཁབ་ནང་ ཨེཆི་ཨའི་ཝི་/ཨེཌསི་དང་གཅིག་ཁར་སྡོད་མི་ཚུ་དང་ དེ་ཚུའི་བཟའ་ཚང་འཐུས་མི་ག་ར་ལུ་ ཤེས་ཡོན་སྤྲོད་ནི་དང་ འགོ་འཁྲིད་དང་ ལྕོགས་གྲུབ་ཡར་དྲག་བཟོ་ནི། ཁོང་གི་མི་ཚེའི་གནས་སྟངས་ ལེགས་འགྱུར་གྱི་དོན་ལུ་ ཆགས་སྡང་དང་ཉེ་རིང་མར་ཕབ་དང་ འོས་འབབ་དང་ལྡན་པའི་ སྔོན་འགོག་དང་ མཐའ་སྐྱོང་ དེ་ལས་ བ་སྐྱོར་ཞབས་ཏོག་ལུ་ ཐོབ་སྤྱོད་ཀྱི་སྒོ་ནས་ དབང་ཆ་དང་ལྡནམ་བཟོ་ནིའི་ ལྷག་བསམ་དང་ལྡན་པའི་ ལས་ཚོགས་གཙོ་ཅན་ཅིག་འབད་ནི་འདི་ཨིན།

འཆར་སྣང་།

ཨེཆི་ཨའི་ཝི་/ཨེཌསི་དང་གཅིག་ཁར་སྡོད་མི་དང་ གནོད་སྐྱོན་རྐྱབ་ཡོད་མི་ བཟའ་ཚང་འཐུས་མི་ག་ར་ དོན་སྨིན་ཅན་གྱི་མི་ཚེའི་གནས་སྟངས་ཀྱི་དོན་ལུ་ གོ་སྐབས་དང་ལྡནམ་བཟོ་མི་ ཚོགས་པ་གཅིག་ཨིན།

ལྷག་བསམ་ལས་ཚོགས་འདི་ ཨེཆི་ཨའི་ཝི་/ཨེདསི་དང་གཅིག་ཁར་སྡོད་མི་དང་ གནོད་སྐྱོན་རྐྱབ་མི་བཟའ་ཚང་འཐུས་མི་ག་ར་ལུ་ འོས་འབབ་ལྡན་པའི་ སྨན་བཅོས་དང་ མཐའ་སྐྱོང་ བསླབ་སྟོན་དང་ མི་སྡེའི་ཞབས་ཏོག་ཚུ་བརྩིས་ཏེ་ ཞབས་ཏོག་མ་འདྲཝ་མང་རབས་ཅིག་ལུ་ ཐོབ་སྤྱོད་ཧྲིལ་བུ་ཡོད་མི་དང་ དོན་སྨིན་ཅན་གྱི་མི་ཚེའི་གནས་སྟངས་ཀྱི་དོན་ལུ་ གོ་སྐབས་ཚུ་བྱིན་མི་ ལ་ཁབ་དང་ལུང་ཕྱོགས་གཅིག་ལུ་ མནོ་བསམ་བཏངམ་ཨིན། དེ་གིས་མ་ཚད་ ཨེཆི་ཨའིཝི་/ཨེདསི་དང་གཅིག་ཁང་སྡོད་མི་ཚུ་ ཁོང་རའི་དོན་ལུ་ ཚ་གྱང་ཅན་དང་ ཁོང་ར་དང་ཁོང་རའི་བཟའ་ཚང་འཐུས་མི་ཚུའི་ མི་ཚེའི་གནས་སྟངས་ཀྱི་སྐོར་ འབྲེལ་བ་ཡོད་པའི་གནད་དོན་ཚུ་ནང་ གྲོས་ཆོད་བཟོ་མིའི་གྲངས་སུ་ཚུད་ཡོད་མི། ལས་ཚོགས་ཀྱིས་ ཆགས་སྡང་དང་ཉེ་རིང་རྩ་ལས་མེད་པའི་ གནས་སྟངས་ཅིག་ལུ་བཟོ་ནི་དང་ ཨེཆི་ཨའི་ཝི་འདི་ ནད་གཞི་སྤྱིར་བཏང་གི་གནས་ཚད་ཅིག་ལུ་བཟོ་ཐོག་ལས་ མི་མང་འཕྲོད་བསྟེན་གྱི་གནད་དོན་ གཞན་གང་རུང་དང་དབྱེ་བ་མེདཔ་སྦེ་ ངོས་ལེན་འབད་ཚུགསཔ་བཟོ་ནིའི་ རེ་འདོད་བསྐྱེདཔ་ཨིན། ལས་ཚོགས་ཀྱིས་ ཨེཆི་ཨའི་ཝི་ ཁྱབ་སྤེལ་ལས་བཀག་ཐབས་དང་ མར་ཕབ་ཀྱི་དོན་ལུ་ རིམས་ནད་ཀྱི་གདོང་ལེན་དང་ ཕན་གྲོགས་ཀྱི་དོན་ལུ་ འབྲེལ་བ་ཡོད་མི་ཁེ་གྱོང་ཅན་དང་ ཚ་གྱང་ཅན་གྱི་ལས་ཚོགས་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་ནི་ཨིན།

