ས་ནམ་རིག་འཕེལ། · 2019. 1. 23. ·...

4
ས་ནམ་ག་འལ། ་་༢༠༡༤ ་་ ༣ པ་དང་ ༤ པ། ན་མ་ ༦༤ པ། ག་ངས་ ༡/༤ ་་ ༢༠༡༤ ་་ ༤ པ་ས་ ༤ ་ མ་ཐང་ང་ཁག་ནང་་འག་ ་ནམ་དང་ཟ་ཆས་མས་ན་དབང་འན་ི་ག་ཚང་གསརཔ་་ ་་་ནམ་ དང་ནགས་ཚལ་ན་་ ་ས་་་མག་ས་འ་འད་མཛད་་དཔ་ ན། ན་་ས་གངས་་ནང་་ མ་ཐང་་ག་ཚང་་ འ་འད་ འབད་་དང་འལ་ འག་་ནམ་དང་ཟ་ཆས་མས་ན་དབང་འན་ིས་ ང་ བཅས་ར་ལ་ཁབ་་་ན་ན་ང་་ན་་ ད་ང་མ་ངས་གག་ གང་ཁར་་བ་གས་མཚན་བནམ་ནམ་མ་ཚད་ ག་ཚང་འ་ ག་ ཚང་ངམ་ག་ན་པར་ ང་བཅས་ར་ལ་ཁབ་་ ་ན་ན་ང་་ག་ ན་གག་ན་ར་གངས་། ་བམ་་རང་ ག་ཚང་་ མ་ཐང་ང་ ཁག་ངམ་ག་་ན་་ན་པར་ རང་བན་ར་ང་ན་ད་་ ག་ཚང་ ཁག་དང་ ང་བཅས་ར་ལ་ཁབ་་ན་་ གནམ་ད་ས་ད་ཁག་་ག་་ ན་ར་ན་པས། ད་ང་ ན་་ས་གངས་་ནང་ ག་ཚང་འ་ས་ ་ནམ་དང་ མཐའ་འར་གནས་ངས་ ་ལས་ ་་ག་བ་འད་བན་ ན་ང་་ན་་ མས་ན་ི་ཡན་ལག་་ ག་་གནང་་ ཟ་ཆས་ དང་ ་ན་ན་ང་མ་གས་ནང་་ ཕན་གས་ཅན་ི་ ཞབས་ག་ ་་་ད་ཐབས་དཔ་ག་ན་ར་གངས་པ་ཁར་ ག་ཚང་འ་་ ཁ་ག་ལས་ ག་་ག་་རང་གནང་ང་ མཐའ་མག་་ ང་བཅས་ར་ ལ་ཁབ་ནང་་ ་ནམ་ང་འལ་དང་ འག་པ་་་ཕན་བ་་་ ཕན་གས་མ་ང་ག་ལས་ ང་བཅས་ལ་ཁབ་་རང་དབང་རང་བཙན་ ང་བ་ན་་ཡང་ བ་ང་་ཕན་གས་མ་ད་ར་གངས་། ག་ཚང་འ་ས་ ང་བཅས་ར་ལ་ཁབ་ནང་་ངམ་ག་ན་ པར་ ལ་་གནས་ཚད་་ཡང་ཕན་གས་མ་ད་་་ ཡང་ བ་ེལ་མགས་ག་་འ་ ་ང་དང་ མས་ཅན་ི་ ནད་གས་ ་ལས་ འབ་་གས་་ ལ་་ང་འལ་དང་ ལ་འན་ལས་བན་ བ་ེལ་འ་་་ བཀག་ཐབས་་ན་ མཉམ་འལ་འབད་་་ལས་བན་ ཕན་གས་ངམ་ན་པས། མ་ཐང་ང་ཁག་ནང་་འག་་ནམ་དང་ཟ་ཆས་མས་ན་དབང་འན་ི་ག་ཚང་འ་འད་འབད་དཔ། ག་ཚང་འ་འད་་ན་་མར་ཆང་་ན་འལ་བ་ང་་བ་མང་ང་།

Upload: others

Post on 01-Jan-2021

2 views

Category:

Documents


0 download

TRANSCRIPT

Page 1: ས་ནམ་རིག་འཕེལ། · 2019. 1. 23. · ས་ནམ་རིག་འཕེལ། སྤྱི་ལོ་༢༠༡༤ སྤྱི་ཟླ་ ༣ པ་དང་

