Download - bodmi 13th July 11

Transcript
Page 1: bodmi 13th July 11

བོད་རྒྱལ་ལོ་ ༢༡༣༨ རབ་བྱུང་རི་ཟླའི་ལྕགས་ཡོས་ལོ། བོད་ཟླ་ ༥ ཚེས་ ༡༣ རེས་གཟའ་ལྷག་པ།

ལོ་ ༤ ཨང༌། ༢༧ དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདུན་རེའི་ལས་རིམ་གསར་ཤོག

13th July 2011

Vol. 4 Issue 27 Price Rs. 1

གནས་ཚུལ་སྙིང་བསྡུས།

དབུ་མའི་ལམ་ནི།

རྒྱ་ནག་མི ་དམངས་སྤྱི ་མཐུན་རྒྱལ་ཁབ་ཀྱི ་རྩ་

ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཁྲིམས་མཐུན་གྱི་ཐོབ་

ཐང་ཡོད་པའི ་བོད་རིགས་ཡོངས་ལ་མི ་རིགས་

ས་གནས་རང་སྐྱོང ་གི ་གནས་བབ་ཚད་ལྡན་

མིང་དོན་མཚུངས་པ་ཞིག་དགོས།

བོ ད ་ གཞུང ་ བཀའ ་ཤག ་གི ས །

༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་སུ་ཆིབས་སྒྱུར་བསྐྱངས་རྗེས་གསར་འགོད་པ་ཚོར་བཀའ་སློབ་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༧ ཉིན་

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་

རིའི་མི་སེར་རྒྱལ་ཁབ་ཀྱི་སྲིད་དོན་ཚོགས་པ་

(Republic) དང་མང་གཙོ་ཚོགས་པ་ (Dem-

ocrat) བཅས་ཐུན་མོང་གི་ཚབ་ཞུས་ཏེ་གྲོས་

ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇོན་བྷོ་ཨེ་

ནར་ (John Boehner) མཆོག་གིས་ཨ་རིའི་

གྲོས་ཚོགས་སུ་ (Congress) ཇི་ལྟར་གསོལ་

འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱངས་

ཡོད། སྐབས་དེར་མགོན་པོ་གང་ཉིད་མཆོག་

གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་

གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སི་ (Nancy

Pelosi) མཆོག་དང་ཨེ་ལི་ཡ་ན་རོ་སི་ལེ་ཊི་

ནན་ (Ileana Ros-Lehtinen) མཆོག ཧོ་

ཝཌ་ཨེལ་ བར་མན་ (Howard L. Berman)

