guru tenkye choekey for tablet

1
༄༅། །ན་་་། ་ན་ན་་་གལ་འབས་་ན་བད་ལ། ག་མ་བས་་འག་བ་། ན་༔ མ་བ་གགས་འས་པ་༔ དན་མག་གམ་ག་རང་བན་ལ༔ བདག་དང་འག་ག་མས་ ཅན་མས༔ ང་བ་བར་་བ་་མ༔ མས་བད་། མས་བད་འག་བ་ནན་ན་༔ ་མ་ སངས་ས་བབས་ནས་༔ གང་ལ་གང་འལ་ན་ལས་ས༔ འག་བ་བལ་བར་དམ་བཅ༔ ཡན་ལག་བ་པ་། ་མ་་དམ་མཁའ་འག་གགས༔ ་་པ་གདན་ལ་བགས༔ ས་ངག་ད་ གམ་ས་ག་འཚལ༔ ་ནང་གསང་བ་མད་པ་འལ༔ ཉམས་ཆག་ག་བ་མལ་ང་ བཤགས༔ གསང་གས་བབ་ལ་ས་་རང༔ ན་གལ་གསང་གས་ས་འར་བར༔ ་ངན་ ་འདའ་བགས་་གལ༔ ང་་མས་ཅན་ན་་བ༔ ན་བད་དས་། མན་ག་ནམ་མཁར་ ད་་ང༔ ང་་པ་་་ང༔ ་གམ་ལ་བ་འས་པ་དས༔ ་བ་་མ་པ་འང༔ དཀར་དམར་མདངས་ན་་་ཉམས༔ པད་་གསང་ད་ས་ས་དང༔ ཟ་ག་ར་ག་བད་པར་ གལ༔ ག་གཡས་་་་དང༔ གན་པས་བྷ་་མ་བམས༔ ་་གན་ན་ཁ་་འཆང༔ ་་ལ་ང་དང་བཅས་༔ ་གང་གས་་དལ་འར་ལས༔ ་གམ་ས་ང་རབ་ འམས་ནན༔ འ་འ་གཟ་ན་ལམ་་བ༔ མན་གམ་བན་་བགས་པར་ར༔ ས་གསལ་ བཏབ་ལ། གལ་འབས་་བན་མ་དང་བསམ་པ་ན་བ་མ། གཞན་ཡང་ག་བན་གལ་འབས་དང། བར་ཆད་ ལམ་ལ་གས་གར་ཁ་་་ལས་ང་བ་དང་། དམ་པ་ང་མ་་་གང་གས་ན་བས་ཅན་ག་གལ་འབས་ གང་གས་ས་ས་གང་གས་ག་ས་། ་ཙམ་་ས་ན་་མ་་གམ་དང་། བསམ་པ་ན་བ་་ནས་ང་ག གང་ར་ཡང་མག་་གས་དད་བལ་བ་ར་བ་་་བས་པ་་ས་ས་མཐར། ་མ་གནས་གམ་འ་ གམ་ལས༔ ད་ར་མ་དང་གག་ཆར་འས༔ བདག་་གནས་གམ་ཐམ་པ་ས༔ དབང་ བ་བ་ང་བ་བ་དག༔ ལམ་བ་མ་པ་ད་་ར༔ མཐར་་རང་ཐམ་དར་ད་ངང༔ འདས་ས་་རང་ཞལ་བ༔ ད་བ་འ་ས་ར་་བདག །་ན་་མ་འབ་ར་ནས། །འག་ བ་གག་ང་མ་ས་པ། །་ས་ས་ལ་འད་པར་ག། །ས་གས་བ་ན་གས་ས་གདབ་། །ས་ པའང་ལ་པའ་གར་ན་མག་ར་བ་ན་ང་པ་གས་དམ་ཞལ་འན་་འ་ར་ས་ས་བཀའ་ལ་བར། མ་ ས་་མ་དས་པ་འབངས་མན་བ་དབང་་པ་ག་གསལ་མ་གས་ང་པ་ས་ས་པ་ད་གས་་ར་ ག། །།

Upload: neilnature

Post on 14-Jul-2016

30 views

Category:

