Transcript
Page 1: དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བར་zwpaper.kbcmw.com/pc/202009/21/891997f2-05aa-491e-81dd-7b791e766306.pdf甘孜藏文报

甘孜藏文报 སྤྱིའི་ཨང9828པ། རྒྱལ་ནང་གཅིག་གྱུར་གྱི་གསར་འགྱུར་ཨང་རྟགས། CN51-0018-Z ( ཚབ་རྟགས 61-67 )ཧྲེ་ཀྲང་། དབལ་ཤུལ་ཕུན་ཚོགས། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ། བཀྲ་ཤིས། ལས་རེས་རྩོམ་སྒྲིག་ཨུ་ཡོན། ཡེ་ཤེས་མགོན་པོ།

ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ལས་ཁུངས་ཚགས་པར། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་པར་དུ་བསྐྲུན།

དར་མདོ་ས་ཁུལ་གྱི་གནམ་གཤིས། དྲོད་ཚད་མཐོ་ཤོས21℃། དྲོད་ཚད་དམའ་ཤོས11℃། པར་ངོས་གཙོ་འགན་པ། ལྷ་འཛོམས། རྩོམ་སྒྲིག་པ། བདེ་སྐྱིད། པར་ངོས་སྡེབ་སྒྲིག་པ། བདེ་ཆེན། ཐེངས་འདིའི་པར་རིས་སྤྱི་ཁྱབ་ལྟ་སྐུལ་པ། ལིའོ་ཧྭ་ཡུན། གསར་འགྱུར་ལྟ་སྐུལ་དང་དཔྱད་གླེང་ཁ་པར། 2835733

སྤྱི་ལོ 2020 ལོའི་ཟླ་བ 9པའི་ཚེས 21 ཉིན། ལྕགས་ཕོ་བྱི་ལོའི་ཟླ་བ༨ པའི་ཚེས ༤ ཉིན། དེ་རིང་པར་ངོས 4 ཡོད།

སི་ཁྲོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མ་ཚད་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་ཁང་དང་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ལ་བརྒྱུད་སྤྲོད་བྱས་པ་རེད།

སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་སྐབས་འདིར་ཁྱེད་ཚོ་དང་ཁྱེད་ཚོ་བརྒྱུད་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས། ཁུལ་དུ་བཅའ་སྡོད་བྱེད་མཁན་གྱི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག སྲིད་ཁྲིམས་ཉེན་རྟོག་ལས་བྱེད་པ་བཅས་ལ་དུས་ཆེན་ལ་རྟེན་འབྲེལ་དང་བྱམས་བརྩེའི་འཚམས་འདྲི་ཞུས་པ་ཡིན།

ལོ70ཡི་རིང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་

དཀའ་སྤྱད་ལས་སྐྲུན་བྱས་པས་རང་སྐྱོང་ཁུལ་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། རང་སྐྱོང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པ་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་བརླིང་། མི་དམངས་ཀྱི་འཚོ་བ་ལེགས་བཅོས་མངོན་གསལ་དོད་པོ་བྱུང་བ། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། ལོ70ཡི་རིང་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་ཀྱིས་ཏང་གི་མི་རིགས་སྲིད་ཇུས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མཚོན་ཡོད། མིག་སྔར་རང་རྒྱལ་འདི་ཉིད་ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་པའི་ཐོག་གནས་ཡོད་པས། རང་སྐྱོང་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་གཙོ་བོ་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་།

“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་

གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ཀྱིས་མཛུབ་སྟོན་བྱས་ཤིང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། གསུམ་པ།བཞི་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་།“འདུ་ཤེས་བཞི”ཇེ་དྲག་དང་“གདེང་ཚོད་བཞི”ཇེ་བརྟན་དུ་བཏང་བ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏང་རྒྱུ་ཡིས་གཙོ་བོར་བྱས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་ཁག་སེ་འབྲུའི་འབྲུ་གུ་བཞིན་དམ་པོར་སྦྲེལ་ནས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བ་དེ་མགོ་

འཛུགས་ས་གསར་པ་ཞིག་ཏུ་བྱེད་པ་དང་། བསམ་བློ་བཅིངས་འགྲོལ་དང་། བསྒྱུར་བཅོས་སྒོ་འབྱེད། སྟོབས་ཤུགས་གཅིག་སྒྲིལ། འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུ།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།

2020ལོའི་སྤྱི་ཟླ9པའི་ཚེས17ཉིན།( མིག་དོན་གྱིས་བསྒྱུར། )