ས་ནམ་རིག་འཕེལ།སྤྱི་ལོ་༢༠༡༤ སྤྱི་ཟླ་ ༣ པ་དང་ ༤ པ།

ཐོན་རིམ་ ༦༤ པ། ཤོག་གྲངས་ ༡/༤

སྤྱི་ལོ་ ༢༠༡༤ སྤྱི་ཟླ་ ༤ པའི་ཚེས་ ༤ ལུ་ བུམ་ཐང་རྫོང་ཁག་ནང་ལུ་འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱི་ཡིག་ཚང་གསརཔ་དེ་ མི་རྗེ་སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་རྡོ་རྗེ་མཆོག་གིས་འགོ་འབྱེད་མཛད་དེ་ཡོདཔ་ཨིན། བློན་པོ་གིས་གསུངས་མི་ནང་ལུ་ བུམ་ཐང་གི་ཡིག་ཚང་དེ་ འགོ་འབྱེད་འབད་མི་དང་འབྲེལ་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱིས་ ང་བཅས་རའི་རྒྱལ་ཁབ་ཀྱི་སྐྱེ་ལྡན་ཉེན་སྲུང་གི་དོན་ལུ་ ད་རུང་གོམ་ཐེངས་གཅིག་གདོང་ཁར་སྤོ་བའི་རྟགས་མཚན་བཏོནམ་ཨིནམ་མ་ཚད་ ཡིག་ཚང་འདི་ ཡིག་ཚང་རྐྱངམ་ཅིག་མེན་པར་ ང་བཅས་རའི་རྒྱལ་ཁབ་ཀྱི་ སྐྱེ་ལྡན་ཉེན་སྲུང་གི་གཞི་རྟེན་གཅིག་ཨིན་ཟེར་གསུངས་ཡི། དེ་བཟུམ་སྦེ་རང་ ཡིག་ཚང་དེ་ བུམ་ཐང་རྫོང་ཁག་རྐྱངམ་ཅིག་གི་དོན་ལུ་མེན་པར་ རང་བཞིན་སླར་བྱུང་ཐོན་སྐྱེད་ཀྱི་ ཡིག་ཚང་ཁག་དང་ ང་བཅས་རའི་རྒྱལ་ཁབ་ཀྱི་དོན་ལུ་ གནམ་མེད་ས་མེད་ཁག་ཆེ་ཏོག་ཏོ་ཨིན་ཟེར་ཨིན་པས། ད་རུང་ བློན་པོ་གིས་གསུངས་མི་ནང་ ཡིག་ཚང་འདི་གིས་ སོ་ནམ་དང་ མཐའ་འཁོར་གནས་སྟངས་ དེ་ལས་ མི་སྡེའི་གསོ་བའི་འཕྲོད་བསྟེན་ཉེན་སྲུང་གི་དོན་ལུ་ ཁྲིམས་དོན་གྱི་ཡན་ལག་སྦེ་ ཕྱག་ལཱ་གནང་སྟེ་ ཟ་ཆས་

དང་ སྐྱེ་ལྡན་ཉེན་སྲུང་རིམ་ལུགས་ནང་ལུ་ ཕན་ཐོགས་ཅན་གྱི་ ཞབས་ཏོག་ཞུ་ནི་ལུ་མེད་ཐབས་མེདཔ་ཅིག་ཨིན་ཟེར་གསུངས་པའི་ཁར་ ཡིག་ཚང་འདི་གི་ཁ་ཐུག་ལས་ ཕྱག་ལཱ་ག་ཅི་རང་གནང་རུང་ མཐའ་མཇུག་ལུ་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ སོ་ནམ་གོང་འཕེལ་དང་ འབྲུག་པའི་མི་སྡེའི་ཕན་བདེ་ཚུ་ལུ་ ཕན་ཐོགས་སྦོམ་བྱུང་ཐོག་ལས་ ང་བཅས་རྒྱལ་ཁབ་ཀྱི་རང་དབང་རང་བཙན་ སྲུང་སྐྱོབ་དོན་ལུ་ཡང་ རྒྱབ་སྲུང་གི་ཕན་ཐོགས་སྦོམ་ཡོད་ཟེར་གསུངས་ཡི། ཡིག་ཚང་འདི་གིས་ ང་བཅས་རའི་རྒྱལ་ཁབ་ནང་ལུ་རྐྱངམ་ཅིག་མེན་པར་ རྒྱལ་སྤྱིའི་གནས་ཚད་ལུ་ཡང་ཕན་ཐོགས་སྦོམ་ཡོད་མི་དེ་ ཡང་ ཁྱབ་སྤེལ་མགྱོགས་དྲག་སྦེ་འགྱོ་མི སྔོ་ཤིང་དང་ སེམས་ཅན་གྱི་ནད་རིགས་ དེ་ལས་ འབུབ་ཀྱི་རིགས་ཚུ་ རྒྱལ་སྤྱིའི་ཚོང་འབྲེལ་དང་སྐྱེལ་འདྲེན་ལས་བརྟེན་ ཁྱབ་སྤེལ་འགྱོ་མི་ཚུ་ བཀག་ཐབས་ཀྱི་དོན་ལུ་ མཉམ་འབྲེལ་འབད་མི་ཚུ་ལས་བརྟེན་ ཕན་ཐོགས་བྱུངམ་ཨིན་པས།