Documents


18 download

DESCRIPTION

guru rinpoche

TRANSCRIPT

  • ༄༅། །ན་མོ་གུ་རུ། ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་སྤྱིའི་རྟེན་བསྐྱེད་་ལ། ཐོག་མ་སྐྱབས་སུ་འགྲོ་བ་ནི། ན་མོ༔ བླ་མ་བདེ་་གཤེགས་འདུས་པའི་་སྐུ༔ དཀོན་་མཆོག་གསུམ་གྱི་རང་་བཞིན་་ལ༔ བདག་དང་་འགྲོ་དྲུག་སེམས་ཅན་་རྣམས༔ བྱང་་ཆུབ་བར་་དུ་སྐྱབ་སུ་མཆི༔ སེམས་བསྐྱེད་་ནི། སེམས་བསྐྱེད་་འགྲོ་བ་་ནན་་དོན་་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་་ལ་གང་་འདུལ་ཕྲིན་་ལས་ཀྱིས༔ འགྲོ་བ་བསྒྲལ་བར་་དམ་བཅའོ༔ ཡན་ལག་བཅུ་པ་ནི། བླ་མ་ཡི་དམ་མཁའ་་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབ་ལ་རྗེས་རི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ རྟེན་བསྐྱེད་དངོས་ནི།་མདུན་གྱི་ནམ་མཁར་འོད་ལྔའི་ཀློང༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ སྐུ་གསུམ་རྒྱལ་བ་འདུས་པའི་དངོས༔ རྩ་བའི་བླ་མ་པདྨ་འབྱུང༔ དཀར་དམར་མདངས་ལྡན་ཞི་ཁྲོའི་ཉམས༔ པད་ཞྭ་གསང་ཕོད་་ཆོས་གོས་དང༔ ཟ་འོག་བེར་སྨུག་བརྗིད་པར་གསོལ༔ ཕྱག་གཡས་རྡོ་རྗེ་ལྔ་དང༔ གཡོན་པས་བྷནྡྷ་ཚེ་བུམ་བསྣམས༔ གྲུ་མོ་གཡོན་ན་ཁ་ཏྭཾ་འཆང༔ རྡོ་རྗེའི་སྐྱིལ་ཀྲུང་དང་བཅས་ཏེ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལས༔ རྩ་གསུམ་ཆོས་སྲུང་རབ་འབྱམས་ནན༔ འཕྲོ་འདུའི་གཟྱི་བྱིན་ལམ་མེ་བ༔ མངོན་གསུམ་བཞིན་དུ་བཞུགས་པར་གྱུར༔ ཅེས་གསལ་བཏབ་ལ། གསོལ་འདེབས་ལེའུ་བདུན་མ་དང་བསམ་པ་ལྷུན་གྲུབ་མ། གཞན་ཡང་ཚིག་བདུན་གསོལ་འདེབས་དང། བར་ཆད་ལམ་སེལ་སོགས་གཏེར་ཁ་སྔ་ཕྱི་ལས་བྱུང་བ་དང་། དམ་པ་གོང་མའི་རྡོ་རྗེ་གསུང་ཚོགས་བྱིན་རླབས་ཅན་གྱི་གསོལ་འདེབས་གང་རིགས་མོས་གུས་གདུང་ཤུགས་དྲག་པོས་བྱ། དེ་ཙམ་མི་ནུས་ན་བླ་མ་སྐུ་གསུམ་དང་། བསམ་པ་ལྷུན་གྲུབ་ཁོ་ནས་ཀྱང་ཆོག གང་ལྟར་ཡང་་མགག་་་ཐུགས་དད་བསྐུལ་བའི་ཕྱིར་བཛྲ་གུ་རུའི་བཟླས་པ་ཅི་ནུས་བྱས་མཐར། བླ་མའི་གནས་གསུམ་འབྲུ་གསུམ་ལས༔ འོད་ཟེར་རིམ་དང་གཅིག་ཆར་འཕྲོས༔ བདག་གི་གནས་གསུམ་ཐྱིམ་པ་ཡིས༔ དབང་་བཞིའི་ཐོབ་ཅིང་སྒྲིབ་བཞི་དག༔ ལམ་བཞི་སྒོམ་པའི་སྣོད་དུ་གྱུར༔ མཐར་ནི་རང་ཐྱིམ་དབྱེར་མེད་ངང༔ བློ་འདས་ཆོས་སྐུའི་རང་ཞལ་བལྟ༔ དགེ་བ་འདི་ཡིས་མྱུར་དུ་བདག །ཨོ་རྒྱན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡིས་ས་ལ་འགོད་པར་ཤོག། །ཅེས་སོགས་བསྔོ་སྨོན་གྱིས་རྒྱས་གདབ་བོ། །ཞེས་པའང་་སྤྲུལ་པའྱི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་ཐུགས་དམ་ཞལ་འདོན་དུ་འདི་ལྟར་བྲིས་ཞེས་བཀའ་སྩལ་བལྟར། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་པདྨ་འོག་གསལ་མདོ་སྔགས་གླིང་པའི་སྡེས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།