press release for international conference on cosmology and consciousness

3
༢༠༡༡ འཇག་ན་ཁམས་་རག་པ་དང་ མ་པར་ཤས་པ། གསར་འགད་གསལ་བགས། བད་གཞ། འཇག་ན་ཁམས་་རག་པ་དང་མ་པར་ཤས་པ། ་ཚས། ་ལ་ ༢༠༡༡ ་ ༡༢ ཚས་ ༡༠། ་འདའ་ནང་བགས་ར་་རམ་ས་ལར་ལ་འ་ཚན་རག་པ་གས་ཅན་འགའ་དང་ནང་པའ་་བ་་བ་ ར་ཞག་ན་འཛམས་གནང་ཏ་ཚགས་འའ་ཐག་་བ་་མ་དང་། ང་གཞན་་ཚ་ག་ད་མན་ར། མ་ ཤས་་རང་བཞན་སགས་ཤས་འདད་ཆ་བའ་་བ་ཁག་གཅག་ག་ཐག་བ་ང་་་ཡན། འཇག་ན་ཁམས་་རག་པ་དང་མ་པར་ཤས་པ་ཞས་པའ་བད་གཞའ་ཐག་ནང་པའ་མཁས་པ་དང་ཚན་རག་ པ་མས་ས་བམ་ཤས་ཐག་ལ་ཉན་གམ་རང་བ་ང་གནང་བ་བད་སམས་དན་རག་པའ་རན་ཐང་དང་ ཚན་རག་ག་ཞབ་དད་གཉས་་ལ་མད་གང་འཕལ་ཡང་རར་དམགས་ཡད།

Upload: tenzin-migmar

Post on 09-Mar-2016

234 views

Category:

Documents


8 download

DESCRIPTION

Press release for International conference on Cosmology and Consciousness in Tibetan

TRANSCRIPT

༢༠༡༡

འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པ།

གསར་འགོད་གསལ་བསྒྲགས།

བརྗོད་གཞི། འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པ།

ཟླ་ཚེས། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༠།

ཟླ་འདིའི་ནང་བཞུགས་སྒར་དྷ་རམ་ས་ལར་རྒྱལ་སྤྱིའི་ཚན་རིག་པ་གྲགས་ཅན་འགའ་དང་ནང་པའི་ལྟ་གྲུབ་སྨྲ་བ་སྐོར་ཞིག་ལྷན་འཛོམས་གནང་ཏེ་ཚོགས་འདུའི་ཐོག་སྐྱེ་བ་ཕྱི་མ་དང་། གླིང་གཞན་དུ་ཚེ་སྲོག་སྲིད་མིན་སྐོར། རྣམ་ཤེས་ཀྱི་རང་བཞིན་སོགས་ཤེས་འདོད་ཆེ་བའི་དྲི་བ་ཁག་གཅིག་གི་ཐོག་བགྲོ་གླེང་བྱ་རྒྱུ་ཡིན།

འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པ་ཞེས་པའི་བརྗོད་གཞིའི་ཐོག་ནང་པའི་མཁས་པ་དང་ཚན་རིག་པ་རྣམས་ཀྱིས་བེམ་ཤེས་ཐོག་ལ་ཉིན་གསུམ་རིང་བགྲོ་གླེང་གནང་བ་བརྒྱུད་སེམས་དོན་རིག་པའི་རིན་ཐང་དང་ཚན་རིག་གི་ཞིབ་དཔྱོད་གཉིས་ཀྱི་སྦྲེལ་མཐུད་གོང་འཕེལ་ཡོང་རེར་དམིགས་ཡོད།