མཆོག ཁ་རེ་སི་མི་ཐི་ (Christ Smith) མཆོག

ནི་ཏ་ ལོ་ཝེ་ (Nita Lowey) མཆོག ཕ་རེན་ཀི་

ཝུལ་ཕི། (Frank Wolf) མཆོག་བཅས་གྲོས་

ཚོགས་འཐུས་མི་བདུན་ཙམ་དང་མཇལ་འཕྲད་

མཛད་སྐབས་བོད་དང་རྒྱ་ནག་སོགས་ཀྱི་གནད་

དོན་ཐད་གསུང་མོལ་མཛད་ཡོད། སྐབས་དེར་

གྲོས་ཚོགས་འཐུས་མི་རྣམས་ཀྱིས་༸གོང་ས་

༸སྐྱབས་མགོན་ཆེན་པོ་མཆོག་གི་འཚེ་བ་མེད་

པའི་བཞེངས་ཕྱོགས་དེར་བསྔགས་བརྗོད་དང་

རྒྱབ་སྐྱོར་ཤུགས་ཆེ་ཞུས་འདུག

དེ ་རྗེས ་༸གོང ་ས་མཆོག་དང་

ཚོགས་གཙོ་སྐུ་ཞབས་ཇོན་བྷོ་ཨེ་ནར་མཆོག

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་

ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སི་མཆོག་བཅས་

ལྷན་ཞུགས་ཐོག་གསར་འགོད་པ་ཚོར་གསལ་

བསྒྲགས་མཛད་ཡོད། དེ་ཡང་ཐོག་མར་ཚོགས་

གཙོ་སྐུ་ཞབས་ཇོན་བྷོ་ཨེ་ནར་མཆོག་གིས་

གསུང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་

བླ་མ་མཆོག་ཨ་རིའི་གྲོས་ཚོགས་ཁང་དུ་གདན་

ཞུས་ལྟར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པར་

ང་ཚོར་ཆེ་མཐོང་ཆེན་པོ་ཐོབ་བྱུང་། བོད་ཀྱི་

༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ཨ་

རིའི་མི་མང་དབར་ཡུན་རིང་ནས་མཛའ་བརྩེའི་

འབྲེལ་ལམ་དམ་ཟབ་ཡོད་པར་བརྟེན། ཁོང་

གྲོས་ཚོགས་སུ་གདན་ཞུ་གནང་རྒྱུ་ཡིན་པ་

དེ་སྔ་ས་ནས་ཚོད་དཔག་ཐུབ་ཀྱི་ཡོད་སྟབས་

གནད་དོན་དེར་ཧང་སངས་དགོས་དོན་གང་

ཡང་མེད། དེར་བརྟེན་ཁོང་གྲོས་ཚོགས་སུ་

གདན་འདྲེན་ཞུས་པ་དེ་འགྲིག་ཡོད་པ་ཞིག་

ཡིན་པར་ངས་བསམ་བཞིན་ཡོད། བོད་ཀྱི་

༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ས་གནས་

གང་དུ་ཆིབས་སྒྱུར་བསྐྱངས་རུང་ངལ་བ་ཁྱད་

བསད་ཀྱིས་བྱམས་བརྩེ་དང་བཟོད་བསྲན།

འཚེ་བ་མེད་པ། དྲང་བདེན། རང་དབང་སོགས་

འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུར་

ཐུགས་བརྩོན་མཛད་བཞིན་པའི་མཛད་རྗེས་

དེའི་རིན་ཐང་དེ་དག་ལ་གཙིགས་ཆེར་འཛིན་

བཞིན་པའི་ཨ་རི་རྒྱལ་ཁབ་ཀྱིས་ཡི་རང་ཞུ་

བཞིན་ཡོད། བོད་མི་ཚོར་རྒྱབ་སྐྱོར་བྱེད་རྒྱུའི་

ཆོད་སེམས་དེས་ཨ་རིའི་གྲོས་ཚོགས་ཀྱི་ཆབ་

སྲིད་ཚོགས་པ་གཉིས་པོ་ (Republic and

Democrat) འདིར་ཨ་རིའི་གྲོས་ཚོགས་སུ་

མཉམ་འཛོམས་ཐུབ་པ་བྱུང་ཡོད། འབྱུང་འགྱུར་

ཡང་ཆབ་སྲིད་ཚོགས་པ་གཉིས་པོས་མཉམ་

རུབ་ཐོག་དུས་ཡུན་ཇི་ཙམ་འགོར་མིན་ལ་མ་

ལྟོས་པར་བོད་མིའི་རྩ་དོན་བསྒྲུབ་རྒྱུར་རྒྱབ་

སྐྱོར་མུ་མཐུད་ཞུ་ཐུབ་པའི་རེ་བ་ཞུ་བཞིན་ཡོད་

ཅེས་གསུང་བཤད་གནང་།

དེ་ནས་ཨ་རིའི་གྲོས་ཚོགས་འོག་

མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་

སི་མཆོག་གིས་ཚོགས་གཙོ་མཆོག་ལ་ཐེངས་

འདིར་༸གོང་ས་མཆོག་གྲོས་ཚོགས་སུ་གདན་

ཞུ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས།

༸གོང་ས་མཆོག་སྐུ་གཞོན་ནུའི་སྐབས་དེ ་

སྔའི་ཨ་རིའི་སྲིད་འཛིན་སྐུ་ཞབས་ཕེ་རན་ཀི་

ལིན་རུ་སུ་ཝིལ་ཌི་ (President Franklin

Roosevelt) མཆོག་གིས་ཆུ་ཚོད་གཅིག་

ཕྱག་རྟགས་སུ་ཕུལ་སྐོར་དང། དེ་རྗེས་ཨ་རིའི་

སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇི་ཌབ་ལུ་བྷུ་

ཤུ་མཆོག་གིས་ཨ་རིའི་སྲིད་འཛིན་གྱི་གསེར་

གྱི་གཟེངས་རྟགས་འབུལ་ལམ་ཞུས་པ་མ་ཟད།

ཨ་རིའི་སྲིད་འཛིན་ལས་ཐོག་སྐུ་ཞབས་བྷ་རཀ་

ཨོ་བྷ་མ་མཆོག་གིས་༸གོང་ས་མཆོག་ཕོ་བྲང་

དཀར་པོའ་ིནང་མཇལ་འཕྲད་མཛད་ཡོད་སྐོར་

སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས།

༸གོང་ས་མཆོག་གིས་གསར་འགོད་པ་ཚོར་

བཀའ་སློབ་སྩལ་དོན། ངོས་ལ་དམིགས་

བསལ་གང་ཡང་ཞུ་རྒྱུ་མེད། ངོས་རང་ཐེངས་

འདིར་ཨ་རིའི ་རྒྱལ་ས་ཝ་ཤིང་ཊོན་དུ་ཡོང་

རྒྱུའི་དགོས་དམིགས་གཙོ་བོ་དེ་ནང་ཆོས་ནས་

གསུངས་པའི་བྱིན་རླབས་ཆེ་བའི་བརྒྱུད་ཀྱི་

ཆོས་འབྲེལ་ཆེད་ཡོང་བ་ཞིག་ཡིན། ངོས་རང་

འདིར་བསླེབས་རྗེས་གྲོགས་པོ་རྙིང་པ་ཚོ་དང་

ཐུག་འཕྲད་བྱེད་རྒྱུ་དེ་ངོས་ཀྱི་ལས་འགན་ཞིག་

ཆགས་ཀྱི་ཡོད། ལྷག་པར་ཚོགས་ཁང་འདིས་

ང་ཚོར་རྟག་ཏུ་བློ་སྤོབས་སྐྲུན་བཞིན་འདུག་

པས་འདིར་འདུས་ཁྱེད་

རྣམས་ཚང་མར་ཐུགས་

རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་

བཀའ་སློབ་སྩལ་བ་མ་

ཟད། མགོན་པོ་གང་ཉིད་

མཆོག ་གིས ་ཉེ ་ལམ་

བོད་མིའི་ཆབ་སྲིད་ཀྱི་

འགན ་དབང ་ཡོངས ་

རྫོགས་མི ་མང ་གིས ་

ཐད་ཀར་འོས་འདེམས་

བྱས ་པའི ་ འགོ ་ ཁྲི ད ་

ཚོར་རྩིས་སྤྲོད་མཛད་

དགོས་པའི་རྒྱུ་མཚན་

རྣམས་གསལ་བཤད་

མཛད་དོན། ཆོས་དཔོན་

དང་རྒྱལ་པོ་རྒྱལ་མོས་

རྒྱལ་ཁབ་ཀྱི་དབུ་ཁྲིད་

བྱེད་རྒྱུའི་དུས་ཚོད་དེ་

ནི ་ད ་ཆ་ཡོལ་ཟིན ་པ་

ཞིག་ཡིན་པ་ངོས་ཀྱིས་

བས མ ་ བཞི ན ་ ཡོ ད །

ཆོས ་སྲིད ་གཉིས ་ཀྱི ་

སྒྲིག་འཛུགས་སོ་སོར་

ཐ་དད་འབྱེད་དགོས་པ་

གལ་ཆེན་པོ་རེད་ཅེས་

བཀའ་སློབ་སྩལ་བ་དང་

སྦྲགས། མགོན་པོ་གང་

ཉིད་མཆོག་སྐུ་གཞོན་ནུའི་དུས་ནས་བོད་ཀྱི་

སྤྱི་ཚོགས་དེ་བཞིན་མང་གཙོའི་ལམ་ལ་བསྒྱུར་

གནང་མཛད་རྒྱུའི་དགོངས་བཞེས་ཡོད་པར་

བརྟེན། ད་ལྟ་ཆབ་སྲིད་ཀྱི་ཐུགས་འགན་ལས་

རྒན་ཡོལ་ཆ་ཚང་ཕེབས་རྒྱུའི་དགོངས་གཞི་དེ་

གློ་བུར་གྱི་ཐག་གཅོད་ཅིག་མིན་སྐོར་སོགས་

ཀྱི་བཀའ་སློབ་སྩལ། སྐབས་དེར་༸གོང་ས་

མཆོག་དང་ལྷན་དབུས་བོད་མིའི་སྒྲིག་འཛུགས་

ཀྱི ་སྤྱི ་འཐུས་ཚོགས་གཙོ ་སྤེན་པ་ཚེ ་རིང་

མཆོག་དང་སྐབས་གསུམ་པའི་བཀའ་ཁྲིར་

འདེམས་ཐོན་བྱུང་བ་མཁས་དབང་བློ་བཟང་

སེང་གེ་མཆོག ༸གོང་ས་མཆོག་གི་དམིགས་

བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་

མཚན་མཆོག དེ་བཞིན་སྐུ་སྒེར་ཟུང་དྲུང་བསྟན་

འཛིན་སྟག་ལྷ་ལགས་བཅས་ནས་ལྷན་བཅར་

ཞུས་ཡོད་པ་བཅས།།

ཀར་ཎ་ཊ་ཀ་མངའ་སྡེའི་བློན་ཆེན་མཆོག་གིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས་པ།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ ཉིན་རྒྱ་གར་

ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་

སྐུ་ཞབས་ཡེ་ཌི་ཡུ་རབ་པ་ (B.S Yeddyurap-

pa) མཆོག་གིས་༸གོང་ས་མཆོག་ཕྱི་ལུགས་ལྟར་

དགུང་གྲངས་ ༧༦ ལ་ཕེབས་པའི་འཁྲུངས་སྐར་གྱི་

དུས་ཆེན་ཉིན་འཚམས་འདྲི་བཀྲིས་བདེ་ལེགས་ཀྱི་

འཚམས་འཕྲིན་ཕུལ་ཡོད་པ་མ་ཟད། འཁྲུངས་སྐར་

མཛད་སྒོའ་ིསྐབས་སྐུ་མགྲོན་གཙོ་བོར་ཀར་ཎ་ཊ་ཀ་མངའ་

སྡེའི་ཁྲལ་བསྡུ་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ཀེ་ཨེ་སི་

པར་བྷ་ཀར་ར་ (Mr.K.S Prabhakara) མཆོག་

ཕེབས་ཏེ་བོད་མི་ཚོར་མངའ་སྡེའི་སྲིད་གཞུང་གི་རོགས་

རམ་གང་ཐུབ་གནང་རྒྱུའི་ཆོད་སེམས་བརྟན་པ་ོཡོད་སྐོར་

སོགས་ཀྱ་ིགསུང་བཤད་གནང་ཡོད་པ་བཅས།།

ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་ཆོད་བཞག་པ།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ ཉིན་ཨ་

རིའི་གྲོས་ཚོགས་འོག་མའི་ནང་༸གོང་ས་མཆོག་

གིས་འཛམ་གླིང་ཞི་བདེ་དང་འཚེ་མེད་ཞི་བའི་ཐབས་

ལམ་ཐོག་ནས་བོད་རྒྱ་གཉིས་ཀྱི་གནད་དོན་དེ་བཞིན་

གཉིས་སྨན་དབུ་མའི་ལམ་གྱི་ཐབས་ལམ་ཐོག་ནས་

སེལ་ཐབས་མཛད་པར་རྒྱབ་སྐྱོར་གྱི ་གྲོས་ཆོད་

བཞག་ཡོད། གྲོས་ཆོད་ཐོག་མར་གྲོས་ཚོགས་འོག་

མའི་ནང་ངོ་སྤྲོད་གནང་མཁན་ནི་གྲོས་ཚོགས་ཀྱི་

འཐུས་མི་ལྕམ་ཨེ་ལི་ཡ་ནོར་ནོར་ཊོན་ (Eleanor

Norton) མཆོག་ཡིན་འདུག དེ་ཡང་གྲོས་ཆོད་

དེའི་ནང་འཁོད་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་

བླ་མ་མཆོག་གིས་གང་ཟག་སྒེར་བརྒྱུད་ནས་འཛམ་

གླིང་ནང་ཞི་བདེ་གོང་འཕེལ་གཏོང་ཐབས་མཛད་

པ་དེར་བསྔགས་བརྗོད་ཞུ་རྒྱུ་དང་། དུས་འཁོར་

དབང་ཆེན་གྱི་བསླབ་བྱ་གཙོ་བོ་ཡང་དེ་ཡིན། བོད་

ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འཚེ་

བ་མེད་པའི་ཐབས་ལམ་བརྒྱུད་བོད་མི་ཚོར་རང་

གི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་མིང་དོན་

མཚུངས་པའི་རང་སྐྱོང་གི་གནས་བབ་ཐོབ་ཐབས་

མཛད་བཞིན་ཡོད་བཅས་སོགས་འཁོད་ཡོད།།

བཀའ་ཤག་ནས་གསོལ་སྟོན་

བཤམས་པ།༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ ཉིན་སྤྱི་

ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་

གྲངས་བདུན་ཅུ་དོན་དྲུག་ལ་ཕེབས་པའི་སྐུའི་འཁྲུངས་

སྐར་གྱི་དགའ་སྟོན་ཉིན་རྡ་ས་ཀ་ལབ་གསོལ་མགྲོན་

ཁང་དུ་འཛིན་སྐྱོང་བཀའ་ཤག་གིས་ས་གནས་རྒྱ་གར་

གནད་ཡོད་མི་སྣ་ཁག་གཅིག་ལ་དགོང་དྲོའ་ིགསོལ་

སྟོན་བཤམས་ཡོད།

དེ་ཉིན་དགོང་དྲོ་ཆུ་ཚོད་ ༧ ཐོག་

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་

བ་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན་གཉིས་

མཆོག བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་

གིས་དབུས་བཀའ་བློན་རྣམ་པ་དང་། སྤྱི་འཐུས་

ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་

ལས་རྣམ་པ། དྲུང་ཆེ་རྣམ་པ། རྒྱ་གར་ས་གནས་ཉེན་

རྟོག་འགོ་དཔོན་དང་སྣེ་ཤན་ལས་ཁུངས་ཀྱི་འབྲེལ་

མཐུད་འགོ་འཛིན་སོགས་ཀྱིས་གཙོས་ས་གནས་

ཡུལ་མིའི་གནད་ཡོད་མི་སྣ་ཁག་གཅིག་ལ་སྤྱི་ནོར་

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་

གྲངས་བདུན་ཅུ་དོན་དྲུག་ལ་ཕེབས་པའི་སྐུའི་འཁྲུངས་

སྐར་གྱི་དགའ་སྟོན་སྲུང་བརྩིའི་སླད་གསོལ་སྟོན་ཞིག་

བཤམས་གནང་ཡོད་པ་བཅས།།

Page 2: bodmi 13th July 11

པར་ངོས་གཉིས་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདུན་རེའི་ལས་རིམ་གསར་ཤོག བོད་ཟླ་ ༥ ཚེས་ ༡༣ ཕྱི་ཟླ་ ༧ ཚེས་ ༡༣

༼འཕྲོས་བདུན་ཕྲག་རྗེས་མར་གཟིགས།༽

བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཉེར་ལྔ་པར་གཏན་འབེབས་ཇི་བྱུང་ཕྱོགས་བསྒྲིགས། ༼བདུན་ཕྲག་སྔོན་མའ་ིའཕྲོས།༽