དམིགས་ཡུལ་དང་དམིགས་དོན།

༡. འབྲུག་དང་ལུང་ཕྱོགས་ལ་ཁབ་ཚུ་ནང་ ཨེཆི་ཨའི་ཝི་/ཨེདསི་དང་གཅིག་ཁར་སྡོད་མི་ཚུའི་བར་ན་ འབྲེལ་བ་བཟོ་ནི་དང་ བ་སྐྱོར་བྱིན་ནི།

༢. འཐུས་མི་ག་ར་གིས་ རང་སོའི་སྨན་བཅོས་དང་ མཐའ་སྐྱོང་ དེ་ལས་ སྔོན་འགོག་ནང་ བཅའ་མར་ཧྲིལ་བུ་ གཏོགས་ཚུགས་ནིའི་དོན་ལུ་ དབང་ཆ་དང་ ལྕོགས་གྲུབ་ཚུ་ ཡར་དྲག་བཟོ་ནི།

༣. མི་སྡེའི་གནས་རིམ་ཆ་མཉམ་གྱི་ནང་ ཨེཆི་ཨའི་ཝི་/ཨེཌསི་གི་གནོད་སྐྱོན་ མར་ཕབ་རྐྱབ་ཐོག་ལས་ ཆགས་སྡང་དང་ཉེ་རིང་ མར་ཕབ་རྐྱབ་ནི།

༤. ཨེཆི་ཨའི་ཝི་/ཨེཌསི་ལུ་ གདོང་ལེན་འབད་ནིའི་ནང་ འཐུས་མི་ཚུ་དང་ ཁེ་གྱོང་ཡོད་མི་ཚུ་གིས་ ་ཆེཝ་སྦེ་ བཅའ་མར་གཏོགས་ཚུགསཔ་བཟོ་ནི།

༥. ཐོན་ཁུངས་ལུ་ ཐོབ་སྤྱོད་ཡར་སེང་དང་ ཨེཆི་ཨའི་ཝི་/ཨེཌསི་དང་གཅིག་ཁར་སྡོད་མི་ཚུ་ འཚོ་བའི་གནས་སྟངས་དང་ལྡནམ་བཟོ་ནི་དང་ བ་སྐྱོར་ཅན་གྱི་གནས་སྟངས་ཐོག་ བརྩི་ཁུངས་དང་ལྡནམ་སྦེ་ སྡོད་ཚུགསཔ་བཟོ་ནི།

ལྷག་བསམ་གྱིས་ སྒྲུབ་སྲོལ་ཡོད་པའི་ལས་དོན།

༡. ཨེཆི་ཨའི་ཝི་དང་གཅིག་ཁར་སྡོད་མི་ཚུའི་དོན་ལུ་ བ་སྐྱོར་དང་ མཐའ་སྐྱོང་ དེ་ལས་ ཕན་ཐོགས་ཅན་གྱི་བསླབ་སྟོན་བྱིན་ནི།

༢. འབྲེལ་བ་བཟོ་ནི་དང་ རྫོང་ཁག་ཚུ་ནང་ ས་གནས་ཀྱི་བ་སྐྱོར་སྡེ་ཚན་ གཞི་བཙུགས་འབད་ནི།

༣. ཨེཆི་ཨའི་ཝི་དང་གཅིག་ཁར་སྡོད་མི་ཚུ་ལུ་ ལཱ་གཡོག་ཤེས་ཡོན་དང་ སྦྱོང་བརྡར་ཚུ་བྱིན་ཐོག་ལས་ ལྕོགས་གྲུབ་གོང་འཕེལ་བཏང་ནི།

༤. ལཱ་གི་ས་གོ་དང་ ཨེཆི་ཨའི་ཝི་དང་གཅིག་ཁར་སྡོད་མི་ཚུའི་ ཐོབ་དབང་གི་སྐོར་ བསྐུལ་ཁྱབ་བརྡ་སྤྲོད་དང་ སེམས་ཚོར་བྱིན་ནི།