ཚོགས་འདུའི་སྐབས་རྒྱ་གར་དང་ནུབ་ཕྱོགས་ཀྱི་ཚན་རིག་པ། ནང་ཆོས་ལ་མཁས་པའི་བོད་ཀྱི་དགེ་འདུན་པ་བསླབ་པ་རྒན་པ་ཁག་གཅིག་ནས་གསུང་བཤད་གནང་རྒྱུ་དང་། ཚོགས་འདུ་འདིའང་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་དགེ་འདུན་པའི་ཆེད་ཀྱི་ཚན་རིག་ལས་འཆར་དེའི་གསར་གཏོད་ཅིག་ཡིན་པ་དང་། གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་མར་སྐུལ་ལྕག་གནང་བ་ལ་བརྟེན་ནས་ཕྱི་ལོ་ ༢༠༠༡ ནས་བཟུང་བོད་ཀྱི་གྲྭ་བཙུན་རྣམས་ལ་ཚན་རིག་སློབ་ཁྲིད་བྱས་དང་བྱེད་མུས་ཡིན། ཚོགས་འདུའི་ཐུན་ཚོགས་ཁྲོད་བོད་ཀྱི་དཔེ་མཛོད་ཁང་། བཤམ་མཛོད་ཁང་། (Exploratorium) བཤམ་མཛོད་ཁང་འདི་ནི་ཨ་རིའི་སན་ཕྷ་རན་སི་སེ་ཁོར་རྟེན་གཞི་བྱས་པའི་ཚན་རིག་དང་སྒྱུ་རྩལ་འགྲོ་བ་མིའི་ཡུལ་འཛིན་སྟངས་བཅས་ཀྱི་འགྲེམས་སྟོན་ཁང་ཞིག་ཡིན། ལས་འཆར་འདི་བཞིན་འཇོན་ཊེམ་པལ་ཊོན་ཐེབས་རྩ་དང་ད་ཡོད་ཨ་རིའི་སེ་སྒར་ཁྱིམ་ཚང་ཐེབས་རྩའི་རོགས་སྐྱོར་ལ་བརྟེན་ནས་མངོན་འགྱུར་བྱུང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། སྤྱིར་བོད་མི་རྣམས་དང་ཡང་སྒོས་བོད་པའི་གྲྭ་བཙུན་རྣམས་ཀྱིས་དེང་དུས་ཀྱི་ཚན་རིག་ལ་སློབ་པ་ཙམ་མིན་པར་དེ་ལ་བྱང་ཆུབ་པ་བྱ་རྒྱུར་དུས་ཚོད་དགོས་པ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཡིན་པ་གསུངས་ཡོད། བོད་ཀྱི་དགོན་སྡེའི་ཤེས་ཡོན་དང་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཁྲོད་གྲྭ་བཙུན་གྱིས་དེང་དུས་ཚན་རིག་སློབ་གཉེར་བྱེད་པ་ནི་ལོ་རྒྱུས་རང་བཞིན་ཅན་གྱི་གོམ་པ་གསར་པ་ཞིག་ཡིན། སྲོལ་རྒྱུན་གྱི་ལྟ་གྲུབ་དང་དེང་དུས་ཀྱི་ཚན་རིག་ལ་སྦྱངས་པ་མཐར་ཕྱིན་པ་བྱས་ཏེ། གྲྭ་བཙུན་རྣམས་ཀྱིས་སྐྱེ་བོ་ཀུན་གྱི་ལུས་སེམས་ཀྱི་བདེ་ཐང་གོང་འཕེལ་ཡོང་བར་མངོན་གསལ་དོད་པོའ་ིལེགས་སྐྱེས་ཤིག་འབུལ་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་རེ་བ་ཡིན། ཐེངས་འདིའི་ཚོགས་འདུ་ནི་ཕྱི་ལོ་ ༢༠༡༡ ལོའ་ིཟླ་ ༡༢ ཚེས་ ༡༦ ནས་ ༡༨ བར་ཉིན་གྲངས་གསུམ་རིང་སྔ་དྲོ་ཚོུད་ ༩ ནས་ཕྱི་དྲོ་ཚོུད་ ༥ བར་དྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་འཚོགས་རྒྱུ་ཡིན།