བུམ་ཐང་རྫོང་ཁག་ནང་ལུ་འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱི་ཡིག་ཚང་འགོ་འབྱེད་འབད་ཡོདཔ།

ཡིག་ཚང་འགོ་འབྱེད་ཀྱི་དོན་ལུ་མར་ཆང་གི་རྟེན་འབྲེལ་བརྩི་སྲུང་ཞུ་བའི་མཐོང་སྣང་།

Page 2: ས་ནམ་རིག་འཕེལ། · 2019. 1. 23. · ས་ནམ་རིག་འཕེལ། སྤྱི་ལོ་༢༠༡༤ སྤྱི་ཟླ་ ༣ པ་དང་

སྤྱི་ལོ་ ༢༠༡༤ སྤྱི་ཟླ་ ༣ པ་དང་ ༤ པ།

ཐོན་རིམ་ ༦༤ པ། ཤོག་གྲངས་ ༢/༤

འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱི་ཡིག་ཚང་དེ་ སྤྱི་ལོ་ ༢༠༠༠ གི་ལོ་ནང་ རྒྱུ་སྤུས་ཚད་འཛིན་དང་ཁྲིམས་དོན་ལས་གཡོག་སྦེ་ སྒོ་ཕྱེ་ཚར་བའི་ཤུལ་ལས་ ལཱ་བཤུལ་སྦོམ་བཏོན་ཡོད་པའི་ཁར་ ཡིག་ཚང་དེའི་ཁ་ཐུག་ལས་ དུས་ཡུན་ཐུང་ཀུ་ཅིག་གི་རིང་ལུ་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་དེ་ ཡར་རྒྱས་ཅན་ཅིག་དང་ གྲུབ་འབྲས་ཡོདཔ་སྦེ་གཞི་བཙུགས་འབད་དེ་ཡོདཔ་ཨིན་མས། ད་རེས་ ང་བཅས་རའི་ལུང་ཕྱོགས་

ནང་ལུ་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱི་ཡིག་ཚང་དེ་ དཔེ་བལྟ་བཏུབ་ཅིག་སྦེ་གཞི་བཙུགས་འབད་ཡོདཔ་མ་ཚད་ ཡིག་ཚང་དེ་ འཇོན་ཐངས་ཅན་ཅིག་དང་ འབྲུག་རྒྱལ་གཞུང་དང་རྒྱལ་ཁབ་ལུ་ ཕྱག་ཞབས་ཏོག་ཚུ་ འཐུས་ཤོར་མེད་པར་ཞུ་ཚུགས་པའི་ཡིག་ཚང་ཅིག་སྦེ་ཡོདཔ་ཨིན་པའི་གནས་ཚུལ།

གཟང་ཁར་སློབ་གྲྭ་ཆུང་བའི་ནང་སློབ་གྲྭའི་སོ་ནམ་དང་ཟས་བཅུད་ཀྱི་ལས་འགུལ་འགོ་འབྱེད།

ཕ་ཝཱན་ལས་གླང་ག་སྦིས་ཚུན་གྱི་སོ་ནམ་ཞི་ལམ་བཟོ་སྐྲུན་འགོ་འབྱེན་གྱི་དོན་ལུ་ས་གནས་ནང་བྱོན་པའི་བསྒང་།