དོན་ཚན་གོ་གསུམ་པ། མཉམ་འབྲེལ་ཁག་གི་

བདག་དབང་དང༌། འཛིན་སྐྱོང༌།

༡།ས་གནས་བོད་མིའི་མཉམ་འབྲེལ་ཁག་གི་

བདག་པོ་ནི་དེའི་མ་སྐལ་བདག་པོ་རྣམས་སམ།

ཁུངས་དེའི་མང་ཚོགས་ཡིན།

༢།མཉམ་འབྲེལ་དེ ་དག་གི ་གྲུབ་འབྲས་ཁེ ་

འབབ་ཇི་ཡོད་ནས་སྒྲིག་གསལ་ལྟར་མ་འོངས་

འདུ་འགོད་ཀྱི་ཆེད་ཟུར་བཅད་ཕུད། དེ་འཕྲོས་

རང་ཁོངས་མི་མང་རྣམས་ཀྱི་ཁེ་ཕན་ཁོ་ནའི་

ཆེད་གཏོང་དགོས།

༣།མཉམ་འབྲེལ་གྱི་མ་སྐལ་བདག་པོ་དང༌། ས་

གནས་འཐུས་མིའི་ཚོགས་འདུ། ལས་བྱེད། ཡང་

ན་མང་ཚོགས་བཅས་ལ་མཉམ་འབྲེལ་གྱི་ལས་

དོན་དང༌། བྱེད་འཆར་སྐོར་གསལ་བསྒྲགས་

དང༌། གོ་བསྡུར་ཡང་ཡང་བྱེད་དགོས།

དོན་ཚན་གོ་བཞི་པ། ས་གནས་ཁྲིམས་ཞིབ་

ཁང༌། བཅའ་ཁྲིམས་དོན་ཚན་ ༦༩ པ་ནང་

གསལ་ལྟར་ས་གནས་སོ་སོར་གཏན་འཇགས་

སམ། འཕྲལ་སེལ་ཁྲིམས་ཞིབ་ཁང་རེ་འཛུགས་

ཆོག་པ་དེ་དག་གི་ཁྲིམས་ཞིབ་པ་རྣམས་ཆེས་

མཐོའ ་ིཁྲིམས་ཞིབ་ཁང་ནས་སུ་འོས་ལ་བསྐོ་

གཞག་བྱ་རྒྱུ།

དོན་ཚན་གོ་ལྔ་པ། བོད་མིའི་འདུ་གནས་གསར་

ཆགས། ས་གནས་འགོ་འཛིན་ལས་ཁུངས་དང༌།

ས་གནས་འཐུས་མིའི་ཚོགས་འདུ་མེད་རིགས་

ཀྱི་ས་གནས་ཁག་གི་ཐད།

༡།ས་གནས་གང་ཞིག་ཏུ་གཏན་སྡོད་བྱེད་པའི་

བོད་མི་ཁྱིམ་ཚང་ ༥༠ ནས་ ༡༥༠ བར་དང༌།

ཡང་ན་མི་གྲངས་ ༢༠༠ ནས་ ༦༠༠ མན་ཡོད་

པ་དང༌། དེ་དག་གི་འཚོ་བའི་མདུན་ལམ་ས་

གནས་དེ་གར་སྲ་བརྟན་ཕུགས་འཕེར་བཅས་

ཡོད་ཚེ་བཅའ་ཁྲིམས་དོན་ཚན་ ༧༨ པ་ནང་

གསལ་གྱི་ས་གནས་འཐུས་ཚོགས་འཛུགས་

ཆོག་པ་ཡིན།

༢།ས་གནས་གང་ཞིག་ཏུ་བོད་མ་ིཁྱིམ་ཚང་ ༡༥༠

ཡན་དང༌། ཡང་ན་མ་ིགྲངས་ ༦༠༠ ཡན་ཡོད་ཚ་ེ

བཅའ་ཁྲིམས་དོན་ཚན་ ༧༢ པ་དང་ ༧༨ པ་ནང་

གསལ་ལྟར་ས་གནས་འགོ་འཛིན་ལས་ཁུངས་

དང༌། ས་གནས་འཐུས་མ་ིཚོགས་འདུའ་ིསྒྲིག་

འཛུགས་གཉིས་ཀ་འཛུགས་ཆོག་པ་ཡིན།

༣།འོན་ཀྱང་དེ ་ལྟའི ་འོས་བབ་མཆིས་མིན་

དབུས་འབྲེལ་ཡོད་ལས་ཁུངས་ནས་རྟོག་ཞིབ་

ནན་ཏན་བྱེད་དགོས་པ་ཡིན།

ལེའུ་བརྒྱད་པ།

འོས་བསྡུའི་ལས་དོན།

དོན་ཚན་གོ་དྲུག་པ། དབུས་འོས་བསྡུ་ལས་

ཁང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་

ཀྱི་སྤྱི་འཐུས་རྣམས་དང༌། ཚོགས་གཙོ་དང་

ཚོགས་གཙོ་གཞོན་པ། བཀའ་བློན་ཁྲི་པ།

གཞན་ཡང་བཅའ་ཁྲིམས་ནང་གསལ་འོས་

བསྡུའི་བྱེད་སྒོ་ཅི་རིགས་དང༌། བོད་དང་བོད་

མིའི་ལས་དོན་གལ་ཆེ་མང་མོས་འོས་བསྡུ་

ཐག་གཅོད་བྱ་རྒྱུ་བཅས་ཀྱི་འོས་བསྡུའི་ལས་

དོན་རྣམས་ཀྱི་ཆེད་དུ་རང་དབང་ལྡན་པའི་འོས་

བསྡུ་ལས་ཁང་ཞིག་དགོས་པ་ཡིན།

དོན་ཚན་གོ་བདུན་པ། དབུས་འོས་བསྡུ་ལས་

ཁང་གི་འགན་འཛིན་དང༌། འགན་དབང༌།

༡། ཀ༽ དབུས་འོས་བསྡུ་ལས་ཁང་གི་སྤྱི་

ཁྱབ་འགན་འཛིན་གཅིག་དགོས་པར། གོ་ཡུལ་

སྟོང་པ་ནམ་ཐོན་ལ་ཆེས་མཐོའ ་ིཁྲིམས་ཞིབ་

པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་

གཞོན། བཀའ་བློན་ཁྲི་པ་བཅས་ནས་སྐབས་

དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་

གསུམ་དམིགས་འཛུགས་བྱས་པའི་ཚོགས་

ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི ་འོས་

འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་

བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་དབུས་འོས་

བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་འོས་

ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། དེ་མིན་ལས་

བྱ་ཇི་དགོས་དབུས་འོས་བསྡུ་ལས་ཁང་གི་

སྤྱི་ཁྱབ་འགན་འཛིན་ལ་གོ་བསྡུར་དང་འབྲེལ་

བཀའ་ཤག་ནས་སྐབས་སོ་སོར་བསྐོ་གཞག་

བྱེད་ཆོག་པ་ཡིན།

ཁ༽ གལ་ཏེ་འོས་བསྡུའི་སྤྱི་ཁྱབ་འགན་

འཛིན་གྲོས་ཚོགས་མ་འཚོགས་པའི་སྐབས་

བསྐོ་གཞག་བྱེད་དགོས་བྱུང་ཚེ། གོང་གསལ་

འདེམས་སྒྲུག་ཚོགས་ཆུང་གི་འཆར་འབུལ་

ཞུས་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་

འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་

ཐོག་བསྐོ་གཞག་བྱེད་དགོས།

༢། ཀ༽ བཀའ་བློན་ཁྲི་པ་དང༌། སྤྱི་འཐུས་

ཀྱི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་

ལས་རིམ་གསལ་བསྒྲགས་བྱས་པ་ནས་དངོས་

གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་བར་

གྱི་དུས་ཡུན་རིང་དབུས་འོས་བསྡུའི་འགན་

འཛིན་ལས་འཕར་གཉིས་དགོས་པར། ཆེས་

མཐོའ་ིཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་

ཚོགས་གཙོ་ཚོགས་གཞོན། བཀའ་བློན་ཁྲི་པ་

བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་

ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་

བྱས་པའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་

ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་

ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་

ལ་འོས་བསྡུའི་འགན་འཛིན་ལས་འཕར་དུ་འོས་

ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། ཡང་ན་ཚོགས་

ཆུང་དེས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་

ཚོགས་གཙོ་དང༌། རྩིས་ཞིབ་སྤྱི་ཁྱབ་གཉིས་ལ་

ཞོར་ལྕོགས་སུ་རྒྱབ་གཉེར་གནང་ན་སྤྱི་འཐུས་

ལྷན་ཚོགས་སུ་མང་མོས་ཐག་གཅོད་བྱུང་ཚེ་དེ་

དོན་བྱེད་འཐུས།

ཁ༽ གལ་ཏེ་འོས་བསྡུའི་འགན་འཛིན་ལས་

འཕར་གྲོས་ཚོགས་མ་འཚོགས་པའི་སྐབས་

བསྐོ་གཞག་བྱེད་དགོས་བྱུང་ཚེ། གོང་གསལ་

འདེམས་སྒྲུག་ཚོགས་ཆུང་གི་འཆར་འབུལ་

ཞུས་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་

འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་

ཐོག་བསྐོ་གཞག་བྱེད་དགོས།

༣། དབུས་འོས་བསྡུ་ལས་ཁང་གི ་

འགན་འཛིན་ལས་འཕར་བསྐོ་གཞག་ཟིན་པ་

ནས་འོས་བསྡུའི་དངོས་གཞིའི ་གྲུབ་འབྲས་

གསལ་བསྒྲགས་མ་ཟིན་བར། འོས་བསྡུའི་ལས་

དོན་ཡོངས་རྫོགས་དབུས་འོས་བསྡུ་ལས་ཁང་

གི་སྤྱི་ཁྱབ་འགན་འཛིན་དང༌། འགན་འཛིན་

ལས་འཕར་གཉིས་བཅས་གསུམ་ཀའི་སྤྱི་མོས་

སམ། མང་མོས་ཀྱི་ཐོག་ནས་ཐག་གཅོད་བྱ་

རྒྱུ་དང༌། འོས་བསྡུ་འགན་འཛིན་ལྷན་ཚོགས་

ཀྱི་ཚོགས་འདུའི་འགོ་འདོམས་སྤྱི་ཁྱབ་འགན་

འཛིན་གྱིས་བྱ་རྒྱུ།

༤།འོས་བསྡུ་ལས་ཁང་གི་འགན་དབང་དང༌།

ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་སྤྱི་འཐུས་

ལྷན་ཚོགས་ནས་གཏན་འབེབས་ལྟར་ལག་

ལེན་བསྟར་རྒྱུ།

༥།བཅའ་ཁྲིམས་འདིའི་དོན་ཚན་ཁག་གཞིར་

བཟུང་འོས་བསྡུ་ལས་ཁང་ནས་སྤྱི་ཡོངས་འོས་

བསྡུའི་སྒྲིག་གཞི་ཁག་ཞིབ་བཀོད་ཀྱིས་སྤྱི་

འཐུས་ལྷན་ཚོགས་ནས་གཏན་འབེབས་ལྟར་

ལག་ལེན་བསྟར་རྒྱུ།

༦།འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་

རྙོག་ཇི་ཡོད་ཀྱི་ཞིབ་འཇུག་དང༌། ཐག་གཅོད་

ཆ་ཚང་འོས་བསྡུ་ལས་ཁང་ནས་བྱ་རྒྱུ་དང༌།

ལས་ཁང་གིས་ཐག་གཅོད་བྱས་པར་མོས་

མཐུན་མ་བྱུང་ཚེ་ཆེས་མཐོའ་ིཁྲིམས་ཞིབ་ཁང་

ལ་མ་གཏོགས་ཁྲིམས་ཞིབ་ཁང་གཞན་ལ་ཞུ་

གཏུགས་མི་ཆོག

༧།ས་གནས་སོ་སོར་འོས་བསྡུའི་ལས་དོན་དང་

འབྲེལ་བའི་རྩོད་རྙོག་རིགས་ལ་ས་གནས་འོས་

བསྡུ་ལས་ཁང་ནས་ཞིབ་འཇུག་ཐག་གཅོད་

བྱེད་ཆོག་པ་དང༌། ས་གནས་འོས་བསྡུ་ལས་

ཁང་གིས་ཐག་གཅོད་བྱས་པར་མོས་མཐུན་

མ་བྱུང་ཚེ། དབུས་འོས་བསྡུ་ལས་ཁང་དུ་ཞུ་

གཏུགས་ཆོག་ཅིང༌། ད་དུང་མོས་མཐུན་མ་བྱུང་

ཚེ་ཆེས་མཐོའ་ིཁྲིམས་ཞིབ་ཁང་ལ་ཞུ་གཏུགས་

བྱེད་ཆོག

དོན་ཚན་གོ་བརྒྱད་པ། དབུས་འོས་བསྡུ་ལས་

ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཕོགས་ཐོབ།

༡། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་

འཛིན་གྱི་ཕོགས་དང༌། ཟུར་ཕོགས། ལས་ཐོན་

ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་སྤྱི་

འཐུས་ལྷན་ཚོགས་ནས་ཁྲིམས་ལུགས་གཏན་

འབེབས་ཇི་བྱས་ལྟར་འཐོབ་རྒྱུ།