བགྲོ་གླེང་སྐབས་འཇིག་རྟེན་ཁམས་ནང་ཚེ་སྲོག་དང་རྣམ་ཤེས་ཞེས་པ་དང་། སེམས་ཀྱི་རང་བཞིན་དང་རྣམ་ཤེས། ཤེས་བྱ་དང་ཤེས་རྟོགས་ཀྱི་ཚད་གཞི། སེམས་དང་། རང་རིག སྤྱོད་ལམ། འགྲོ་བ་མིའི་རིགས་ལ་ཞབས་འདེགས་སྒྲུབ་པ་བཅས་ཀྱི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་ཅིང་། མཉམ་ཞུགས་བྱེད་པོ་རྣམས་ཀྱིས་ཚན་རིག་དང་སེམས་དོན་རིག་པའི་སྦྲེལ་མཚམས་འདིར་བརྟག་དཔྱད་ཀྱི་གནས་བབས་གོང་མཐོར་ཇི་ལྟར་གཏོང་ཕྱོགས་སྐོར་གོ་བསྡུར་བྱ་རྒྱུ་ཡིན། ཚན་རིག་དང་། སྒྱུ་རྩལ། འགྲོ་བ་མིའི་འཛིན་སྟངས་བཅས་ཀྱི་སླད་དུ་བསྔོས་པའི་འགྲེམས་སྟོན་ཁང་ཞིག་ཡིན་པའི་ཆ་ནས། བཤམ་མཛོད་ཁང་ལ་དོན་གཉེར་བྱ་རྒྱུའི་དམིགས་ཡུལ་ཆེན་པོ་ཡོད་ཅེས་བཤམ་མཛོད་ཁང་གི་ཚན་རིག་པ་རྒན་གྲས་འབུམ་རམས་པ་པཱོལ་ ཌོ་ཧར་ཊི་(Dr. Paul Doherty) ལགས་ཀྱིས་དེ་ལྟར་བརྗོད་ཡོད། ཁོང་གིས་ཚན་རིག་གི་ས་མཚམས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་ཅིག་གནང་རྒྱུ་དང་། ཚོགས་འདུ་འདིར་སྲོལ་རྒྱུན་མི་གཅིག་པའི་སློབ་གཉེར་ཁང་འདྲ་མིན་ནས་མཉམ་ཞུགས་པ་མང་པོ་འདུ་འཛོམས་ཀྱི་ཐོག་ནས་ཕྱོགས་གཉིས་ཀས་ད་ལྟ་ལོངས་སུ་སྤྱོད་བཞིན་པའི་འཛམ་གླིང་འདི་འགྲེལ་བརྗོད་བྱ་རྒྱུའི་ཐབས་ལམ་གོང་མཐོར་གཏོང་ཕྱིར་ལྟ་ཚུལ་འདྲ་མིན་གྱི་ཐོག་ནས་བསམ་ཞིབ་དང་དོགས་གཅོད་བྱ་རྒྱུ་ཡིན། ཚོགས་འདུའི་ཁྲོད་སྔོན་ཆད་བྱུང་མྱོང་མེད་པའི་ཐབས་ལམ་ཞིག་གི་ཐོག་ནས་དགེ་འདུན་པས་འདུས་ཚོགས་སུ་བགྲོ་གླེང་འགོ་འཛུགས་རྒྱུ་མ་ཟད་གསུང་བཤད་གནང་མཁན་དགོན་སྡེ་ཁག་མི་འདྲ་བ་བཅུ་གསུམ་ནས་བོད་ཀྱི་མཁས་དབང་བཅོ་བརྒྱད་ནས་བཞུགས་མོལ་བཀའ་བསྡུར་དབུ་འཁྲིད་མཛད་རྒྱུ་དང་

ཚན་རིག་པ་དང་ལྷན་དུ་བགྲོ་གླེང་ཐེངས་དང་པོ་གནང་རྒྱུ་ཡིན། ཚོགས་འདུའི་སྔོན་དུ་གཟའ་འཁོར་བཞིའི་རིང་ཟབ་སྦྱོང་གནང་དགོས་པའི་དམིགས་ཡུལ་ཡང་མཁས་དབང་དེ་དག་དེང་དུས་ཀྱི་ཚན་རིག་ལ་འཇུག་རྒྱུའི་དམིགས་ཡུལ་བཟུང་ཡོད། དགེ་འདུན་པའི་ཆེད་ཀྱི་ཚན་རིག་ལས་འཆར་འགན་འཛིན་དང་བཤམ་མཛོད་ཁང་(Explorato-rium)གི་ཚན་རིག་ལས་བྱེད་པ་འབུམ་རམས་པ་འབེ་རེ་སེ་ ཨི་ འཇོན་སུན་(Dr. Bryce E. Johnson)ལགས་ཀྱིས། འདས་པའི་མི་ལོ་བཅུའི་རིང་། དགེ་འདུན་པའི་ཆེད་ཚན་རིག་ལས་འཆར་གྱིས་འདེམས་སྒྲུབ་བྱས་པའི་དགོན་སྡེ་ཁག་གི་བོད་པའི་མཁས་དབང་རུ་རྣམས་ལ་ཚན་རིག་གི་ཤེས་བྱ་སྤེལ་བ་དང་དགེ་འདུན་གྱི་སྤྱི་ཚོགས་ནང་ནང་ཚན་རིག་སྣེ་ཁྲིད་ཀྱི་གནས་བབས་ཡར་རྒྱས་གཏོང་ཐུབ་པ་བྱུང་ཡོད་ཅེས་གསུངས་ཡོད། ད་བར་ཟབ་སྦྱོངས་ཐེངས་ ༡༥ རིང་གྲྭ་བཙུན་རྣམས་ཀྱིས་བེམ་པོའ་ིརང་བཞིན་དང་སེམས་ཀྱི་ཐོག་ཚན་རིག་གི་ཐོག་ནས་དྲི་རྩད་ལ་ཞུགས་པ་དང་། ཚོགས་འདུ་འདི་བརྒྱུད་ནས་ཚན་རིག་པ་དང་བོད་པའི་མཁས་དབང་དབར་ལ་བསམ་ཚུལ་བརྗེ་ལེན་དང་འབྲེལ་ལམ་གསར་གཏོད་ཀྱི་གོ་སྐབས་གསར་པ་ཞིག་སྐྲུན་གྱི་ཡོད། ནང་ཆོས་དང་དེང་དུས་ཚན་རིག་དབར་གྱི་བགྲོ་གླེང་ལ་རྒྱབ་སྐྱོར་དང་འཕེལ་རྒྱས་སླད་དུ་ཚོགས་འདུ་དང་ཟབ་སྦྱོང་འདི་དག་ནས་དགེ་འདུན་པ་རྣམས་ལ་མཐུན་ཕྱོགས་ཀྱི་གནས་བབས་ཤིག་སྐྲུན་གྱི་ཡོད། ཚོགས་འདུ་འདི་བཞིན་བོད་ཀྱི་དཔེ་མཛོད་ཁང་གིས་སྣེ་འཁྲིད་པའི་ལས་གཞིའི་མ་ལག་གི་ཆ་ཤས་ཤིག་ཡིན། དེའི་ནང་སེ་སྒར་ཚན་རིག་སྣེ་ཁྲིད་ཤེས་ཡོན་བསྟི་གནས་ཁང་དང་། བོད་ཀྱི་དཔེ་མཛོད་ཁང་དང་ཨེ་མོ་རི་གཙུག་ལག་སློབ་གྲྭའི་དབར་ཨེ་མོ་རི་དང་བོད་ཀྱི་ཚན་རིག་སྣེ་ཁྲིད་ཐུན་ཚོགས་བཅས་གཏོགས་ཡོད།