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྟེན་འབྲེལ་གློག་སྤྲིངས།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དར་མདོར་འཚོགས་པ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྟེན་འབྲེལ་གློག་སྤྲིངས་བཏང་ཡོང་བ།ཕེང་ཆིང་ཧྭ་དང་ཀུའོ་ཝེ་ཕིང་རྣམ་གཉིས་ཀྱིས་གསུང་བཤད་གནང་། ཏེང་ཞའོ་ཀང་ཚོགས་ཆེན་ནང་ཞུགས། ལིའུ་ཁྲེང་མིང་གིས་ཤིས་ཚིག་ཕུལ། ཞའོ་ཡིའུ་ཚའེ་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནི་ཀྲུང་གོ་གསར་པའི་ས་ཁུལ་རིམ་པའི་མི་རིགས་རང་སྐྱོང་ཁུལ་ཐོག་མ་དེ་ཡིན་ཞིང་།དཀར་མཛེས་ཁུལ་གྱི་བུ་དང་བུ་མོ་ཁྲི120ཡིས་ལོ70འཁོར་བའི་བཀྲ་ཤིས་པའི་ཉིན་མོར་བསུ་མ་བྱས་པ་རེད། སྤྱི་ཟླ9པའི་ཚེས17ཉིན།དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དར་མདོར་འཚོགས་པ་རེད།རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་གློག་སྤྲིངས་བཏང་བ་རེད། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཚོགས་པའི་ཚོགས་གཙོ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀུའོ་ཝེ་ཕིང་དང་ཞིང་ཆེན་རྟེན་འབྲེལ་ཚོགས་པའི་ཚོགས་གཙོ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ཕེང་ཆིང་ཧྭ་རྣམ་གཉིས་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གནང་བ་རེད། ཞིང་ཆེན་རྟེན་འབྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་རྟེན་འབྲེལ་ཚོགས་ཆེན་ནང་ཕེབས་པ་རེད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཤིས་ཚིག་ཕུལ་བ།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཚོགས་ཆེན་གྱི་གཙོ་སྐྱོང་གནང་བས་མ་ཚད་རྟེན་འབྲེལ་གློག་སྤྲིངས་དང་།རྟེན་འབྲེལ་སྤྲིངས་ཡིག་གི་ས་གནས། སྡེ་ཚན་བཅས་ཀྱི་མིང་ཐོ་སྒྲོག་སྦྱངས་གནང་བ་རེད།

སྔ་དྲོའི་ཆུ་ཚོད9པ་ཡོལ་ཙམ་ལ་དགའ་སྤྲོའི་རོལ་དབྱངས་དང་བསྟུན་ནས་དཀར་མཛེས་ཁུལ་གྱི་ལོ70ཡི་འཕོ་འགྱུར་ཆེན་པོ་དང་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་མཚོན་པའི་རུ་སྟར་གྲུ་བཞི་མ་སོ་སོ་རིམ་བཞིན་ལུས་རྩལ་ཐང་དུ་ཞུགས་པ་རེད།

མི་རྣམས་ཀྱིས་གཟབ་མཆོར་སྤྲས་པ་དང་གླུ་ལེན་གར་འཁྲབ་བྱས་ནས་ཏང་དང་མེས་རྒྱལ་གྱི་དྲིན་གཟོ། རྒྱལ་ཡོངས་མི་དམངས་དང་སྤྱི་ཚོགས་ལས་རིགས་ཁག་ལ་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པར་བྱས་ཡོད་པ་རེད། དེ་རྗེས་རྟེན་འབྲེལ་མེ་སྒྱོགས་ཀྱི་སྒྲ་གྲགས་པ་དང་བསྟུན་ནས་རྒྱལ་དར་སྲུང་སྐྱོང་རུ་ཁག་གིས་རྒྱལ་དར་གྱི་སྣེ་བཞིར་འཇུས་ཏེ་རྒྱལ་དར་སྒྲེང་སྟེགས་སུ་བསྐྱལ། ཚོགས་རའི་མི་ཚང་མ་གུས་སྟབས་ཀྱིས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་མཉམ་དུ་བླངས་ནས་བཀྲག་མདངས་འཚེར་བའི་སྐར་ལྔའི་དར་དམར་དལ་བུར་བསྒྲེངས་པ་དང་བསྟུན་ནས་རྟེན་འབྲེལ་ཚོགས་ཆེན་དངོས་སུ་མགོ་ཚུགས་པ་རེད།

ཀུའོ་ཝུའེ་ཕིང་གིས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་རྟེན་འབྲེལ་ཚོགས་པའི་སྐུ་ཚབ་མཛད་ནས་དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།ལོ70ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་གདེང་འཇོག་བླ་ན་མེད་པ་གནང་བ་རེད། (པར་ངོས་བཞི་པར་གཟིགས། )