༢།དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་

འཛིན་གྱི་ཕོགས་ཐོབ་དང༌། ཟུར་ཕོགས། ལས་

ཐོན་ཐོབ་ཐང་བཅས་ལ་གནོད་སྐྱོན་འགྲོ་བའི་

བསྒྱུར་བཅོས་དང༌། གཅོག་འཕྲི་མི་ཆོག

༣།དབུས་འོས་བསྡུའི་འགན་འཛིན་ལས་འཕར་

ཞོར་ལྕོགས་ཡིན་ན་ཕོགས་དང༌། ཟུར་ཕོགས།

ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་

བཅས་ཟུར་དུ་གཏན་འབེབས་མ་དགོས་ཤིང༌།

མི་འགྲོ་ཟུར་བསྐོས་ཡིན་ན། ལས་ཐོན་ཕོགས་

ཐོབ་མ་གཏོགས། ཕོགས་དང༌། ཟུར་ཕོགས།

ཐོབ་ཐང་གཞན་དག དེ་མཚུངས་ཆ་རྐྱེན་གཞན་

དག་སྤྱི་ཁྱབ་འགན་འཛིན་དང་སྤྱི་མཚུངས་

ཡིན།

དོན་ཚན་གོ་དགུ་པ། འོས་བསྡུ་ལས་ཁང་གི་སྤྱི་

ཁྱབ་འགན་འཛིན་གྱི་ཡུན་ཚད།

༡།སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་

གྱིས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་

འགན་འཛིན་འཕོ་འགྱུར་གཏོང་དགོས་པའི་

གྲོས་ཆོད་ལ་བཀའ་བློན་ཁྲི་པའི་མོས་མཐུན་

བྱུང་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ལས། དེ་

མིན་ལས་རྒྱུན་ལོ་ལྔའམ། རང་ལོ་དྲུག་ཅུ་རེ་ལྔ་

ཧྲིལ་པོར་ལོན་པ་གང་སྔའི་བར་ཡིན།

༢།དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་

ནས་ལས་ཐོན་ནམ། རྒས་ཡོལ། འཕོ་འགྱུར་

སོང་བའི་སྐྱེ་བོ་སུ་ཡང་བོད་མིའི་སྒྲིག་འཛུགས་

ཀྱི་ཁེ་ཡོད་ལས་འཛིན་དུ་ཞུགས་མི་ཆོག

ལེའུ་དགུ་པ།

ལས་བྱེད་འདེམས་བསྐོའ་ིལས་དོན།

དོན་ཚན་བརྒྱ་ཐམ་པ། ལས་བྱེད་འདེམས་

བསྐོ་ལྷན་ཁང༌། བོད་མིའི་སྒྲིག་འཛུགས་ཀྱི་

འགན་འཛིན་སྡེ་ཚན་དང་ལས་བྱའི་སྡེ་ཚན་གྱི་

ལས་བྱེད་འདེམས་བསྐོའ་ིསླད་རང་དབང་ལྡན་

པའི་ལས་བྱེད་འདེམས་བསྐོ་ལྷན་ཚོགས་ཤིག་

དགོས།

དོན་ཚན་བརྒྱ་དང་གཅིག འདེམས་བསྐོ་ལྷན་

ཁང་གི་སྒྲིག་འཛུགས།

༡།ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་

གཙ་ོགཅིག་དང༌། ཚོགས་མ་ིགཉིས་ནས་བཞིའ་ི

བར་དགོས་པར། ག་ོཡུལ་སྟོང་པ་ནམ་ཐོན་ལ་

ཆེས་མཐོའ་ིཁྲིམས་ཞིབ་པ་ཆ་ེབ་དང། སྤྱ་ིའཐུས་

ཚོགས་གཙ་ོཚོགས་གཞོན། བཀའ་བློན་ཁྲ་ིཔ་

བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་

ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་གནང་

བའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་

འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་

འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་འདེམས་

བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མིར་

འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ།

༢།གལ་ཏེ་འདེམས་བསྐོ་ལྷན་ཁང་གི་ཚོགས་

གཙོ་དང་ཚོགས་མི་སུ་རུང་གྲོས་ཚོགས་མ་

འཚོགས་པའི་སྐབས་བསྐོ་གཞག་བྱེད་དགོས་

བྱུང་ཚེ་གོང་གསལ་འདེམས་སྒྲུག་ཚོགས་ཆུང་

གི་འཆར་འབུལ་ཞུས་པའི་ནང་ནས་སྤྱི་འཐུས་

རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་

གྱི་མོས་མཐུན་ཐོག་བསྐོ་གཞག་བྱེད་དགོས།

དོན་ཚན་བརྒྱ་དང་གཉིས། འདེམས་བསྐོ་ལྷན་

ཁང་གི་འགན་དབང༌། སྤྱི་འཐུས་ལྷན་ཚོགས་

ཀྱིས་གཏན་འབེབས་བྱས་པའི་ཁྲིམས་ལུགས་

གཞིར་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་འགན་

འཛིན་སྡེ་ཚན་དང༌། ལས་བྱའི་སྡེ་ཚན་ཁག་

འདེམས་བསྐོ་དང༌། སྦྱོང་བརྡར། ཐོབ་ཐང་

དང་ལས་འགན་བཅས་ཀྱི་སྒྲིག་གཞི་གཏན་

འབེབས་བྱ་རྒྱུ།

དོན་ཚན་བརྒྱ་དང་གསུམ། འདེམས་བསྐོ་ལྷན་

ཁང་གི་ལས་དོན་བྱེད་ཕྱོགས།

འདེམས་བསྐོ ་ལྷན་ཁང་གི ་ལས་དོན་བྱེད་

ཕྱོགས་སྒྲིག་གཞི་ཞིབ་བཀོད་ཀྱིས་སྤྱི་འཐུས་

ལྷན་ཚོགས་ནས་གཏན་འབེབས་བྱུང་བ་གཞིར་

བཟུང་ལག་ལེན་བསྟར་རྒྱུ།

དོན་ཚན་བརྒྱ་དང་བཞི། འདེམས་བསྐོ་ལྷན་

ཁང་གི་ཚོགས་གཙོའི་ཕོགས་ཐོབ། འདེམས་

བསྐོ་ལྷན་ཁང་གི་ཚོགས་གཙོའི་ཕོགས་དང༌།

ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་

གཞན་དག་བཅས་སྤྱི་འཐུས་ལྷན་ཚོགས་ནས་

གཏན་འབེབས་བྱས་པའི་ཁྲིམས་ལུགས་ལྟར་

འཐོབ་རྒྱུ། འདེམས་བསྐོ་ལྷན་ཁང་གི་ཚོགས་

གཙོ་དང༌། ཚོགས་མི་རྣམས་ཀྱི་ཕོགས་དང་

ཟུར་ཕོགས། མཚན་དོད། ལས་དོད། ལས་ཐོན་

ཐོབ་ཐང་ཡོད་རིགས་བཅས་ལ་གནོད་སྐྱོན་འགྲོ་

གཞིའི་བསྒྱུར་བཅོས་དང༌། གཅོག་འཕྲི་མི་ཆོག

དོན་ཚན་བརྒྱ་དང་ལྔ། འདེམས ་བསྐོ ་ལྷན ་

ཁང་གི་ཡུན་ཚད།

༡།འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང༌།

ཚོགས་མི་རྣམས་ཀྱི་ཡུན་ཚད་ལོ་ལྔའམ། རང་

ལོ་དྲུག་ཅུ་རེ་ལྔ་ལོན་པ་གང་སྔའི་བར་ཡིན།

༢།སྤྱི ་འཐུས་ལྷན་ཚོགས་ཀྱི ་སྤྱི ་འཐུས་རྩ་

འབོར་གསུམ་ཆ་གཉིས་ཀྱིས་མོས་མཐུན་

ཐོག་བཀའ་བློན་ཁྲི ་པ་དང་གོ ་བསྡུར་གྱིས་

མོས་མཐུན་བྱུང་ན་འདེམས་བསྐོ་ལྷན་ཁང་གི་

ཚོགས་གཙོ་དང༌། ཚོགས་མི་གང་རུང་ངམ།

ཆ་ཚང་འཕོ་འགྱུར་བྱེད་ཆོག

༣།འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོའི་

ལས་འཁུར་ནས་ལས་ཐོན་ནམ། རྒས་ཡོལ།

འཕོ་འགྱུར་སོང་བའི་སྐྱེ་བོ་སུ་ཡང་གཞུང་གི་ཁེ་

ཡོད་ལས་འཛིན་དུ་ཞུགས་མི་ཆོག

ལེའུ་བཅུ་པ།

རྩིས་ཞིབ་ལས་དོན།

དོན་ཚན་བརྒྱ་དང་དྲུག སྤྱི་ཁྱབ་རྩིས་ཞིབ་

ལས་ཁང༌། རྩིས་ཞིབ་ལས་ཁང་གི་རྩིས་ཁྲ་

ཁག་ཕུད་བོད་མིའི་སྒྲིག་འཛུགས་དང༌། གཤམ་

འོག་ལས་ཁུངས་མ་ལག་དང་བཅས་པའི་ཡོང་

འབབ་དང༌། འགྲོ་གྲོན་ཡོད་དོ་ཅོག དབུས་ནས་

དགོས་དངུལ་གཏོང་དགོས་ཀྱི་སྒྲིག་འཛུགས་

ཚང་མར་ཁྲིམས་ལུགས་ལྟར་རྩིས་ཞིབ་ཆེད་

རང་དབང་ལྡན་པའི་རྩིས་ཞིབ་ལས་ཁང་ཞིག་

དགོས་པ་ཡིན།

དོན་ཚན་བརྒྱ་དང་བདུན། སྤྱི་ཁྱབ་རྩིས་ཞིབ་

ལས་ཁང་གི་སྒྲིག་འཛུགས།

༡།ཀ༽ སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་

འགན་འཛིན་གཅིག་དགོས་པར། གོ་ཡུལ་སྟོང་

པ་ནམ་ཐོན་སྐབས། ཆེས་མཐོའ་ིཁྲིམས་ཞིབ་

པ་ཆེ་བ་དང། སྤྱི་འཐུས་ཚོགས་གཙོ་ཚོགས་

གཞོན། བཀའ་བློན་ཁྲི་པ་བཅས་ནས་སྐབས་

དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་

གསུམ་དམིགས་འཛུགས་གནང་བའི་ཚོགས་

ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་

ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་

བྱས་ཏེ་མང་མོས་སུ་ཐོབ་ལ་རྩིས་ཞིབ་འགན་

འཛིན་དུ་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ།

ཁ༽ གལ་ཏེ་རྩིས་ཞིབ་སྤྱི་ཁྱབ་པ་གྲོས་

ཚོགས་མ་འཚོགས་པའི་སྐབས་བསྐོ་གཞག་བྱེད་

དགོས་བྱུང་ཚེ་གོང་གསལ་འདེམས་སྒྲུག་ཚོགས་

ཆུང་གི་འཆར་འབུལ་ཞུས་པའི་ནང་ནས་སྤྱི་འཐུས་

རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་

མོས་མཐུན་ཐོག་བསྐ་ོགཞག་བྱེད་དགོས།

༢།སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི ་སྤྱི ་ཁྱབ་

འགན་འཛིན་ལས་འཁུར་དུ་མ་ཞུགས་གོང་

ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་

ཚིག་གཞི་ལྟར་ཆེས་མཐོའ་ིཁྲིམས་ཞིབ་ཁང་གི་

ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་དམ་བཅའམ།

ཁས་ལེན་བྱེད་དགོས།

དོན་ཚན་བརྒྱ་དང་བརྒྱད། རྩིས་ཞིབ་ལས་

ཁང་གི་འགན་དབང༌། ༡།རྩིས་ཞིབ་ལས་ཁང་

ནས་རྩིས་ཞིབ་ལས་ཁང་གི་རྩིས་ཁྲ་ཁག་ཕུད།

དབུས་སྒྲིག་འཛུགས་དང༌། གཤམ་འོག་ལས་

ཁུངས་མ་ལག་དང༌། དབུས་ནས་དགོས་དངུལ་

གཏོང་དགོས་ཀྱི་སྒྲིག་འཛུགས་ཡོངས་ཀྱི་ལོ་

རེའི་རྩིས་ཁྲ་དང༌། བྱུང་སོང་ཁ་འཐབ་ཀྱི་མཇུག་

བསྡོམས་ཁ་ཤོག་བཅས་ཁྲིམས་ལུགས་ལྟར་

གཏན་འབེབས་གཞིར་བཟུང་བཟོ་འགོད་བྱས་

པའི་རྩིས་ཀྱི་ཡིག་ཆ་ཡོངས་རྫོགས་ལ་ཞིབ་

འཇུག་དང༌། སྟངས་འཛིན། འདྲི་རྩད་བཅས་བྱ་

རྒྱུའི་འགན་དབང་ཆ་ཚང་ཡོད།

Page 3: bodmi 13th July 11

པར་ངོས་གསུམ་པ།དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདུན་རེའི་ལས་རིམ་གསར་ཤོགབོད་ཟླ་ ༥ ཚེས་ ༡༣ ཕྱི་ཟླ་ ༧ ཚེས་ ༡༣