སོ་ནམ་བློན་པོ་མཆོག་ལྷུན་རྩེ་རྫོང་ཁག་འོག་གི་གཟང་ཁར་སློབ་གྲྭ་ཆུང་བ་ནང་ལུ་གཟིགས་སྐོར་གནང་ཡོདཔ།སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་རྡོ་རྗེ་མཆོག་གིས་ སྤྱི་ལོ་ ༢༠༡༤ སྤྱི་ཟླ་ ༤ པའི་ཚེས་ ༩ ལུ་ ལྷུན་རྩེ་རྫོང་ཁག་ རྒྱ་རས་རྒེད་འོག་གི་ གཟང་ཁར་སློབ་གྲྭ་ཆུང་བ་ནང་ལུ་ སློབ་གྲྭའི་སོ་ནམ་དང་ཟས་བཅུད་ཀྱི་ལས་རིམ་དེ་འགོ་འབྱེད་མཛད་གནང་ཡོདཔ་ཨིན། མི་རྗེ་སོ་ནམ་བློན་པོ་མཆོག་གིས་ དེ་ནང་འཛོམས་མི་སློབ་དཔོན་དང་སློབ་ཕྲུག་ཚུ་ལུ་ གསུངས་མི་ནང་ སློབ་ཕྲུག་ཚུ་གིས་ དཔེ་ཆ་ལེགས་ཤོམ་སྦེ་ལྷབ་ནིའི་དོན་ལུ་ ཁོང་གི་ཟས་བཅུད་དེ་ ཁག་ཆེ་ཟེར་ཨིནམ་དང་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ཁ་ཐུག་ལས་ སློབ་ཕྲུག་ཚུ་གི་ཟད་བཅུད་ལང་ཚུགསཔ་སྦེ་ཐོབ་ནིའི་དོན་ལུ་ བདུན་ཕྲག་རེ་ནང་ སློབ་ཕྲུག་རེ་ལུ་ སྒོང་དོ་གསུམ་རེ་བྱིན་ནི་ཨིན་ཟེར་ཨིན་པས། དུས་ཅི་གི་ལོ་ནང་ མི་དབང་མངའ་བདག་རིན་པོ་ཆེ་ འབྲུག་རྒྱལ་བཞི་པ་དཔལ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་ དགུང་ལོ་ ༦༠ བཞེས་པའི་ འཁྲུངས་སྐར་གྱི་དུས་སྟོན་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ ལས་རིམ་དེ་འགོ་འབྱེད་གནང་ཡོདཔ་ཨིན་པའི་གནས་ཚུལ།

ལྷུན་རྩེ་རྫོང་ཁག་གི་བཙན་ཁར་དང་སྨན་སྦིས་རྒེད་འོག་ནང་ལུ་སོ་ནམ་ཞིང་ལམ།

Page 3: ས་ནམ་རིག་འཕེལ། · 2019. 1. 23. · ས་ནམ་རིག་འཕེལ། སྤྱི་ལོ་༢༠༡༤ སྤྱི་ཟླ་ ༣ པ་དང་