༥. ཆགས་སྡང་དང་ཉེ་རིང་ མར་ཕབ་རྐྱབ་ནི།

༦. ཨེཆི་ཨའི་ཝི་/ཨེཌསི་གི་སྐོར་ལས་ གོ་བརྡ་སྤེལ་ནི།

༧. ནད་གཞི་ཐོབ་མི་དང་ གནོད་སྐྱོན་རྐྱབ་མི་ བཟའ་ཚང་འཐུས་མི་ཚུའི་ནང་འཁོད་ལུ་ མཐུན་ལམ་སྒྲིང་སྒྲི་བཟོ་ནི།

༨. ཨེཆི་ཨའི་ཝི་ ཁྱབ་སྤེལ་ལས་བཀག་ཐབས་དང་ སྔོན་འགོག་འབད་ནིའི་ནང་ ལ་ཡོངས་དང་ ལུང་ཕྱོགས་ཀྱིས་ བརྩོན་ཤུགས་བསྐྱེད་མི་ལུ་ བཅའ་མར་གཏོགས་ནི་དང་ ཕན་གྲོགས་འབད་ནི།

གྲུབ་འབྲས།

· ད་ལྟོ་ཡོད་པའི་ ལས་བྱེད་པའི་དགོས་མཁོའི་གནས་ཚད་དང་བསྟུན་ ཉེ་བར་མཁོ་བའི་འཛིན་ཆས་དང་མཁོ་ཆས་ཚུ་དང་སྦྲགས་ ལྷག་བསམ་གྱི་ཡིག་ཚང་ གཞི་བཙུགས་འབད་ཡོདཔ།

· ལྷག་བསམ་གྱིས་ ཕན་ནུས་ཅན་གྱི་འབྲེལ་བའི་ཐོག་ རྫོང་ཁག་སོ་སོ་དང་ ལཱ་གི་བ་ཁུངས་སྣ་ཚོགས་ལྡན་པའི་ ཨེཆི་ཨའི་ཝི་/ཨེཌསི་དང་གཅིག་ཁར་སྡོད་མི་ འཐུས་མིའི་གྱངས་ཁ་༡༠༧ལུ་ ཡར་སེང་སོང་སྟེ་ཡོད།

· འཐུས་མི་བ་ཆ་༧༠དེ་ཅིག་ལུ་ ནེ་པཱལ་དང་ ་གར་ ཐའི་ལེནཌི་ལ་ཁབ་ཚུ་ནང་ སློབ་སྦྱོང་བལྟ་སྐོར་བརྩིས་ཏེ་ ཨེཆི་ཨའི་ཝི་/ཨེཌསི་གི་ གནད་དོན་མ་འདྲཝ་ཚུ་ནང་ ལྕོགས་གྲུབ་གོང་འཕེལ་གྱི་སྦྱོང་བརྡར་ཚུ་བྱིན་ཡི།

· འཐུས་མི་བ་ཆ་༩༠དེ་ཅིག་ལུ་ ཕན་ཐོགས་ཅན་གྱི་བསླབ་སྟོན་ཚུ་བྱིན་ཡི།

· འཐུས་མི་བ་ཆ་༢༠དེ་ཅིག་ལུ་ དམའ་ཚད་ཅན་གྱི་ཤེས་ཡོན་དང་ འགྲོ་འགྲུལ་ དེ་ལས་ ཟས་བཅུད་ཀྱི་གྲོགས་རམ་ཚུ་བྱིན་ཏེ་ཡོད།

· དམིགས་གཏད་ཅན་དང་ སྤྱིར་བཏང་མི་འབོར་གཉིས་ཆ་ར་ལུ་ཁྱབ་ཚུགསཔ་སྦེ་ རྫོང་ཁག་༡༦ནང་ ཨེཆི་ཨའི་ཝི་དང་ཨེཌསི་གི་སྐོར་ བསྐུལ་ཁྱབ་བརྡ་སྤྲོད་འབད་ཡོདཔ།

· གཞན་ཕན་གྱི་བསམ་པ་དང་ལྡན་པའི་ ལྷག་བསམ་གྱི་འཐུས་མི་༥གིས་ སྤྱི་ལོ་༢༠༡༡ འཛམ་གླིང་ཨེཌསི་གི་ཉིན་ བརྡ་བརྒྱུད་ནང་དངོས་མཐོང་གསལ་སྟོན་འབད་ཐོག་ལས་ འབྲུག་ལ་ཁབ་ནང་ འགོ་དང་པ་ ཨེཆི་ཨའི་ཝི་གི་ དངོས་གཟུགས་གསལ་སྟོན་འབད་ཡི།


Top Related