གསལ་བསྒྲགས།

༸གོང་ས་མཆོག་གི་སྐུའི་འཁྲུང་སྐར་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཞབས་ལོ་ཉེར་ལྔ་ཧྲིལ་པོ་འཁོར་བའི་ལས་བྱེད་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ རེས་

གཟའ་ལྷག་པའི་ཉིན་༸གོང་ས་༸སྐྱབས་མགོན་

ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་

༧༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་རྟེན་

འབྲེལ་མཛད་སྒོའ་ིསྐབས་དབུས་བོད་མིའི་སྒྲིག་

འཛུགས་ཀྱི་སྲི་ཞུ་བ་བཞི་ལ་ཞབས་ལོ་ཉེར་ལྔ་

ཧྲིལ་པོ་འཁོར་བའི་ལེགས་སྐྱེས་ཕྱག་རྟགས་

ཕུལ་ཡོད། དེ་ཡང་སྲི་ཞུ་བ་བཞི་པོ་ངོ་སྤྲོད་སྙིང་

བསྡུས་ཤིག་གཤམ་གསལ།

༡༽ སྐུ་སྒེར་དྲུང་ཆེ་ཆོས་སྐྱབས་པ་འཆི་

མེད་རིག་འཛིན་མཆོག་ནི། ཕྱི་ལོ་ ༡༩༨༦ ཟླ་

༧ ཚེས་ ༧ ནས་ནང་སྲིད་ལས་ཁུངས་ཀྱི་རྒན་

དྲུང་དུ་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༡༩༨༨

ཟླ་ ༡༠ ཚེས་ ༡ ནས་སྐུ་ཡིག་རྒན་དྲུང་དུ་གནས་

སྤོས། ཕྱ་ིལ་ོ ༡༩༩༢ ཟླ་ ༦ ཚེས་ ༣ ནས་ཨ་ོ

སི་ཊོ་ལི་ཡ་སྐུ་ཚབ་དོན་གཅོད་དུ་གནས་སྤོས་དང།

ཕྱ་ིཟླ་ ༨ ཚེས་ ༡ ནས་དྲུང་གཞོན་ལས་རོགས་

ཀྱ་ིགནས་རིམ་དུ་བསྐ་ོགཞག ཕྱ་ིལ་ོ ༡༩༩༣ ཟླ་

༦ ཚེས་ ༡༠ ནས་དྲུང་གཞོན་དུ་གནས་སྤར། ཕྱ་ི

ལ་ོ ༡༩༩༨ ཟླ་ ༤ ཚེས་ ༡༥ ནས་ཤར་ཡུ་རོབ་སྐུ་

ཚབ་དོན་གཅོད་དུ་གནས་སྤོས། ཕྱ་ིལ་ོ ༡༩༩༩ ཟླ་

༡ ཚེས་ ༢༧ ནས་ཟུང་འབྲེལ་དྲུང་ཆེར་གནས་

སྤར། ཕྱི་ལོ་ ༢༠༠༡ ཟླ་ ༨ ཚེས་ ༢༧ ནས་

སུད་སི་སྐུ་ཚབ་དོན་གཅོད་དུ་གནས་སྤོས། ཕྱི་

ལོ་ ༢༠༠༥ ཟླ་ ༩ ཚེས་ ༡༥ ནས་སྐུ་སྒེར་ཡིག་

ཚང་གི་ཟུང་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༧

ཟླ་ ༦ ཚེས་ ༡ ནས་དྲུང་འཕར་གནས་རིམ་དུ་

གནས་སྤར། ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༡༠

ནས་དྲུང་ཡིག་ཆེན་མོར་གནས་སྤར་གྱིས་

སྐུ་སྒེར་དྲུང་ཆེའི་ཐུགས་འགན་བཞེས་མུས་

བཞིན་ད་བར་ཁྱོན་ཞབས་ལ་ོ ༢༥ སྲ་ིཞུའ་ིཞབས་

འདེགས་ཞུས་འདུག

༢༽ བཀའ་ཡིག་དྲུང་འཕར་བུ་རྫོང་ལྷ་མོ་ཚང་

ཚེ་རིང་དབང་ཕྱུགས་ལགས་ནི། ཕྱི་ལོ་ ༡༩༨༥

ཟླ་ ༤ ཚེས་ ༢ ནས་གནས་བརྒྱད་པ་རྒན་

དྲུང་གནས་རིམ་ཐོག་ཕྱི་དྲིལ་ལས་ཁུངས་སུ་

ལས་འགན་བཀོད་སྒྲིག་གནང་བ་དང་། ཕྱི་ལོ་

༡༩༩༢ ཟླ་ ༨ ཚེས་ ༡ ནས་དྲུང་གཞོན་ལས་

རོགས་ཀྱི་གནས་རིམ་དུ་བསྐོ་གཞག ཕྱི་ལོ་

༡༩༩༣ ཟླ་ ༦ ཚེས་ ༧ ནས་དྲུང་གཞོན་དུ་

གནས་སྤར། ཕྱི་ལོ་ ༡༩༩༧ ཟླ་ ༧ ཚེས་ ༢

ནས་ཟུང་དྲུང་དུ་གནས་སྤར། ཕྱི་ལོ་ ༡༩༩༨

ཟླ་ ༡༠ ཚེས་ ༢༢ ནས་ལོ་གཅིག་རིང་ཐེ་ཝན་

དུ་གཞུང་འབྲེལ་མིན་པའི་སློབ་བསྐྱོད་དགོངས་

ཞུ། ཕྱི་ལོ་ ༡༩༩༩ ཟླ་ ༡༠ ཚེས་ ༢༢ ནས་

ཕྱི་དྲིལ་ལས་ཁུངས་ཀྱི་ཟུང་དྲུང་དུ་ལས་འགན་

རང་འཇགས། ཕྱི་ལོ་ ༢༠༠༤ ཟླ་ ༡༢ ཚེས་

༡༦ ནས་བཀའ་དྲུང་ཡིག་ཚང་དུ་གནས་སྤོས།

ཕྱི་ལོ་ ༢༠༠༥ ཟླ་ ༦ ཚེས་ ༡ ནས་དྲུང་འཕར་

དུ་གནས་སྤར་གྱིས་བཀའ་དྲུང་ཡིག་ཚང་རང་

འཇགས། ཕྱི་ལོ་ ༢༠༠༦ ཟླ་ ༡༡ ཚེས་ ༢༢

ནས་བཀའ་དྲུང་ལས་ཚབ་ཏུ་གནས་སྐབས་

བསྐོ་གཞག ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༡

ནས་སྔ་རྗེས་སུ་ལོ་ ༤ རིང་རྒས་ཡོལ་ཕར་

འགྱངས་དང་བསྐྱར་བསྐོ་གནང་སྟེ་བཀའ་ཡིག་

དྲུང་འཕར་གྱི་ཐུགས་འགན་བཞེས་མུས་བཞིན་

ད་བར་ཁྱོན་ཞབས་ལོ་ ༢༥ སྲི་ཞུའི་ཞབས་

འདེགས་ཞུས།

༣༽ ཨ་ར་ིསྐུ་ཚབ་དོན་ཁང་ག་ིཟུང་དྲུང་ཀུན་

དགའ་བཀྲིས་ལགས་ནི། ཕྱི་ལོ་ ༡༩༨༥ ཟླ་ ༦

ཚེས་ ༡ ནས་གཞོན་དྲུང་གནས་རིམ་དུ་བདེ་

སྲུང་བོད་གནས་ཉམས་ཞིབ་ཏུ་གསར་བསྐོ་

དང་། ཕྱི་ལོ་ ༡༩༨༦ ཟླ་ ༡ ཚེས་ ༢༤ ནས་

ལོ་གཉིས་རིང་ཉི་ཧོང་དུ་གཞུང་འབྲེལ་སློབ་

སྦྱོང་གནང་བར་བསྐྱོད། ཕྱི་ལོ་ ༡༩༩༡ ཟླ་ ༧

ཚེས་ ༡ ནས་རྒན་དྲུང་དུ་གནས་སྤར་གྱིས་

བདེ་སྲུང་བོད་གནས་ཉམས་ཞིབ་ཏུ་ལས་འགན་

བཀོད་སྒྲིག་གནང་འདུག ཕྱི་ལོ་ ༡༩༩༢ ཟླ་ ༨

ཚེས་ ༡ ནས་སྡེ་ཚན་འགན་འཛིན་གྱི་གནས་

རིམ་དུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༤ ཟླ་

༨ ཚེས་ ༤ ནས་དྲུང་ལས་ཀྱི་གནས་རིམ་དུ་

གནས་སྤར་ཐོག་བདེ་སྲུང་ལས་ཁུངས་ཀྱི་དྲུང་

ལས་གནང་། ཕྱི་ལོ་ ༡༩༩༧ ཟླ་ ༥ ཚེས་ ༡༧

ནས་དྲུང་གཞོན་དུ་གནས་སྤར། ཕྱི་ལོ་ ༡༩༩༧

ཟླ་ ༩ ཚེས་ ༡ ནས་ཐ་ེཝན་སྐུ་ཚབ་དོན་ཁང་ག་ི

དྲུང་གཞོན་དུ་གནས་སྤོས། ༢༠༠༢ ཟླ་ ༨ ཚེས་

༩ ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་གཞོན་དུ་

གནས་སྤོས། ཕྱི་ལོ་ ༢༠༠༤ ཟླ་ ༡༡ ཚེས་ ༡༠

ནས་ཟུང་དྲུང་དུ་གནས་སྤར། ཕྱི་ལོ ༢༠༠༧ ཟླ་

༡༢ ཚེས་ ༡༠ ནས་ཟླ་ ༡༠ དང་ཉིན་ ༢༡ རིང་

ཕོགས་མེད་དགོངས་ཞུ། ཕྱི་ལོ ༢༠༠༩ ཟླ་ ༡

ཚེས་ ༡༡ ནས་ཨ་རི་སྐུ་ཚབ་དོན་ཁང་གི་ཟུང་

དྲུང་དུ་གནས་སྤོས་ཀྱིས་ལས་འཁུར་ཞུ་མུས་

ལ་ད་བར་ཁྱོན་ཞབས་ལོ་ ༢༥ སྲི་ཞུའི་ཞབས་

འདེགས་ཞུས།

༤༽ ཆོས་རིག་ཟུང་དྲུང་གཡུ་ཐོག་ནོར་བུ་བཀྲིས་