ཕེང་ཆིང་ཧྭ་ཡིས་དཀར་མཛེས་ཁུལ་བཙུགས་ནས་ལོ70འཁོར་བའི་ཞིང་ལས་ཁྱད་ཆོས་ཐོན་རྫས་ཐོན་ཚོང་སྦྲེལ་མཐུད་བྱེད་སྒོར་གཟིགས་སྐོར་རྟོག་ཞིབ་གནང་།

ཏེང་ཞའོ་ཀང་གིས་ལྷན་དུ་གཟིགས་སྐོར་རྟོག་ཞིབ་གནང་།

དཀར་མཛེས་ཁུལ་སྲིད་གྲོས་དབུ་བརྙེས་ནས་ལོ70འཁོར་བའི་དགའ་སྟོན་ཚོགས་ཆེན་དང་མི་རིགས་དང་ལས་རིགས་སོ་སོའི་འཐུས་ཚབ་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས།

ལིའུ་ཁྲེང་མིང་ཚོགས་འདུར་ཕེབས་ཤིང་གསུང་བཤད་གནང་། ཞའོ་ཡིའུ་ཚའེ་དང་ལི་ཁང་། བྱང་ཆུབ་བཅས་ཚོགས་འདུའི་ནང་ཞུགས། ཧྥུང་ཧྥ་ཀུའེ་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་།

དཀར་མཛེས་ཁུལ་གྱི་སྐབས་གཉིས་པའི་ཞིང་ལས་ཁྱད་ཆོས་ཐོན་རྫས་ཐོན་ཚོང་སྦྲེལ་མཐུད་ཡུལ་དངོས་འདུས་ཚོགས་ནི་དཀར་

མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པའི་ཡ་གྱལ་ཞིག་

ཡིན་པ། སྤྱི་ཟླ9པའི་ཚེས16ཉིན་གྱི་ཕྱི་དྲོར།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན། ཞིང་ཆེན་རྟེན་འབྲེལ་ཚོགས་པའི་ཚོགས་གཙོ་ཕེང་ཆིང་ཧྭ་དར་རྩེ་མདོའི་སྦྲེལ་མཐུད་འདུས་ཚོགས་འགྲེམས་སྟོན་བྱ་ཡུལ་དུ་ཕེབས་ནས་དཀར་མཛེས་ཁུལ་གྱི་ཞིང་འབྲོག་ལས་ཐོན་ལས་འཕེལ་རྒྱས་དང་དེ་བཞིན་ཐོན་འཚོང་འབྲེལ་མཐུད་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་རྒྱུས་ལོན་གནང་བ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་རྟེན་འབྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཏེང་ཞའོ་ཀང་ལྷན་དུ་རྟོག་ཞིབ་ལ་ཕེབས་ཡོད་པ་རེད། (པར་ངོས་གཉིས་པར་གཟིགས། )

རྟེན་འབྲེལ་ཚོགས་ཆེན་གྱི་ཡུལ་དངོས།

སྤྱི་ཟླ9པའི་ཚེས17ཉིན་གྱི་ཕྱི་དྲོར། དཀར་མཛེས་ཁུལ་སྲིད་གྲོས་དབུ་བརྙེས་ནས་ལོ70འཁོར་བའི་དགའ་སྟོན་ཚོགས་ཆེན་དང་མི་རིགས་དང་ལས་རིགས་སོ་སོའི་འཐུས་ཚབ་ཀྱི་བཞུགས་མོལ་ཚོགས་འདུ་དར་མདོར་འཚོགས་པ་རེད། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ། ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ལི་ཁང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་བཅས་བཞུགས་མོལ་ཚོགས་འདུའི་ནང་ཞུགས་ཡོད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྥུང་ཧྥ་ཀུའེ་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ལིའུ་ཁྲེང་མིང་གིས་དང་ཐོག་ཁུལ་ཨུའི་ཚབ་མཛད་ནས་དཀར་མཛེས་ཁུལ་སྲིད་གྲོས་དབུ་བརྙེས་ནས་ལོ70འཁོར་བར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུས་པ་རེད། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་འདོན་མཁན།མི་དམངས་སྲིད་གྲོས་བྱ་གཞག་ལ་དམིགས་བསལ་བྱས་རྗེས་འཇོག་མཁན་གྱི་སྐབས་རིམ་བྱུང་གི་སྲིད་གྲོས་ཀྱི་འགོ་ཁྲིད།སྲིད་གྲོས་ཨུ་ཡོན་དང་བཟོ་ཚོང་མཉམ་འབྲེལ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ལ་བླ་ན་མེད་པའི་གུས་འདུད་ཞུས་པའི་དུས་མཚུངས་སུ། ལོ70རིང་ཁུལ་སྲིད་གྲོས་ཀྱི་བྱ་གཞག་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།

(པར་ངོས་གཉིས་པར་གཟིགས། )

Top Related