སྤྱི་ལོ་ ༢༠༡༤ སྤྱི་ཟླ་ ༣ པ་དང་ ༤ པ།

ཐོན་རིམ་ ༦༤ པ། ཤོག་གྲངས་ ༣/༤

སྒོར་འགཱན་གྱི་སོ་ནམ་ཞིང་ལམ་བཟོ་བསྐྲུན་གྱི་འགོ་འབྱེད་དོན་ལུ་མར་ཆང་རྟེན་འབྲེལ།

བློན་པོ་དང་བཀྲ་ཤིས་གཡང་རྩེ་རྫོང་བདག་གིས་ཆུ་གཡུར་གྱི་ལས་འགུལ་འགོ་འབྱེད་མཛད་ཡོདཔ།

བློན་པོ་གིས་ཞིང་ལམ་བཟོ་བསྐྲུན་གྱི་འགོ་འབྱེད་མཛད་པའི་བསྒང་།

བཀྲ་ཤིས་གཡང་རྩེ་ལུ་ཁམས་དྭངས་ཞིང་ཆུའི་ཆུ་གཡུར་འགོ་འབྱེད་གནང་ཡོདཔ།

སྤྱི་ལོ་ ༢༠༡༤ སྤྱི་ཟླ་ ༤ པའི་ཚེས་ ༩ ལུ་ སོ་ནམ་དང་ནགས་ཚལ་བློན་པོ་མཆོག་དང་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་འགོ་དཔོན་ཚུ་གིས་ ལྷུན་རྩེ་རྫོང་ཁག་ནང་ལུ་ ཕ་ཝཱན་ལས་བླཱན་ག་སྦིས་ཚུན་དང་ སྒོར་འགཱན་གྱི་སོ་ནམ་ཞིང་ལམ་སེལ་ནིའི་འགོ་འབྱེད་མཛད་དེ་ཡོདཔ་ཨིན་མས། བཙན་ཁར་རྒེད་འོག་ནང་ལུ་སེལ་ནི་ཨིན་པའི་ ཕ་ཝཱན་ལས་བླཱན་ག་སྦིས་ཚུན་གྱི་སོ་ནམ་ཞིང་ལམ་དེ་གིས་ བླཱན་ག་སྦིས་ ཏོག་ཙལ་ལུང་ ལེའུ་ཅན་ ཏོང་ཕུ་སྒང་དང་གཙོ་ཅན་གྱི་གཡུས་ཚན་ལྔ་ལུ་ཕན་ཐོགས་བྱུང་ནི་ཨིནམ་དང་ ཞིང་ལམ་དེ་གིས་ གཙང་ཁར་རྒེད་འོག་ལས་ ཕ་ཝཱན་ཚུན་ལུ་ ཧ་ལམ་ཀི་ལོ་མི་ཀྲར་ ༢༦ དེ་ཅིག་གི་ལམ་རྒྱང་ཐག་ཐུང་ཀུ་བཟོ་ཚུགས་ནི་ཨིན་པས།

ད་རུང་དེ་བཟུམ་སྦེ་ བློན་པོ་དང་འགོ་དཔོན་ཚུ་གིས་ སྤྱི་ཚེས་ ༡༠/༤/༢༠༡༤ ལུ་ སྨིན་སྦིས་རྒེད་འོག་ནང་ལུ་ རིང་ཚད་ཀི་ལོ་མི་ཀྲར་ ༡.༥ འབད་མི་ སྒོར་འགཱན་གྱི་སོ་ནམ་ཞིང་ལམ་སེལ་ནི་དེ་ཡང་སེལ་ནིའི་འགོ་འབྱེད་མཛད་གནང་ནུག སོ་ནམ་ཞིང་ལམ་དེ་གིས་ རྒེད་འོག་དེ་ནང་གི་ཁྱིམ་གུང་པ་ ༡༦ ལུ་ཕན་ཐོགས་བྱུང་ནི་ཨིན་པས། སོ་ནམ་ཞིང་ལམ་དེ་ལས་བརྟེན་ ཁོང་གཡུས་སྒོ་གི་མི་སེར་ཚུ་ ཕར་ཚུར་འགྲོ་འགྲུལ་ཐབས་ནི་ལུ་ཕན་ཐོགས་བྱུང་ནི་ཨིན་པའི་ཁར་ སོ་ནམ་གྱི་འཕྲུལ་ཆས་ཚུ་ ལག་ལེན་འཐབ་ནི་ལུ་ཡང་སྟབས་བདེ་ནི་དང་ སོ་ནམ་ཚོང་འབྲེལ་གྱི་གོ་སྐབས་བཟོ་ནི་ལུ་ཡང་ཕན་ཐོགས་སྦོམ་བྱུང་ནི་ཨིན་པའི་གནས་ཚུལ།

མི་རྗེ་སོ་ནམ་དང་ནགས་ཚལ་བློན་པོ་མཆོག་གིས་ སྤྱི་ལོ་ ༢༠༡༤ སྤྱི་ཟླ་ ༤ པའི་ཚེས་ ༦ ལུ་ ཚབཀྲ་ཤིས་གཡང་རྩེ་རྫོང་ཁག་ ཁམས་དྭངས་རྒེད་འོག་ནང་ལུ་ བུ་གཡང་ཆུ་གཡུར་དེ་འགོ་འབྱེད་མཛད་གནང་ཡོདཔ་ཨིན།