ལགས་ནི། ཕྱ་ིལ་ོ ༡༩༨༦ ཟླ་ ༦ ཚེས་ ༢ ནས་

གཞོན་དྲུང་གནས་རིམ་ཐོག་སྦེང་ལོར་ཕྱིར་ཚོང་

ཁང་གི་རྩིས་པའི་ལས་ཚབ་ཏུ་བསྐོ་གཞག་གནང་

བ་དང་། ཕྱ་ིལ་ོ ༡༩༨༧ ཟླ་ ༤ ཚེས་ ༡༣ ནས་

ཧོན་སུར་བལ་ལས་བཟོ་གྲྭའི་རྩིས་པར་གནས་

སྤོས། ཕྱ་ིལ་ོ ༡༩༨༨ ཟླ་ ༡༠ ཚེས་ ༡༧ ནས་

དཔལ་འབྱོར་ལས་ཁུངས་ཀྱི་རྩིས་པར་གནས་

སྤོས། ཕྱ་ིལ་ོ ༡༩༩༠ ཟླ་ ༡༢ ཚེས་ ༢༠ ནས་མོན་

གྷ་ོབཟོ་འགོར་གནས་སྤོས། ཕྱི་ལོ་ ༡༩༩༣ ཟླ་

༦ ཚེས་ ༧ ནས་སྡེ་ཚན་འགན་འཛིན་དུ་བསྐོ་

གཞག ཕྱི་ལོ་ ༡༩༩༣ ཟླ་ ༩ ཚེས་ ༡ ནས་

མོན་གྷོ་མཉམ་སྦྲེལ་རྩིས་པའི་ལས་འགན་དུ་

བསྐོ་གཞག ཕྱི་ལོ་ ༡༩༩༥ ཟླ་ ༧ ཚེས་ ༢༡

ནས་མོན་གྷོ་མཉམ་དྲུང་དུ་བསྐོ་གཞག ཕྱི་ལོ་

༡༩༩༧ ཟླ་ ༤ ཚེས་ ༢༢ ནས་དྲུང་གཞོན་ལས་

རོགས་སུ་གནས་སྤར་གྱིས་ཨོ་རི་ས་མཉམ་

དྲུང་དུ་གནས་སྤོས། ཕྱི་ལོ་ ཕྱི་ལོ་ ༡༩༩༨ ཟླ་ ༢

ཚེས་ ༡༧ ནས་འབུམ་ལ་ས་གནས་འགོ་འཛིན་

དུ་གནས་སྤོས། ཕྱི་ལོ་ ༢༠༠༠ ཟླ་ ༧ ཚེས་ ༡༩

ནས་དྲུང་གཞོན་གནས་རིམ་དུ་གནས་སྤར། ཕྱི་

ལོ་ ༢༠༠༢ ཟླ་ ༣ ཚེས་ ༡༥ ནས་ཧུན་སུར་

ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་

༢༠༠༦ ཟླ་ ༣ ཚེས་ ༡ ནས་ཆོས་རིག་ལས་

ཁུངས་ཀྱི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་

༢༠༠༨ ཟླ་ ༢ ཚེས་ ༡༩ ནས་ཟུང་དྲུང་དུ་

གནས་སྤར་གྱིས་ཆོས་རིག་ལས་ཁུངས་སུ་

ལས་འཁུར་ཞུ་མུས་ལ་ད་བར་ཁྱོན་ཞབས་

ལོ་ ༢༥ སྲི་ཞུའི་ཞབས་འདེགས་ཞུས་ཡོད་

པ་བཅས།།

ཆོས་སྐྱབས་པ་འཆི་མེད་རིག་འཛིན་མཆོག བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་ལགས།ཀུན་དགའ་བཀྲིས་ལགས། གཡུ་ཐོག་ནོར་བུ་བཀྲིས་ལགས།

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་

ཚོགས་དྲུང་ལས་ཁུངས་སུ་ལས་བྱ་ཁ་ལོ་བ་ཞིག་

དགོས་པའི་ཆ་རྐྱེན་ནམ་འོས་ཆོས། ཀ༽རང་ལོ་

ཉེར་གཅིག་ཡན་ནས་ཞེ ་བདུན་ལས་མ་བརྒལ་

བ། ཁ༽ཁ་ལོ་བའི་ལག་འཁྱེར་ཚད་ལྡན་ཐོག་

ཉུང་མཐར་ལོ་གཉིས་ཀྱི་དུས་ཡུན་རིང་དེ་འབྲེལ་

ཉམས་མྱོང་ཡོད་པ། ག༽བོད་ཀྱི་ཡུལ་མི་ཡིན་པ།

ང༽ སྨན་ཁང་ངམ། ཁྲིམས་ཁང་ནས་རིག་འཚོ་མ་

ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།ཅ༽

གཞུང་འཛིན་ཁོངས་གཏོགས་དང་བཅས་པའི་ལས་

བྱེད་ནས་བྱས་ཉེས་ར་འཕྲོད་ཀྱིས་གནས་དབྱུང་

བྱས་པ་མ་ཡིན་པ་དང་། རང་བཞིན་གྱིས་བུད་པ་མ་

ཡིན་པ། ཆ༽ཁྲིམས་ཁང་ཚད་ལྡན་ནམ། ཁྲིམས་

ཞིབ་ཁང་གང་རུང་ནས་ནག་ཉེས་ཕོག་པ་མ་ཡིན་པ།

ཇ༽བུན་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ་དང་།

གཞུང་དངུལ་རྩིས་ཆད་འབུལ་བསྡད་ཡོད་པ་མ་ཡིན་

པ། ཉ༽བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་

གཞན་གྱི་ལས་དོན་དང་གོ་གནས་དངུལ་དངོས་ཀྱི་

ཁེ་ཕན་ཡོད་རིགས་མ་ཡིན་པ། ཏ༽བཙན་བྱོལ་བོད་

མིའི་དྭང་བླངས་དཔྱ་དངུལ་ལག་དེབ་མེད་པ་མ་ཡིན་

པ། ཐ༽སྲིད་དོན་ཚོགས་པ་གང་རུང་གི་ཚོགས་མི་

མ་ཡིན་པ། ད༽ཚོགས་དྲུང་ལས་ཁུངས་ནས་ངོ་སྤྲོད་

བྱས་པའི་སྨན་པའམ། སྨན་ཁང་ནས་གཅོང་ནད་དང་།

འགོས་ནད་རིགས་མེད་པ་དང་། གཟུགས་བབ་ལས་

འཕེར་ཡིན་པའི་སྨན་པའི་ལག་འཁྱེར་ཐོག་འདྲ་པར་

སྟེང་དག་མཆན་ཡོད་པ། ན༽ཤེས་ཚད་ལ་སོགས་

པའི་ལག་ཁྱེར་དང་། ངོས་སྦྱོར་ཇི་ཡོད་ལ་ཧེ་བག་

མེད་པའི་ཁུངས་སྐྱེལ་དཔང་རྟགས་ལག་འཁྱེར་ངོ་

བཤུས་ཁག་ལ་སྤྱི་འཐུས་དང་། ལས་བྱེད་ཟུང་དྲུང་

ཡན། ས་གནས་འགོ་འཛིན་བཅས་གང་རུང་ནས་དག་

མཆན་མཚན་རྟགས་ཞུས་ཏེ་འབུལ་དགོས། པ༽བྱ་

སྤྱོད་ཐལ་སྐྱོན་མེད་པའི་ཁུངས་སྐྱེལ་དུ་འབྲེལ་ཡོད་

ས་གནས་འགོ་འཛིན་ནས་ངོས་སྦྱོར་(Character

certificate) ཞུས་ཏེ་འབུལ་དགོས། ཕ༽ཡོངས་

ཁྱབ་གསལ་བསྒྲགས་ནང་གསལ་དགོས་ངེས་ཆ་

རྐྱེན་རྣམས་ངེས་པར་ཚང་དགོས་པ་ཡིན། བ༽འཚང་

སྙན་འགེངས་ཤོག་བོད་མི་མང་སྤྱི་འཐུས་ཚོགས་

དྲུང་ལས་ཁུངས་ནས་དང་། སྤྱི་ལྷན་དྲ་རྒྱ་ (www.

chithu.org)ནས་བཞེས་བཏོན་གནང་ན་ཡང་

འཐུས་རྒྱུ་བཅས།

གོང་གསལ་ཆ་རྐྱེན་རྣམས་ཚང་ཞིང་

ལས་བྱེད་ཁོངས་འཛུལ་ཞུགས་བྱ་བློ་ཡོད་རིགས་

ནས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༣༠ ནས་འགྱངས་

མེད་འཚང་སྙན་འབུལ་དགོས་དང་། ཡིག་རྒྱུགས་

དང་ངག་རྒྱུགས་སྐོར་རྗེས་སུ་གསལ་ཆ་ཡོང་རྒྱུར་

གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་ཞུ་དགོས་

བཅས་ཀྱི་གསལ་བསྒྲགས་སུ། ཚོགས་དྲུང་ལས་

ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༧ ལ།།

Scretary

Tibetan Parliament in Exile

Central Tibetan Administration

P.O Dharamsala-176215

Distt Kangra(H.P) Ph: 222481

Fax:224593

མཧཱ་གུ་རུའི་འབུམ་ཚོགས་དབུ་འཛུགས་གནང་བ།

འཕན་པོ་ལྷུན་གྲུབ་རྫོང་ཁོངས་སུ་ངོ་རྒོལ།༄༅། །འདི་གར་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་