ཚོགས་འདུའི་ཐོག་གསུང་བཤད་གནང་མཁན་གྱི་མཚན་གཞུང་། རྒྱ་གར་བ། རྒྱ་གར་རྣམ་གྲངས་རིག་པའི་ཤེས་ཡོན་བསྟི་གནས་ཁང་གི་འབུམ་རམས་པ་སི་སེར་ རོའེ་(Sisir Roy)ལགས།བོད་རིགས། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་བྱང་ཆུབ་ཆོས་ལྡན་ལགས།ཨེ་མོ་རི་གཙུག་ལག་སློབ་གྲྭའི་དགེ་བཤེས་བློ་བཟང་བསྟན་འཛིན་ལགས།སེར་བྱེས་གྲྭ་ཚང་གི་དགེ་བཤེས་ཉི་མ་བཀྲ་ཤིས་ལགས།བོད་གཞུང་སྨན་རྩིས་ཁང་གི་སྨན་པ་པདྨ་རྡོ་རྗེ་ལགས།ཕྱི་རྒྱལ་བ། ལྦེར་ཇི་ནི་ཡའི་གཙུག་ལག་སློབ་གྲྭའི་འབུམ་རམས་པ་འབུ་རུ་སེ་ ལྒེ་རེའི་སན་(Bruce Greyson)ལགས། ཨེ་རི་ཛོ་ནའི་གཙུག་ལག་སློབ་གྲྭའི་འབུམ་རམས་པ་ཁེ་རེའེ་སེ་ ཨེམ་པི་(Chris Impey)ལགས། ཁེ་ལི་ཕོན་ནི་ཡ་གཙུག་ལག་སློབ་གྲྭའི་འབུམ་རམས་པ་ཌེ་ལྦི་ཌ་ པི་རི་ས་ཐི་(David Presti)ལགས།བཤམ་མཛོད་ཁང་གི་འབུམ་རམས་པ་པུལ་ ཌོ་ཧར་ཊི་(Paul Doherty)ལགས།

ཞིབ་ཕྲའི་གནས་ཚུལ་གཤམ་གསལ་ཁ་པར་ཨང་གྲངས་དང་གློག་འཕྲིན་བརྒྱུད་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ། འབུམ་རམས་པ་འབེ་རེ་སེ་ ཨི་ འཇོན་སུན་(Bryce E. Johnson)ལགས་༩༤༡༨༣༡༦༥༤༣ [email protected] ཉི་མ་རྒྱལ་མཚན་ལགས། ༩༨༠༥༢༩༢༩༩༦ [email protected]