ཆུ་གཡུར་དེ་ སྤྱི་ལོ་ ༡༩༧༤ གི་ལོ་ལུ་ འབྲུག་པའི་མི་སེར་ཚུ་ སོ་ནམ་གྱི་ཐོག་ལས་ འཚོ་བ་རང་འགོ་རང་འདྲོངས་བཟོ་ནིའི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་འབྲུག་རྒྱལ་བཞི་པ་ དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གིས་ འགོ་འདྲེན་གནང་ཐོག་ལས་ དེང་སང་གི་ལས་འགུལ་གཅིག་སྦེ་གཞི་བཙུགས་མཛད་གནང་སྟེ་ཡོདཔ་དང་ ཆུ་གཡུར་དེ་ སྤྱི་ལོ་ ༢༠༡༢ གི་ལོ་ནང་ ཉམས་གསོ་སྦོམ་སྦེ་ཞུ་ཡོདཔ་ཨིན་མས། དེ་བཟུམ་གྱི་ཆུ་གཡུར་དེ་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ལུ་སྦོམ་ཤོས་ཅིག་ཨིན་མས། ཆུ་གཡུར་དེ་ལས་བརྟེན་ ཡོངས་བསྡོམས་ སྤྱི་འོག་བཞི་ནང་ལུ་ ཁྱིམ་གུང་པ་ ༧༠༠ དེ་ཅིག་ལུ་ཕན་ཐོགས་བྱུང་ནི་ཨིནམ་དང་ ཞིང་ཆུའི་དཀའ་ངལ་ལས་བརྟེན་བཟའ་སྤྱོད་མ་འབད་བར་བཞག་ཡོད་པའི་ སོ་ནམ་གྱི་ས་ཞིང་

Page 4: ས་ནམ་རིག་འཕེལ། · 2019. 1. 23. · ས་ནམ་རིག་འཕེལ། སྤྱི་ལོ་༢༠༡༤ སྤྱི་ཟླ་ ༣ པ་དང་

སྤྱི་ལོ་ ༢༠༡༤ སྤྱི་ཟླ་ ༣ པ་དང་ ༤ པ།

ཐོན་རིམ་ ༦༤ པ། ཤོག་གྲངས་ ༤/༤

འབྲེལ་བ་འཐབ་སའི་ཁ་བྱང་།བརྡ་དོན་དང་བརྒྱུད་འབྲེལ་ལས་གཡོག། སོ་ནམ་དང་ནགས་ཚལ་ལྷན་ཁག།འགྲེམ་སྒྲོམ་ཨང་ ༡༠༩༥། འབྲུག་ཐིམ་ཕུག།བརྒྱུད་འཕྲིན་ཨང་: ༠༢-༣༢༣༧༦༥ / ༣༢༡༡༤༢ / ༣༢༢༨༥༥ / ༣༢༡༣༡༡ པར་འཕྲིན་ཨང་ ༠༢-༣༢༤༥༢༠གློག་འཕྲིན་ཁ་བྱང་: [email protected] or [email protected] or [email protected] ཡོངས་འབྲེལ་འཆར་སྒོ་: www.moaf.gov.bt བཟོ་བཀོད་པ་ ཨཱ་ནིལ་ཐ་པ།

གསོལ་འདེབས།ས་ནམ་རིག་འཕེལ་གྱི་ དུས་དེབ་འདི་ནང་ རང་སོའི་དམིགས་བསལ་གྱི་གྲོས་འཆར་དང་ ཕན་ཐོགས་ཅན་གྱི་བསམ་འཆར་རེ་བཀོད་ནིའི་ཐུགས་བཞེད་ཡོད་མི་ཚུ་གིས་ སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ བརྡ་དོན་དང་བརྒྱུད་འབྲེལ་ལས་གཡོག་གི་ཡིག་ཚང་ནང་ ལས་རིམ་མདོ་ཆེན་དང་ཅིག་ཁར་ འབྲེལ་བ་མཛད་གན=ང་ཟེར་ ཞུ་ནི་ཨིན།