༧ ཉིན་ཁུངས་ལྡན་གནས་ཚུལ་བཏང་གནས་

ནང་འཁོད་དོན་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་ ༤

པའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་

གཏོགས་སུ་ཡོད་པའི་འཕན་པོ་ལྷུན་ གྲུབ་

རྫོང་ཁོངས་ཕོད་མདོ་ས་གནས་ཁོངས་སུ་རྒྱ་

ནག་གཞུང་ནས་ཕྱི་ལོ་ ༡༩༩༨ ལོ་ཙམ་ནས་

གཏེར་ཁ་སྔོག་འདོན་བྱེད་འཆར་བྱས་ཡོད་པ་

མ་ཟད། ཉེ་ལམ་དངོས་སུ་གཏེར་ཁ་ཕོན་ཆེ་

རྙེད་སོན་གྱིས་སྔོག་འདོན་བྱ་རྒྱུར་ས་གནས་

མང་ཚོགས་ནས་བཀག་འགོག་མི་ཡོང་ཆེད་

རླངས་འཁོར་ཉོས་ཚེ་ལས་ཀ་སྤྲོད་རྒྱུ་ དང་

ལས་མེད་ཚོར་ལས་ཀ་སྤྲོད་རྒྱུའི ་གསལ་

བཤད་བྱས་ཡོད་ཀྱང་། གཏེར་ཁ་ཤུགས་ཆེ་

དངོས་སུ་འདོན་འགོ་ཚུགས་སྐབས་ས་གནས་

མང་ཚོགས་ལ་ལས་ཀ་སྤྲད་མེད་པ་མ་ཟད།

དེ་ལས་ལྡོག་སྟེ་ས་གནས་ཀྱི་ཤིང་སྣའི་རིགས་

དང་། སྤང་རི། འཐུང་ཆུ་སོགས་ལ་གནོད་སྐྱོན་

ཚབས་ཆེ་ཡོང་གི་ཡོད་པར་བརྟེན། གཏེར་

ཁ་སྔོག་འདོན་བྱེད་རྒྱུ་མཚམས་འཇོག་ཡོང་

ཐབས་སུ་ས་གནས་འབྲེལ་ཡོད་ཚན་པར་རེ་

བ་བཏོན་ཡང་ཁས་ལེན་མ་བྱས་སྟབས། ཕྱི་ལོ་

༢༠༡༡ ཟླ་ ༤ པའི་ནང་ས་གནས་མང་ཚོགས་

ཁག་གཅིག་མ་གྲོས་བསམ་པ་གཅིག་མཐུན་

གྱིས་དངོས་སུ་གཏེར་ཁ་སྔོག་ཡུལ་དུ་བསྐྱོད་

དེ ་གཏེར་ཁ་སྔོག་འདོན་བྱེད་རྒྱུ་མཚམས་

འཇོག་དགོས་པའི་ངོ་རྒོལ་སྐད་འབོད་བྱས་

རྐྱེན་ས་གནས་དེ་གའི་ཡུལ་མི་རང་ལོ་ ༣༠

ལྷག་སོན་པའི་ངག་དབང་ཡེ་ཤེས་དང། པདྨ་

རྒྱལ་པོ། སྤེན་པ་རྒྱལ་མཚན། ཆོས་ཉིད་

འོད་ཟེར་བཅས་འཕྲལ་མར་འཛིན་བཟུང་བྱས་

ཡོད་པ་མ་ཟད། དེ་དག་ཁྲོད་ནས་སྤེན་པ་

རྒྱལ་མཚན་ལ་ཉེས་རྡུང་ཚབས་ཆེ་བཏང་ཡོད་

འདུག་པ་དང། ད་བར་མི་སྣ་བཞི་པོ་བཙན་

འཁྲིད་བྱས་ཏེ་ཟླ་བ་གཉིས་ལྷག་སོང་ཡོད་ཀྱང་

མི་སྣ་དེ་དག་རྫོང་དང་ལྷ་ས་ཁུལ་བཙོན་ཁང་

ཡོད་ཚད་དུ་རྩད་གཅོད་བྱས་ཀྱང་གར་ཡོད་

ཤེས་རྟོགས་མེད་པར་གྱུར་ཡོད། རྫོང་འབྲེལ་

ཡོད་ལས་ཁུངས་ནས་ཀྱང་ཁོང་རྣམས་གང་དུ་

ཡོད་མེད་དང་ད་ལྟའི་གནས་སྟངས་གང་འདྲ་

ཡིན་མིན་སྐོར་ལ་ནང་མིར་འགྲེལ་བཤད་རྩ་བ་

ནས་བྱས་མེད།།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༧ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཐོག་ལོ་ལྟར་བོད་ཟླ་ ༥

ཚེས་ ༡༠ སྟབས་བསྟུན་མཧཱ་གུ་རུའི་འབུམ་ཚོགས་འབུམ་ཤོམ་ཞུ་མུས་བཞིན་ཉིན་ལྔའི་རིང་དབུ་འཛུགས་གནང་ཡོད།

དེ་ཉིན་སྔ་དྲོ་ཆུ་ཚོད་ ༦།༣༠ ཐོག་རྣམ་རྒྱལ་ཕན་བདེ་ལེགས་བཤད་གླིང་གི་དབུ་མཛད་དང་དགེ་འདུན་རྣམ་པས་དབུས་རྡ་སའི་ཁུལ་དུ་གནས་འཁོད་

རིས་མེད་ཆོས་སྡེ་ཁག་གི་དགེ་འདུན་སྔགས་གསུམ་དང་། གཞན་ཡང་གཉུག་མར་གནས་པ་དང་། གློ་བུར་ལྷགས་པའི་དགེ་བཙུན་སྔགས་གསུམ་མི་

མང་བཅས་ལྷན་འཛོམས་ཀྱིས་༸རྒྱལ་བའི་སྐུ་ཕྱྭ་དང་། བོད་དོན་བདེན་མཐའ་སེལ་ཐབས་སུ་དམིགས་ཏེ་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་སྒོ་ནས་

མཧཱ་གུ་རུའི་ཚོགས་མཆོད་འབུལ་ཤོམ་འབུམ་ཐེར་སྨིན་སྒྲུབ་ཞུ་རྒྱུར་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་བག་ལེབ། དགུང་ཚིགས་

དཀར་སྐྱོང་། སྐུ་འགྱེད་བཅས་འབུལ་ལམ་གྱིས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༧ ནས་ཚེས་ ༡༡ བར་ཉིན་གྲངས་ལྔའི་རིང་ཚོགས་མཆོད་འབུལ་ཤོམ་

གནང་འདུག་པ་བཅས།།

Page 4: bodmi 13th July 11

པར་ངོས་བཞི་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདུན་རེའི་ལས་རིམ་གསར་ཤོག བོད་ཟླ་ ༥ ཚེས་ ༡༣ ཕྱི་ཟླ་ ༧ ཚེས་ ༡༣

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེའི་སྐོར་བཀའ་སློབ་སྩལ་བ།༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༩ ཉིན་

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་གྲོས་ཚོགས་

ཀྱི་ནུབ་ཕྱོགས་ཚོགས་ཁང་ཆེན་མོའ་ིཐང་ཆེན་

(West Lawn of The Capitol)

སྟེང་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་ཡུལ་མི་

ཁྲི་ཕྲག་བརྒལ་བར་འཛམ་གླིང་ཞི་བདེའི་སྐོར་

ལམ་སྟོན་བཀའ་སློབ་སྩལ། དེ་ཡང་ཐོག་མར་

༸གོང་ས་མཆོག་གིས་ཝེ་རའི་ཛོན་ (Veri-

zon) ཚོགས་ཁང་དུ་ཆིབས་སྒྱུར་གྱིས་དུས་

འཁོར་དབང་ཆེན་གྱི་སྔོན་འགྲོའ་ིཆོ་ག་རྣམས་

ལེགས་པར་བསྐྱངས་རྗེས་ཀེ་པི་ཊོལ་ནུབ་ངོས་

ཀྱི་སྤང་ལྗོངས་སུ་ཆིབས་སྒྱུར་བསྐྱངས། མཛད་

སྒོའ་ིཐོག་མར་རྣམ་གྲྭ་དགེ་འདུན་རྣམས་ཀྱིས་

ཤིས་བརྗོད་བཏོན་རྗེས་རྒྱལ་སྤྱིའི་བོད་དོན་

ལས་འགུལ་ཁང་གི་ཚོགས་གཞོན་བུ་ཆུང་ཚེ་

རིང་ལགས་ནས་ངོ་སྤྲོད་གསུང་བཤད་གནང་

བ་དང་སྦྲགས་དུས་དབང་གོ་སྒྲིག་ཚོགས་ཆུང་

དང་ཝ་ཤིན་ཊོན་ས་གནས་བོད་རིགས་རྣམས་

ཀྱི་ཚབ་ཞུས་ཏེ་འབྲེལ་ཡོད་ཨ་རིའི ་གཞུང་

འབྲེལ་མི་སྣ་ཚོར་མཛད་སྒོ་གོ་སྒྲིག་ཞུ་རྒྱུའི་

ཆོག་མཆན་གནང་བར་ཐུགས་རྗེ་ཆེ་ཞུས། དེ་

ནས་རྡ་སར་རྟེན་གཞི་བྱས་པའི་དབུས་བོད་མིའི་

སྒྲིག་འཛུགས་ཀྱི་ཟློས་གར་ཚོགས་པས་གཞས་

སྣ་གཟིགས་འབུལ་ཞུས་གྲུབ་བསྟུན། བརྙན་

འཕྲིན་འཁྲབ་མཁན་སྙན་གྲགས་ཅན་ལྕམ་ཝུ་

པི་གོལ་བྷག་ (Whoopi Goldberg)

ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་

བཤད་གནང་སྟེ་གཞས་མ་གྲགས་ཅན་སི་ཀེ་

ལར་གེ་རེ་(Skylar Grey) ལགས་མང་

ཚོགས་ལ་ངོ་སྤྲོད་གནང་བ་དང་སྦྲགས་ཁོ་མོས་

སྐབས་དེར་ཕ་ཡུལ་ཕྱོགས་སུ་བསྐྱོད་ཅེས་པའི་

རྐྱང་གཞས་གཟིགས་འབུལ་ཞུས། དེ་ནས་ལྷོ་

ཨ་ཕི་རི་ཀའི་ཡེ་ཤུའི་ཆོས་དཔོན་སྐུ་ཞབས་ཌེ་

སི་མོན་ཊུ་ཊུ་མཆོག་གིས་༸གོང་ས་༸སྐྱབས་

མགོན་ཆེན་པོ་མཆོག་དགུང་གྲངས་ ༧༦ ལ་

ཕེབས་པའི་སྐུའི་འཁྲུངས་སྐར་གྱི་འཚམས་

འཕྲིན་ཞིག་འབུལ་ལམ་ཞུས་པ་དེ་བཞིན་བརྙན་

དཔར་བརྒྱུད་མང་ཚོགས་ལ་བསྟན།

དེ་ནས་༸གོང་ས་༸སྐྱབས་མགོན་

ཆེན་པོ་མཆོག་གིས་དེར་འདུས་མི་མང་ཁྲི་ཕྲག་

བརྒལ་བ་རྣམས་ལ་འགྲོ་བ་མིའི་རིན་ཐང་དང་

ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་

དོན། ཆོས་ཁས་ལེན་མིན་ལ་མ་ལྟོས་པར་མི་

ཚང་མས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད་

ཀྱི་ཡོད། དེ་འདྲ་ཞིག་ཡོང་བར་ནང་སེམས་

ཀྱི་ཞི་བདེར་རག་ལུས་ཡོད། འཇིགས་སྣང་

དང་དོགས་པ། ཞེ་སྡང་སོགས་ཀྱིས་བསམ་བློ་

ཤུགས་ཆེན་པོ་ཡོད་ཚེ་མི་ཚེ་ལམ་ལྷོང་ལྡན་པ་

ཞིག་བསྐྱལ་མི་ཐུབ། དེར་བརྟེན་ཆོས་ལུགས་

ལ་གཞི་མ་བཅོལ་བར་ཆོས་ལུགས་རིས་མེད་

ཀྱི་ལམ་ནས་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུའི་

ནུས་པ་དང་གོ་སྐབས་ཧ་ཅང་མང་པོ་ཡོད། ང་

ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་

མིའི་ལུས་དང་སེམས་ཚོར། བསམ་བློ་སོགས་

ཡོད་པ་ཚང་མ་གཅིག་མཚུངས་ཤིག་ཆགས་

ཡོད། ང་ཚོ་ཚང་མ་ཨ་མ་ལས་སྐྱེས་ཙམ་ནས་

བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་གཅིག་མཚུངས་

སུ་ཡོད། ངོས་རང་ལ་ཆོས་ཕྱོགས་ཀྱི་ཉམས་

མྱོང་ཕྲན་བུ་ཡོད་པ་གཞིར་བཞག་ཐོག་ནས་

བརྗོད་ན་ཆོས་ལུགས་ཚང་མར་འགྲོ་བ་མིའི་

ནང་གི་རིན་ཐང་གོང་མཐོར་གཏོང་རྒྱུའི་ནུས་

པ་ཡོད། དེར་བརྟེན་ཆོས་ལུགས་ཚང་མ་ཕན་

ཚུན་མཐུན་སྒྲིལ་ཡོང་རྒྱུ་ཧ་ཅང་གལ་ཆེན་པོ་

ཆགས་ཡོད་ཅེས་སོགས་མགོན་པོ་གང་ཉིད་

མཆོག་གི་རླབས་ཆེན་མཛད་ཁུར་ཁག་གི་

བཀའ་སློབ་སྩལ་རྗེས་དྲ་རྒྱའི་ཐོག་ཕྲུ་གུ་ལོ་

༡༤ ཡིན་པ་ཞིག་གིས་ཞི་བདེ་ཇི་ལྟར་བསྐྲུན་

དགོས་རྒྱུའི་སྐོར་གྱི་དྲི་བ་ཕུལ་བར། ༸གོང་ས་

མཆོག་གིས་བཀའ་ལན་ཕེབས་དོན། གཞོན་

སྐྱེས་ཚོས་སེམས་བཟང་པོ་བྱེད་དགོས་པ་

ཡིན། དེ་དང་སྦྲགས་མི་གསོད་ཁྲག་སྦྱོར་གྱི་

རང་བཞིན་དུ་གྱུར་བའི་དུས་རབས་ ༢༠ ལོ་

རྒྱུས་ལ་ཕྱི ་མིག་བལྟས་ཏེ ་སྔོན་ཆད་རྒྱབ་

བསྐྱུར་དང་ཕྱིན་ཆད་སྤང་བླང་བྱེད་རྒྱུ་མ་ནོར་

བ་བྱེད་དགོས། དུས་རབས་ ༢༠ ནང་གི་མི་

རྣམས་རྫོགས་བཞིན་ཡོད་ན་གཞོན་སྐྱེས་དུས་

རབས་ ༢༡ པ་འདེི་ཞི་བདེ་དང་བདེ་སྐྱིད་ལྡན་

པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་གཞོན་སྐྱེས་

ཚོར་འགན་ཡོད་པ་དང་གཞོན་སྐྱེས་ཚོས་ཀླད་

པའི་ཤེས་ཚད་མཐོ་རུ་གཏོང་བ་དང་ཆབས་

ཅིག་བྱམས་བརྩེའི་བསམ་བློ་གོང་མཐོར་གཏོང་

རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་བཀའ་ལན་སྩལ།

ཡང་དྲི་བ་

འབུལ་མཁན་གཅིག་

གི ས ་ ༸ གོ ང ་ ས ་

མཆོག་གིས་བཙན་

བྱོལ་གྱི་གནས་བབ་

འོག་ད་ཕན་མི ་ལོ ་

༥༢ རིང་བཞུགས་

གནང་མཛད་ཡོད་

པའི་མཐར་བོད་དུ་

ཆིབས་སྒྱུར་བསྐྱང་

གནང ་ཐུབ ་རྒྱུའི ་

ཐུགས་རེ་མཛད་ཀྱི་

ཡོད་དམ་ཞུས་པར།

༸གོང་ས་༸སྐྱབས་

མགོན་ཆེན་པོ་མཆོག་གིས་བཀའ་ལན་ཕེབས་

དོན། བོད་ལ་ངེས་པར་དུ་ཕྱིར་ལོག་ཐུབ་རྒྱུའི་

རེ་བ་ཡོད། རྒྱུ་མཚན་གང་རེད་དམ་ཞུས་ན།

རྒྱ་ནག་ནང་ལ་འགྱུར་བ་ཏན་ཏན་འགྲོ་གི་ཡོད་

པ་རེད། ངའི་བསམ་པར་རྒྱ་ནག་ནང་མི་མང་

ཁྲོད་ལ་རང་དབང་དང་དམངས་གཙོ། ཁྲིམས་

ཀྱིས་སྐྱོང་བའི་ཆབ་སྲིད་ལམ་ལུགས་དགོས་

པའི་འབོད་སྒྲ་མང་དུ་མང་དུ་དང་ཤུགས་དྲག་

ཆེ་རུ་ཆེ་རུ་འགྲོ་གི་ཡོད། དེས་མ་ཟད་རྒྱ་ནག་

གི་སྲིད་བློན་ཝུན་ཅ་པོས་ཀྱང་ཉེ་བའི་དུས་སུ་

རྒྱ་ནག་ནང་ཆབ་སྲིད་བཅོས་བསྒྱུར་གཏོང་

དགོས་པའི་སྐུལ་མ་བཏང་ཡོད། དེར་བརྟེན་རྒྱ་

ནག་ནང་ལ་འགྱུར་བ་འགྲོ་བ་ནང་བཞིན་འཛམ་

གླིང་གི་ཁྱོན་ལའང་འགྱུར་བ་མུ་མཐུད་འགྲོ་གི་

ཡོད་ཙང་བོད་ཀྱི་གནད་དོན་ཐད་ལའང་འགྱུར་

བ་ཏན་ཏན་འགྲོ་གི་རེད། ཅེས་བཀའ་ལན་སྩལ་

ཡོད།།

བོད་དོན་དང་འབྲེལ་བའི་པར་རིགས་འགྲེམས་སྟོན་གནང་བ། ༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༧ ཉིན་རྒྱ་

གར་གྱི་རྒྱལ་ས་ལྡི་ལི་གསར་པའི་རྒྱལ་སྤྱིའི་

ཚོགས་ཁང་ཆེན་མོའ་ིནང་ལྡི་ལི་སྐུ་ཚབ་དོན་

ཁང་དང་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང། དེ་

བཞིན་སྡེ་ར་ལྡུན་དུ་གཞི་བྱས་པའི་སྲོང་བཙན་

དཔེ་མཛོད་ཁང་བཅས་ཚོགས་པ་གསུམ་གྱིས་

གོ་སྒྲིག་འོག་བོད་དོན་དང་འབྲེལ་བའི་དཔར་

རིགས་འགྲེམས་སྟོན་ཞིག་གོ་སྒྲིག་གནང་འདུག

པར་རིགས་འགྲེམས་སྟོན་དེ ་བཞིན་ཕྱི ་ལོ ་

༡ ༩ ༡ ༤

ལོ་ནས་ཕྱི་

ལོ་ ༡༩༥༨

ལོ འ ི ་

བར ་བོ ད ་

དམག་གི ་

དམག་སྤྱི ་

ཚ ་ རོ ང ་

མ ད འ ་

བཟང་དགྲ་

འ དུ ལ ་

མཆོག་དང་ཕ་རན་སིའི་པར་པ་ལྕམ་སྐུ་ཨེ་

ལེག་ཛན་ཌར་ཌེ་ཝི་ཌི་ནིལ་ (Alexandra

David Neel) ལགས་རྣམ་གཉིས་ཀྱིས་

བོད་མདོ་དབུས་ཁམས་གསུམ་གྱི་ནང་བརྒྱབ་

པའི་པར་རིགས་ཁག་གི་ཚན་པ་གཅིག་དང་།

དེ་བཞིན་པར་རིགས་ཚན་པ་གཉིས་པའི་ནང་

སྐུའི་གཅེན་པོ་བློ་བཟང་བསམ་གཏན་མཆོག་

གིས་ཕྱི་ལོ་ ༡༩༧༩ ལོར་བོད་ནང་སྐུ་ཚབ་

གཟིགས་སྐོར་ཐེངས་དང་པོ་ཕེབས་སྐབས་

བརྒྱབ་པའི་པར་རིགས་ཁག་གཅིག དཔར་

རིགས་ཚན་པ་གསུམ་པའི་ནང་ཕྱི་ལོ་ ༢༠༠༠

ལོ་ནས་ཕྱི་ལོ་ ༢༠༡༠ བར་བོད་ནང་ཡུལ་སྐོར་

སྤྲོ་འཆམ་པ་ཁག་གཅིག་གིས་བརྒྱབ་པའི་པར་

རིགས་ཚན་པ་བཅས་ཚན་པ་གསུམ་དུ་ཆ་

བགོས་ཀྱིས་འགྲེམས་སྟོན་གནང་འདུག

འགྲེམས་སྟོན་གྱི་དབུ་འབྱེད་དེ ་

བཞིན་ལྡི་ལི་སྐུ་ཚབ་དང་བཀའ་བློན་གཅིག་

ལྕོགས་བསྟན་པ་ཚེ་རིང་མཆོག་དང་རྒྱལ་སྤྱིའི་

ནང་སྙན་གྲགས་ཡོད་པའི་རྒྱ་གར་དཔར་པ་སྐུ་

ཞབས་ར་གུ་རའི་ (Raghu Rai) ལགས་

ཀྱིས་གནང་ཡོད། པར་རིགས་འགྲེམས་སྟོན་དེ་

ཕྱི་ཟླ་ ༧ ཚེས་ ༧ ནས་ཚེས་ ༡༤ བར་གནང་

རྒྱུ་ཡིན་འདུག་པ་བཅས།།

བོད་མི་རྩོམ་པ་པོ་ཞིག་འཛིན་བཟུང་བྱས་པ།༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཙེས་ ༥ ཉིན་བོད་མི་རྩོམ་པ་པོ་པདྨ་རིན་ཆེན་ནམ་སྨྱུག་མིང་དུ་དུག་

ཚེར་ཞེས་པ་བོད་ཁམས་དཀར་མཛེས་རྫོང་གི་བྲག་མགོ་མི་མང་བདེ་འཇགས་ལས་ཁུངས་ཟེར་

བས་འཛིན་བཟུང་གིས་ཉེས་རྡུང་

ཚད་མེད་བཏང་སྟེ་ས་གནས་སྨན་

ཁང་དུ་བསྐྱལ་དགོས་བྱུང་འདུག

པདྨ་རིན་ཆེན་གྱིས་འདི་ལོའ་ིཟླ་

འགོར། ལྟོས། ཞེས་པའི་དཔེ་དེབ་

གཅིག་བརྩམས་ཡོད་པ་དང་། དཔེ་

དེབ་དེའི་ནང་རྒྱ་ནག་གཞུང་གིས་

བོད་ནང་འཛིན་པའི་སྲིད་བྱུས་དེར་

སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་མ་

ཟད། ལྷག་པར་ཕྱི་ལོ་ ༢༠༠༨ ལོར་

བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས་བོད་མི་ཞི་རྒོལ་བ་ཚོར་མི་སྤྱོད་ལས་འདས་པའི་དྲག་གནོན་

ཚབས་ཆེན་བྱས་སྐོར་དང་བོད་མི་དེ་དག་གི་ཁྲོད་འགའ་ཤས་ལ་དྲི་བ་དྲིས་ལན་བྱས་པ་རྣམས་བྲིས་

ཡོད། ཕྱི་ལོ་ ༢༠༡༠ ལོར་བོད་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཕོག་རྗེས་རྒྱ་ནག་གཞུང་

ནས་ས་གནས་བོད་མིར་ངལ་སེལ་རོགས་སྐྱོབས་ཀྱི་ལས་གཞི་ཁ་ཞེ་གཉིས་མེད་བྱས་མེད་སྐོར་

སོགས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད། འོན་ཀྱང་དཀར་མཛེས་རྫོང་གི་བྲག་མགོ་མི་མང་བདེ་

འཇགས་ལས་ཁུངས་ཟེར་བས་མི་རིགས་འཁོན་དཀྲུག་བཟོ་གཞིར་ཁ་གཡར་ཏེ་ཁོང་འཛིན་བཟུང་

བྱས་ཡོད། ད་བར་ཁོང་གི་དཔེ་དེབ་ ༢༠༠༠ ཙམ་བོད་ནང་འགྲེམས་ཟིན་ཡོད་འདུག་པ་བཅས།།


Top Related