ཨེ་ཀར་ ༢༣༠༨ དེ་ཅིག་ ལུ་ཕན་ཐོགས་སྦོམ་བྱུང་ཚུགས་ནི་ཨིན་པས།

སོ་ནམ་བློན་པོ་གིས་གསུངས་མི་ནང་ ཆུ་གཡུར་དེ་གལ་ཅན་གཅིག་ཨིནམ་ལས་ འབྲུག་རྒྱལ་གཞུང་གི་ཁ་ཐུག་ལས་ འཆར་གཞི་བཅུ་གཅིག་པའི་ནང་ལུ་ དངུལ་ཀྲམ་ས་ཡ་ ༡༦ དེ་ཅིག་ཉམས་གསོའི་དོན་ལུ་ཟད་ཟད་འགྲོ་བཏང་ཡོད་ཟེར་གསུངས་གནང་ཡི། ད་རུང་བློན་པོ་གིས་ ཆུ་གཡུར་དེ་ ཁོ་ལོང་ཆུ་གློག་མེ་ལས་འགུལ་གཞི་བཙུགས་དང་འབྲེལ་ཉམས་གསོ་ཞུ་སྟེ་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་གིས་ རང་སོའི་སོ་ནམ་གྱི་ཐོན་སྐྱེད་ཚུ་བཙོང་ཐོག་ལས་ འོང་འབབ་ལེགས་ཤོམ་སྦེ་བཟོ་ཚུགས་པའི་གོ་སྐབས་ཡོད་ཟེར་ཨིན་མས། སོ་ནམ་བློན་པོ་མཆོག་གིས་ མི་དབང་མངའ་བདག་རིན་པོ་ཆེ་འབྲུག་རྒྱལ་བཞི་པ་མཆོག་གིས་ མཁྱེན་རྒྱ་ཆེ་བའི་དབུ་ཁྲིད་བཟང་པོའི་ཐོག་ལས་ དེ་བཟུམ་གྱི་ཕྱག་བཤུལ་བཏོན་གནང་མི་ལུ་ མི་སེར་ཚུ་གི་ཁ་ཐུག་ལས་ གུས་བཏུད་དང་བཅས་པའི་བཀའ་དྲིན་དགའ་ཚོར་ཡང་ཞུ་ཡོདཔ་ཨིན། བློན་པོ་གིས་ ཁོང་ས་གནས་ཀྱི་མི་སེར་ཚུ་ལུ་ སོ་ནམ་གྱི་འཕྲུལ་ཆས་ཚུ་ གླ་ཆ་མར་ཕབ་ཀྱི་ཐོག་ལས་ ལེན་ཚུགས་པའི་སྐོར་ལས་གསུངས་གནང་པའི་ཁར་ ཁོང་གི་སོ་ནམ་ཐོན་སྐྱེད་ཚུ་ ལཱ་ཁག་སྦེ་ཁྲོམ་ཁར་ལུ་སྐྱེལ་འདྲེན་འབད་མ་དགོ་པར་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ངོས་འཛིན་འབད་དེ་ཡོད་པའི་ ས་ཁོངས་ཚུ་ནང་ལས་བསྡུ་ལེན་འབད་འོང་ཟེར་གསུངས་གནང་ཡི། ཆུ་གཡུར་འགོ་འབྱེད་ཀྱི་ལས་རིམ་ནང་ལུ་ རྫོང་ཁག་གི་དྲག་ཤོས་རྫོང་

བདག་གིས་གཙོས་པའི་གཞན་འགོ་དཔོན་ཚུ་དང་ ས་གནས་ཀྱི་མི་སེར་ དེ་ལས་ སོ་ནམ་དང་ནགས་ཚལ་ལྷན་ཁག་ནང་ལས་འབྲེལ་ཡོད་འགོ་དཔོན་ཚུ་གིས་བཅའ་མར་གཏོགས་ཡོདཔ་ཨིན་མས། ཁམས་དྭངས་ཆུ་གཡུར་ལས་འགུལ་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་འབྲུག་རྒྱལ་བཞི་པ་མཆོག་ དགུང་ལོ་ ༦༠ བཞེས་ནི་ཨིན་པའི་འཁྲུངས་སྐར་དུས་ཆེན་བརྩི་སྲུང་གི་ལས་རིམ་དང་ མི་དབང་མཆོག་ལུ་ གུས་བཏུད་ཞུ་ནིའི་ལས་རིམ་ཅིག་སྦེ་འགོ་འབྱེད་འབད་ཡོད་པའི་གནས་ཚུལ།

ཆུ་གཡུར་ཞིབ་དཔྱད་གནང་པའི་བསྒང་།

གནས་ཚུལ་བསྡུ་ལེན་དང་པར་ བཀྲ་ཤིས་དབྱངས་འཛོམས།

སྐར་བསྒྱུར་འབད་མི་ དཔལ་འབྱོར།